མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་ནང་ཕྱི་རྒྱལ་གྱི་གསར་འགོད་པ་ཇེ་ཉུང་དང་དམ་དྲག་ཇེ་ཆེ་ཡིན་པའི་སྙན་ཐོ་བཏོན།

བོད་ཀྱི་དུས་བབ།
༢༠༢༢/༠༡/༣༡
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་པེ་ཅིན་དུ་དགུན་དུས་ཨོ་རྩེད་འཚོག་རྒྱུར་ཉིན་གྲངས་ ༣ ཙམ་ལས་མེད་པའི་དུས་འདིར་རྒྱ་ནག་ནང་ཡོད་པའི་ཕྱི་རྒྱལ་གྱི་གསར་འགོད་མཐུན་ཚོགས་(FCCC)ནས་གསར་འགྱུར་ལས་རིགས་གཉེར་མཁན་ཚོར་འཇིགས་སྐུལ་དང་དམ་དྲག་སྔར་ལྷག་བྱེད་བཞིན་ཡོད་པའི་སྙན་ཐོ་ཞིག་འགྲེམས་སྤེལ་བྱས་ཡོད་འདུག

Foreign journalists have seen a rapid decline in media freedom in China

དེ་རིང་རྒྱ་ནག་ཏུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་གསར་འགོད་པ་མཉམ་འདུས་ཀྱི་རྒྱལ་ཕྱིའི་གསར་འགོད་མཐུན་ཚོགས་ (Foreign Correspondents’ Club of China, FCCC) ངོས་ནས་རྒྱ་ནག་ནང་གསར་འགྱུར་ལས་རིགས་གཉེར་བཞིན་པའི་ཕྱི་རྒྱལ་གྱི་གསར་འགོད་པ་རྣམས་ཀྱི་གནས་སྟངས་སྐོར་གྱི་ལོ་འཁོར་སྙན་ཐོ་ཞིག་བཏོན་པའི་ནང་། སྔར་དང་བསྡུར་ན་རྒྱ་ནག་ནང་ཕྱི་རྒྱལ་གྱི་གསར་འགོད་པ་རྦད་དེ་ཇེ་ཉུང་དུ་སོང་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་སྔར་མུས་བཞིན་གསར་འགོད་པ་རྣམས་ལ་ཐབས་ལམ་སྣ་ཚོགས་བརྒྱུད་འཇིགས་སྐུལ་དང་ཚོད་འཛིན་བྱེད་ཀྱིན་ཡོད་སྐོར་འཁོད་འདུག

ཚོགས་མི་ ༡༩༢ ལྷག་ཡོད་པའི་གསར་འགོད་མཐུན་ཚོགས་ཀྱི་གསར་འགོད་པ་ ༡༢༧ ལ་བཅར་འདྲི་དང་རྒྱུས་ལོན་བྱས་ཏེ་བཏོན་པའི་སྙན་ཐོ་དེའི་ནང་། རྒྱ་ནག་གཞུང་གིས་སྔར་བཞིན་ཕྱི་རྒྱལ་གྱི་གསར་འགོད་པ་དང་། ཁོ་ཚོའི་རྒྱ་རིགས་ལས་རོགས། དེ་བཞིན་བཅར་འདྲི་བྱ་ཡུལ་གྱི་མི་སྣ་བཅས་ལ་འཇིགས་སྐུལ་བྱ་རྒྱུའི་ཐབས་ལམ་གསར་པ་འཚོལ་གྱིན་འདུག དཔེར་ན་དྲ་ལམ་དང་ཡང་ན་གདོང་གཏུགས་ནས་སྡིགས་ར་སྐུལ་བ་དང་། ཁ་པར་དང་གློད་ཀླད་ལ་དྲ་ལམ་འཇབ་རྒོལ་བྱེད་ཐབས་བཅས་རེད། ཅེས་དང་། དེ་སྔ་རྒྱ་ནག་གཞུང་གིས་ཕྱིའི་གསར་འགོད་པར་འཇིགས་སྐུལ་བྱེད་ཐབས་གཙོ་བོ་དེ་ཐོངས་མཆན་མི་སྤྲོད་པ་དང་། ཐོངས་མཆན་སྤྲད་ནའང་གསར་འགོད་གཉེར་ཆོག་པའི་ལག་འཁྱེར་མི་སྤྲོད་པའམ་དུས་ཡུན་ཉུང་འཕྲི་བྱེད་པ་སོགས་ཡིན་ནའང་། འདས་པའི་ལོ་གཅིག་ནང་རྒྱ་ནག་གཞུང་གིས་རྒྱལ་ཁབ་བདེ་འཇགས་ཀྱིས་མཚོན་པའི་ཁྲིམས་གཞི་འདྲ་མིན་གྱི་འོག་ནས་གསར་འགོད་པར་སྡིགས་ར་སྐུལ་གྱི་ཡོད་སྐོར་བརྗོད་འདུག་ལ། རྒྱ་ནག་ཏུ་གསར་འགོད་གཉེར་རྒྱུ་དེ་སྡུག་བསྔལ་ཞིག་ཡིན་པའི་སྡོམ་བརྒྱབ་ཡོད་འདུག

རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་གསར་འགོད་པ་རྣམས་ལ་ཁྲིམས་ཡིག་གི་མིང་ཐོག་ནས་འཇིགས་སྐུལ་བྱ་རྒྱུའི་ཐབས་ཇུས་དེ་ཉིད། ཐོག་མར་ཕྱི་ལོ་ ༢༠༢༠ ལོར་རྒྱ་ནག་གི་གཞུང་འབྲེལ་རྒྱ་ནག་གོ་ལའི་བརྙན་འཕྲིན་ཁང་(CGTN) དུ་གསར་འགྱུར་སྙན་སྒྲོན་པའི་ལས་ཀ་གཉེར་བཞིན་པའི་ཨོ་གླིང་གི་མི་སེར་ཡིན་པ་རྒྱ་རིགས་ཁྲེང་ལེ་(Cheng Lei) ལ་རྒྱལ་ཁབ་ཀྱི་གསང་བའི་གནས་ཚུལ་ཕྱི་ལ་མཁོ་སྤྲོད་བྱས་པའི་ཉེས་མིང་བཙུགས་ཏེ་འཛིན་བཟུང་བཀག་ཉར་བྱས་པ་དང་། དེ་བཞིན་ཨ་རིའི་བྷུ་ལམ་སྦག་(Bloomberg News) གསར་ཁང་གི་གསར་འགོད་པ་ཧ་ཙེ་ཧྥན་(Haze Fan) ལ་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་གཞིའི་བྱ་བ་བརྩམས་པའི་དོགས་གཞིའི་འོག་འཛིན་བཟུང་བྱས་ཡོད་པ་རེད། དེར་བརྟེན་ཕྱིའི་གསར་ཁང་རྣམས་ཀྱིས་རང་གི་ས་གནས་གསར་འགོད་པ་རྣམས་ཀྱི་བདེ་འཇགས་ཀྱི་ཆེད་དུ། ཉེན་ཁའི་སྐབས་ཉེན་ཡོལ་འགྲོ་བའི་ལམ་ཁ་གྲ་སྒྲིག་བྱས་ཡོད་ཅིང་། འདས་པའི་ལོ་གཅིག་གཉིས་ནང་རྒྱ་ནག་ནང་གསར་འགོད་བྱ་བ་གཉེར་བཞིན་པའི་གསར་འགོད་པ་རྣམས་ཧོང་ཀོང་དང་། ཐའེ་ཝན། ཨོ་གླིང་བཅས་ནང་གནས་སྤོས་བྱས་ཡོད་པ་རེད་འདུག

ཊོམ་ཕུ་སྲིད་གཞུང་སྐབས་ཨ་རི་དང་རྒྱ་ནག་གཉིས་ཀྱིས་ཕན་ཚུན་གྱི་གསར་འགོད་པ་རྣམས་ལ་ཚོད་འཛིན་དང་། སྐབས་འགར་ཕྱིར་འབུད་བཏང་བའི་གནས་ཚུལ་བྱུང་ཡོད་པ་རེད། དེ་ཡང་ཕྱི་ལོ་ ༢༠༢༠ ལོར་ཊོམ་ཕུ་སྲིད་གཞུང་གིས་ཨ་རིའི་ནང་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་འབྲེལ་གསར་ཁང་སྐོར་ཞིག་གི་གསར་འགོད་པའི་གྲངས་འབོར་ཉུང་འཕྲི་དགོས་པ་སོགས་ཀྱི་ཚད་བཀག་བཟོས་པ་དེར་ཡ་ལན་གྱི་ཚུལ་དུ། རྒྱ་ནག་གཞུང་གིས་ཨ་རིའི་སྒེར་གཉེར་གསར་ཁང་ཆེ་གྲས་ནེའུ་ཡོག་དུས་བབ་ (New York Times) དང་ཝ་ཤིང་ཊོན་ཆ་འཕྲིན་ (The Washington Post)། ཝོལ་སི་ཏྲིཊ་གསར་ཁང་ (The Wall Street Journal) བཅས་ཀྱི་རྒྱ་ནག་ནང་གི་ས་གནས་གསར་འགོད་པ་རྣམས་ཕྱིར་འབུད་བཏང་ཡོད་ཅིང་། ལོ་དེར་ཁྱོན་བསྡོམས་ཨ་རིའི་གསར་ཁང་གི་གསར་འགོད་པ་ ༡༨ རྒྱང་ཕུད་བཏང་ཡོད་འདུག

ཐེངས་འདིའི་སྙན་ཐོའི་ཆེད་བཅར་འདྲིར་ལན་འདེབས་བྱེད་མཁན་གསར་འགོད་པ་གསུམ་ཆ་གཅིག་ལྷག་གིས་རང་གིས་སྤེལ་བའི་གནས་ཚུལ་གྱི་རྐྱེན་པས་དྲ་ལམ་ནས་དམོད་ཚིག་གཟེད་དགོས་པ་བྱུང་ཡོད་པ་དང་། ཡང་སྐོར་ཞིག་ལ་གཞུང་གི་ལས་བྱེད་དང་། གནས་ཚུལ་མཁོ་སྤྲོད་པས་ཁྲིམས་ཐོག་ནས་གྱོད་བཙུགས་པའི་གནས་ཚུལ་བྱུང་ཡོད་འདུག དེ་ཡང་དབྱིན་ཡུལ་གྱི་བྷི་བྷི་སི་གསར་ཁང་གི་གསར་འགོད་པ་ཇོན་སུཌ་ཝོ་ཐི་ (John Sudworth) ཡིས་ཤིན་ཅང་ནང་གི་ཡུ་གུར་མི་རིགས་སྐོར་ནས་གནས་ཚུལ་ཕོན་ཆེན་བྲིས་པའི་རྒྱུ་མཚན་གྱིས་དྲ་ལམ་དང་ཁྲིམས་ཐོག་ནས་འཇིགས་སྐུལ་མང་པོ་བྱས་ཡོད་པར་བརྟེན། ཁོ་པ་ནང་མི་དང་བཅས་པ་ཐའེ་ཝན་ལ་གནས་སྤོ་བྱ་དགོས་ཁེལ་ཡོད་འདུག་ལ། རྒྱ་ནག་གི་གནམ་ཐང་ནས་མ་ཐོན་བར་དུ་ཁོ་པར་སྒྲིག་ཆས་གྱོན་མེད་པའི་ཉེས་རྟོག་པ་ཞིག་གིས་རྗེས་འདེད་བཏང་ཡོད་འདུག

The 2022 Beijing Olympic Games’ main media center.
PHOTO: CARL COURT/GETTY IMAGES

སྙན་ཐོ་འདི་ཉིད་པེ་ཅིན་གྱི་དགུན་དུས་ཨོ་ལིམ་པིག་རྩེད་འགྲན་འཚོག་ལ་ཉེ་བའི་སྐབས་འདིར་ཐོན་ཡོད་ཅིང་། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་གསར་འགོད་པ་རྣམས་ཨོ་རྩེད་ཀྱི་གནས་ཚུལ་འགོད་རྒྱུར་དགའ་བསུ་ཞུ་ཡི་ཡོད་སྐོར་བསྒྲགས་ཡོད་ནའང་། ཟླ་འདིའི་ཕྱི་ཚེས་ ༢༠ ཉིན་ཨ་རིིའི་ཝ་ཤིང་ཊོན་ཆ་འཕྲིན་གྱིས་གནས་ཚུལ་ཞིག་སྤེལ་བའི་ནང་། འདི་ལོར་ཕྱིའི་གསར་འགོད་པ་རྣམས་ཨོ་རྩེད་ཀྱི་ཆེད་དུ་རྒྱ་ནག་ཏུ་སྐྱོད་སྐབས་རང་གི་རྒྱུན་སྤྱོད་གློག་ཀླད་དང་ཁ་པར་གྱི་ཚབ་ཏུ། འཕྲལ་སེལ་གྱི་ཁ་པར་དང་གློད་ཀླད་གསར་པ་བེད་སྤྱོད་བྱ་རྒྱུ་ཡིན་སྐོར་བརྗོད་འདུག་ཅིང་། རྒྱ་ནག་གཞུང་གིས་ཁོ་ཚོའི་ཁ་པར་དང་གློག་ཀླད་ནང་དྲ་འབུ་བླུགས་ཏེ་གསང་མྱུལ་བྱ་སྲིད་པའི་ཉེན་ཁ་ཡོད་པ་རེད་འདུག

དེ་བཞིན་རྒྱ་ནག་གཞུང་གིས་ཨོ་རྩེད་སྐབས་ཏོག་དབྱིབས་གཉན་རིམས་འགོག་སྡོམ་ལ་ཁ་གཡར་ཏེ་གསར་འགོད་པ་རྣམས་ལའང་བཀག་སྡོམ་ཆེན་པོ་བྱེད་བཞིན་ཡོད་འདུག དེ་ཡང་ཨོ་ལིམ་པིག་སྒྲིག་འཛུགས་དང་རྒྱ་ནག་གི་གོ་སྒྲིག་ཚོགས་ཆུང་གཉིས་ཀྱིས་གསར་འགོད་པ་དང་རྩེད་འགྲན་པ། ཕྱིའི་རྒྱལ་ཁབ་ཀྱིས་གཞུང་འབྲེལ་མི་སྣ་རྣམས་ཀྱིས་ཨོ་རྩེད་སྐབས་ལག་བསྟར་བྱ་དགོས་པའི་སྒྲིག་གཞི་ལམ་སྟོན་གྱི་དེབ་ཆུང་ཤོག་གྲངས་ ༨༤ ཅན་ཞིག་འགྲེལ་སྤེལ་བྱས་ཡོད་ཅིང་། དེའི་ནང་ཨོ་རྩེད་ཆེད་རྒྱ་ནག་ནང་སླེབས་མཁན་སྐྱེ་བོ་སུ་འདྲ་ཞིག་ཡིན་རུང་འགོག་ཁབ་བརྒྱབ་ཟིན་པའམ། ཡང་ན་རྒྱ་ནག་ཏུ་འབྱོར་རྗེས་ཉིན་གྲངས་ ༢༡ རིང་ཟུར་བཀག་ཏུ་འདུག་དགོས་པ། ཨོ་རྩེད་སྐབས་གསར་འགོད་པ་དང་རྩེད་འགྲན་པ། གཞུང་འབྲེལ་མི་སྣ་རྣམས་གོ་སྒྲིག་པའི་བཀོད་སྒྲིག་བྱས་པའི་ས་ཚིགས་ནས་བརྒལ་མི་ཆོག་པ་དང་། གཞུང་གིས་གོ་སྒྲིག་བྱས་པའི་མགྲོན་ཁང་དང་རྩེད་འགྲན་ར་བའི་བར་སྐྱོད་སྐབས་ཀྱང་པེ་ཅིན་ཨོ་ལིམ་པིག་རྩེད་འགྲན་གོ་སྒྲིག་ཚོགས་ཆུང་གི་བཀོད་སྒྲིག་བྱས་པའི་མོ་ཊའམ། རླངས་འཁོར། མེ་འཁོར་བཅས་ནང་མ་གཏོགས་གང་འདོད་དུ་འགྲོ་སྐྱོད་མི་ཆོག་པ་བཟོས་ཡོད་འདུག དེ་ཙམ་དུ་མ་ཟད་གསར་འགོད་པ་དང་རྩེད་འགྲན་པ། ཕྱི་རྒྱལ་གྱི་སྐུ་ཚབ་དབར་ལ་ཐུག་འཕྲད་ཀྱང་ཆོག་གི་མེད་པ་རེད་འདུག

འདས་ལོའི་ཕྱི་ཟླ་ ༡༡ པའི་ནང་རྒྱ་ནག་གི་ཕྱི་རྒྱལ་གསར་འགོད་པའི་མཐུན་ཚོགས་ཀྱིས། ད་ཐེངས་རྒྱ་ནག་གཞུང་གིས་རྒྱ་ནག་ཏུ་ཡོད་པའི་ཕྱིའི་གསར་འགོད་པ་རྣམས་ལ་ཨོ་ལིམ་པིག་གི་དཔལ་འབར་རྒྱ་ནག་ཏུ་འབྱོར་བའི་མཛད་སྒོ་ལྟ་བུའི་རིགས་ལ་བཀག་སྡོམ་བྱས་ཡོད་པ་མ་ཟད། འདས་པའི་ཟླ་ཁ་ཤས་ནང་གསར་འགོད་པ་ཚོ་ཨོ་ལིམ་པིག་གི་རྩེད་ར་ནང་ཡོང་དུ་མ་བཅུག་པའི་གནས་ཚུལ་བྱུང་འདུག གསར་འགོད་པ་འགའ་ཤས་ལ་གཞུང་འབྲེལ་མི་སྣས་སྡིགས་དམོག་དང་རྗེས་འདེད་བྱས་པའང་བྱུང་ཡོད་འདུག རྒྱ་ནག་གཞུང་གིས་ཚད་བཀག་དེ་དག་གཉན་རིམས་འགོག་སྡོམ་གྱི་ཆེད་དུ་ཡིན་སྐོར་འགྲེལ་བརྗོད་བྱས་ཡོད་ནའང་། གསར་འགོད་པ་རྣམས་ཀྱིས་དེ་ནི་རྒྱ་ནག་གཞུང་གིས་ཆེད་མངག་གསར་འགོད་པའི་བྱ་བར་སྟངས་འཛིན་དང་བར་ཆད་བཟོ་ཆེད་ཡིན་སྐོར་སྐྱོན་བརྗོད་བྱས་འདུག

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠
Mobile App

ཞི་ཅིན་ཕིན་ལ་བསུ་སྐྱེལ་བྱེད་མཁན་ཚོར་གླ་ཆ་སྤྲད་རྒྱུ་ཡིན་ཟེར།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese