མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་འགྲེམས་སྟོན་ཁང་དངོས་སུ་དབུ་འབྱེད་གནང་།

བོད་ཀྱི་དུས་བབ།
༢༠༢༢/༠༢/༠༩
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་རིག་གཞུང་ཚན་པ་དང་། བོད་ཀྱི་ལོ་རྒྱུས་ཚན་པ། ༧གོང་ས་མཆོག་གི་ཚན་པ། བཙན་འཛུལ་ཚན་པ། འགོག་རྒོལ་ཚན་པ། བྲོས་བྱོལ་ཚན་པ། བཙན་བྱོལ་ཚན་པ། དེང་རབས་བོད་ཀྱི་ཚན་པ། ཁོར་ཡུག་ཚན་པ། བོད་མི་ཞིག་ཡིན་པ་ཞེས་པའི་ཚན་པ་ཆེན་པོ་བཅུ་ལས་གྲུབ་པའི་བོད་ཀྱི་འགྲེམས་སྟོན་ཁང་གསར་པ་དབུ་འབྱེད་གནང་།

དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་གངས་ཅན་སྐྱིད་གཤོངས་ཀྱི་བོད་ཐོག་ཁང་ཆེན་མོའི་བོད་ཀྱི་འགྲེམས་སྟོན་ཁང་གསར་རྒྱག་གི་ལས་གཞི་ལེགས་གྲུབ་ཟིན་པ་དབུ་འབྱེད་གནང་བ་དང་འབྲེལ་ཁོང་གིས།  བོད་ཀྱི་འགྲེམས་སྟོན་ཁང་གི་གཞུང་འབྲེལ་དབུ་འབྱེད་དེ་སྲིད་སྐྱོང་ཟུར་པ་བློ་བཟང་སེང་གེ་ལགས་ཀྱིས་གནང་གྲུབ་ཟིན་པ་ཞིག་རེད། རྩ་བའི་ཆ་ནས་ཕྱོགས་སྒྲིག་བྱ་རྒྱུས་མཆོན་པའི་ལས་དོན་མང་ཆེ་བ་ཞིག་ཕྱི་ཟླ་ ༥ ནས་ཟིན་པ་རེད། ད་ལན་འགྲེམས་སྟོན་ཁང་གི་ལས་བྱེད་ངོས་ནས་བཀའ་ཤག་སྐབས་སྔ་མ་དང་ད་ལྟ་གཉིས་ཀ་ལ་ཐུགས་རྗེ་ཆེ་ཞུས་སོང་སྟེ། དྲང་པོ་བཤད་ན་བཀའ་ཤག་སྐབས་ ༡༦ པའི་ངོས་ནས་འདིའི་སྒང་ལ་དམིགས་བསལ་སྣོན་མ་བརྒྱབ་རྒྱུའི་བསམ་བློ་ཞེ་དྲགས་བཏང་མེད། གང་ཡིན་ཟེར་ན། ལས་རིམ་འདི་ ༢༠༡༧ ནས་མགོ་བཙུགས་ནས་ལོ་བཞི་ཙམ་འགྲོ་ཡི་ཡོད་སྟབས། ལས་རིམ་བང་བསྒྲིགས་བཞག་པ་དེར་འགྱུར་བ་བཏང་ན་ཏག་ཏག་ཅིག་འགྲིག་གི་མ་རེད་བསམ་པ་རེད་ལ། འདི་སྒོ་འབྱེད་རྒྱུའི་དུས་ལ་བབས་ཡོད་པ་རེད། ད་ལན་སྒོ་འབྱེད་རྒྱུའི་དུས་ཚོད་བསླེབས་པ་ཙམ་ལས། ལས་དོན་མང་ཆེ་བ་ཞིག་བཀའ་ཤག་སྐབས་སྔ་མའི་ལམ་སྟོན་དང་བཀོད་བྱུས་འོག་ནས་གྲུབ་པ་ཞིག་རེད། ཅེས་གསུངས་སོང་།

སྲིད་སྐྱོང་མཆོག་གིས་གསར་འགོད་པར། སྤྱིར་འགྲེམས་སྟོན་ཁང་གི་ཆེད་དུ་ལས་ཁུངས་ཀྱི་ཐོག་བརྩེགས་གཅིག་བཞག་ཡོད་པ་རེད། དེར་བརྟེན་དངོས་འབྲེལ་བྱས་ན་ཅ་ལག་མང་པོ་འཇོག་ཐུབ་པ་ཞིག་དགོས་པ་རེད། དེ་ནས་ཕོ་བྲང་གི་རྒྱབ་ལོགས་ལ་འགྲེམས་སྟོང་ཁང་གསར་པ་ཞིག་རྒྱག་གི་ཡོད་པ་དང་། དེའི་ནང་༧རྒྱལ་བ་རིན་པོ་ཆེ་མཆོག་གི་མཛད་པ་འཕྲིན་ལས་དང་ཕོ་བྲང་གི་ཡིག་ཚགས། དེ་བཞིན་༧རྒྱལ་བ་རིན་པོ་མཆོག་གིས་ཕྱག་རྟགས་བཞེས་པ་དང་ཁོང་གི་ཕྱག་དེབ་སོགས་ཆ་ཚང་བ་ཞིག་འགྲེམས་སྟོན་བྱ་རྒྱུ་ཡིན་པར་བརྟེན། ད་ལན་གྱི་འགྲེམས་སྟོན་ཁང་གསར་པ་འདིའི་ནང་ལྡབ་སྐྱོར་མི་དགོས་པར་མང་ཆེ་བ་ཆབ་སྲིད་ཀྱི་གནས་སྟངས་སྐོར་རེད། ཅེས་དང་། བཀའ་ཤག་སྐབས་སྔ་མའི་ཐོག་མའི་འཆར་གཞི་གཞིར་བཟུང་འགྲེམས་སྟོན་ཁང་གསར་པ་དེའི་ཆེད་དུ་དངུལ་གྲོན་མང་པོ་བཏང་བ་ལྟར། མ་འོངས་པར་ད་ཡོད་མཐུན་རྐྱེན་ཐོག་ཡང་བསྐྱར་མཐུན་རྐྱེན་གསར་སྐྲུན་གྱིས་ཡར་རྒྱས་གཏོང་ཐབས་གནང་རྒྱུ་ཡིན་སྐོར་དང་། བཞུགས་སྒར་ཕོ་བྲང་གི་གཙུག་ལག་ཁང་ཉེ་འཁྲིས་སུ་ཡོད་པའི་བོད་ཀྱི་འགྲེམས་སྟོན་ཁང་རྙིང་པ་དེ་རྦད་དེ་སྒོ་བརྒྱབ་རྒྱུ་ཡིན་སྐོར་གསུངས་སོང་།

བོད་ཀྱི་འགྲེམས་སྟོན་ཁང་གི་འགན་འཛིན་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་འགྲེལ་བརྗོད་གནང་བ་ལྟར་ན། ད་ལན་མི་མང་ལ་དངོས་སུ་སྒོ་འབྱེད་བྱས་པའི་བོད་མིའི་སྒྲིག་འཛུགས་ཀྱི་འགྲེམས་སྟོན་ཁང་འདིའི་ནང་བོད་དང་འབྲེལ་བའི་ཅ་དངོས་དང་འདྲ་པར། ཡིག་ཆ། བོད་མི་སྒེར་པ་རྣམས་ཀྱི་ལོ་རྒྱུས་བཅས་ལ་གཞི་བཞག་སྟེ། བོད་ཀྱི་ཉེ་རབས་ལོ་རྒྱུས་དང་བཙན་བྱོལ་ནང་གི་ལོ་རྒྱུས་གསལ་སྟོན་བྱས་ཡོད་པ་དང་། འགྲེམས་སྟོན་ཁང་འདིའི་ནང་སྤྱི་ཡོངས་ནས་བོད་ཀྱི་རིག་གཞུང་ཚན་པ་དང་། བོད་ཀྱི་ལོ་རྒྱུས་ཚན་པ། ༧གོང་ས་མཆོག་གི་ཚན་པ། བཙན་འཛུལ་ཚན་པ། འགོག་རྒོལ་ཚན་པ། བྲོས་བྱོལ་ཚན་པ། བཙན་བྱོལ་ཚན་པ། དེང་རབས་བོད་ཀྱི་ཚན་པ། ཁོར་ཡུག་ཚན་པ། བོད་མི་ཞིག་ཡིན་པ་ཞེས་པའི་ཚན་པ་ཆེན་པོ་བཅུ་ལས་གྲུབ་པ་ཞིག་ཡིན་འདུག

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

tttt
༸གོང་ས་མཆོག གསར་འགྱུར།

ཚོགས་སྡེ་གཉིས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས། 

སྐར་མ ༢ སྔོན་ལ།
tibettimes
Mobile App

༸སྐུའི་གཅུང་པོ་མངའ་རིས་རིན་པོ་ཆེ་མཆོག་དགོངས་པ་རྫོགས་པར་གཞུང་འབྲེལ་མཆོད་འབུལ་སྨོན་ལམ་འཚོགས།

སྐར་མ ༡༨ སྔོན་ལ།
ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཕོ་བྲང་པོ་ཏ་ལར་གསེར་ཁྲི་མངའ་གསོལ་ཞུས་ཏེ་ལོ་ངོ་ ༨༦ འཁོར་བའི་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༢།༢༢ དུས་བབ་གསར་ཁང་གི་པར།
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གསེར་ཁྲིར་མངའ་གསོལ་ཞུས་ཏེ་ལོ་ངོ་ ༨༦ འཁོར་བའི་མཛད་སྒོ་འཚོགས།

ཆུ་ཚོད་ ༢༡ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་༧གོང་ས་མཆོག་ལ་ཕུལ་བའི་གཟེངས་རྟགས་ཁག

༢༠༢༦/༠༢/༢༢
བསམ་ཚུལ།

ཨ་མ་ངེད་གཉིས་ཀྱི་གླེང་མོལ།

༢༠༢༦/༠༢/༢༢
Mobile App

རྒྱལ་སྤྱིའི་ཕ་སྐད་ཉིན་མོ་སྲུང་བརྩི་དང་བོད་ཀྱི་སྐད་ཡིག་གི་གནས་བབ།

༢༠༢༦/༠༢/༢༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese