མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨུ་རུ་སུ་དང་ཡུ་ཀེ་རེན་བར་གྱི་གནས་སྟངས་ཛ་དྲག་ཆགས་ཡོད་འདུག

བོད་ཀྱི་དུས་བབ།
༢༠༢༢/༠༢/༢༢
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཨུ་རུ་སུའི་སྲིད་འཛིན་པུ་ཀྲིན་གྱིས་ཨུ་རུ་སུའི་རྒྱབ་རྟེན་ཡོད་པའི་ཁ་བྲལ་དམག་ཤོག་གི་དབང་འཛིན་འོག་ཡོད་པའི་ཡུ་ཀེ་རེན་གྱི་མངའ་ཁོངས་སུ་ཡོད་པའི་ཤར་བརྒྱུད་ས་ཁུལ་གཉིས་རང་བཙན་གྱི་རྒྱལ་ཁབ་ཏུ་ངོས་འཛིན་བྱས་རྗེས། ས་ཁུལ་དེ་གཉིས་ནང་ཞི་བདེ་སྲུང་སྐྱོབ་ཀྱི་ཆེད་དུ་ཨུ་རུ་སུའི་དམག་དཔུང་མངག་རྒྱུ་ཡིན་སྐོར་བསྒྲགས་ཏེ། འདས་པའི་ཟླ་གཉིས་ལྷག་རིང་ཨ་རིས་སྣེ་ཁྲིད་པའི་ནུབ་རྒྱ་མཚོའི་དམག་དོན་མནའ་འབྲེལ་རྒྱལ་ཁབ་(NATO)ཁག་དང་ཨུ་རུ་སུའི་དབར་གྱི་རྩོད་རྙོག་དེ་ཉིད་ཆེས་རྣོ་ངར་ཅན་དུ་གྱུར་ཡོད་འདུག

ཨུ་རུ་སུའི་སྲིད་འཛིན་པུ་ཀྲིན་གྱིས་བརྙན་འཕྲིན་བརྒྱུད། ངས་ཌོ་ནེ་སི་ཀི་མི་མང་སྤྱི་མཐུན་ (Donetsk People’s republic) དང་ལུ་ཧན་སི་ཀི་མི་མང་སྤྱི་མཐུན་(Lugansk People’s Republic) གཉིས་རང་བཙན་གྱི་རྒྱལ་ཁབ་ཏུ་ངོས་འཛིན་བྱ་རྒྱུའི་ཐག་གཅོད་བླངས་ཡོད་ལ། ཨུ་རུ་སུའི་གྲོས་ཚོགས་ངོས་ནས་ཀྱང་ཐག་གཅོད་དེར་རྒྱབ་སྐྱོར་བྱ་རྒྱུའི་རེ་སྐུལ་ཞུ་ཡི་ཡོད། ཅེས་དང་། ཡུ་ཀེ་རེན་གྱི་མགོ་ཁྲིད་ཚོས་འཕྲལ་དུ་དམག་འཐབ་ལས་དོན་རྣམས་མཚམས་འཇོག་བྱ་དགོས་པ་དང་། དེ་ལྟར་མ་བྱས་ཚེ། མི་གསོད་ཁྲག་སྦྱོར་གྱི་གནས་སྟངས་སུ་ལྷུང་སྲིད་པའི་འགན་འཁྲི་ཡོངས་རྫོགས་ཡུ་ཀེ་རེན་གྱིས་ལེན་དགོས་པའི་འཇིགས་སྐུལ་བྱས་འདུག་པ་མ་ཟད། ཡུ་ཀེ་རེན་དེ་ལོ་རྒྱུས་ཀྱི་སྟེང་ནས་ཨུ་རུ་སུའི་ས་ཁོངས་ཤིག་ཡིན་སྐོར་སོགས་བརྗོད་དེ་ཡུ་ཀེ་རེན་གྱི་རང་བཙན་གནས་བབ་དང་ས་ཁོངས་བདག་དབང་ལ་དོགས་སློང་བྱས་ཡོད་འདུག

ཕྱི་ལོ་ ༢༠༡༤ ནས་ཨུ་རུ་སུའི་རྒྱབ་རྟེན་ཡོད་པའི་ཁ་བྲལ་གྱེན་ལོག་ཤོག་ཁག་གི་དབང་འཛིན་འོག་ཡོད་པའི་ཤར་བརྒྱུད་ས་ཁུལ་གཉིས་ནང་ཨུ་རུ་སུའི་དམག་དཔུང་དངོས་སུ་ཞུགས་མགོ་བརྩམས་ཟིན་པ་མ་ཟད། ནུབ་གླིང་རྒྱལ་ཁབ་རྣམས་ཀྱིས་དེ་ནི་ཨུ་རུ་སུས་ཡེ་ཀེ་རེན་ལ་བཙན་འཛུལ་བྱ་རྒྱུའི་གོམ་པ་དང་པོ་དེ་ཡིན་པའི་ཚོད་དཔག་བྱེད་བཞིན་པ་ལྟར། དེ་རིང་ཡུ་ཀེ་རེན་གྱི་སྲིད་འཛིན་ཝོ་ལོ་ཌི་མིར་ཛེ་ལེན་སི་ཀི་ (Volodymyr Zelensky) གྱིས་བརྙན་ལམ་བརྒྱུད་ཡུལ་དེའི་མང་ཚོགས་ལ་། ཡུ་ཀེ་རེན་གྱིས་ཞི་བདེ་འདོད་ཀྱི་ཡོད་ནའང་། རང་གི་ཆ་ཤས་གཅིག་ཀྱང་གཞན་ལ་སྟེར་རྒྱུ་མིན་པ་མ་ཟད། དེར་འཇིགས་ཞུམ་རྩ་ནས་མེད་སྐོར་བསྒྲགས་ཡོད་ལ། ད་ལྟ་ཡུ་ཀེ་རན་གྱི་གྲོགས་པོ་ངོ་མ་དང་། ཨུ་རུ་སུར་མུ་མཐུད་ནས་ཚིག་ཙམ་གྱིས་འཇིགས་སྐུལ་བྱེད་མཁན་སུ་ཡིན་ཁྲུན་ཐག་གཅོད་པའི་དུས་སྐབས་གལ་ཆེན་ཞིག་ཡིན་ཞིང་། ད་ལྟའི་ཆར་ཡུ་ཀེ་རེན་ལ་རྒྱལ་སྤྱིའི་མཐུན་གྲོགས་རྣམས་ཀྱི་ཁ་ཞེ་གཉིས་མེད་ཀྱིས་རོགས་སྐྱོར་བྱ་དགོས་སྐོར་བརྗོད་ཡོད་འདུག

པུ་ཀྲིན་གྱི་ཐག་གཅོད་དེར་ཨ་རིས་འཕྲལ་དུ་ཡ་ལན་གྱི་ཚུལ་དུ། སྲིད་འཛིན་བྷའེ་ཌན་གྱིས་ཨ་རིའི་མི་སེར་སུ་རུང་གིས་ས་ཁུལ་དེ་གཉིས་ནང་མ་རྐང་འཛུགས་རྒྱུ་དང་ཚོང་འབྲེལ་གཉེར་རྒྱུ་སོགས་མཚམས་འཇོག་དགོས་པའི་འཛིན་སྐྱོང་བཀའ་ཁྱབ་ཅིག་བཏང་ཡོད་པ་མ་ཟད། གལ་ཏེ་ཨུ་རུ་སུས་དངོས་སུ་ཡུ་ཀེ་རེན་ལ་བཙན་འཛུལ་བྱས་ཚེ། དཔལ་འབྱོར་གྱི་ཉེས་ཆད་དེ་བས་ལྕི་བ་གཏོང་ངེས་ཡིན་སྐོར་གྱི་ཉེན་བརྡ་བཏང་ཡོད་འདུག་ལ། ནེ་ཊོའི་(NATO)ཁོངས་གཏོགས་དབྱིན་ཡུལ་གྱི་སྲིད་བློན་བྷོ་རི་སི་ཇོན་སན་(Boris Johnson) གྱིས་ཨུ་རུ་སུའི་བྱེད་སྟངས་དེ་ནི་ཡུ་ཀེ་རེན་གྱི་ས་ཁོངས་བདག་དབང་ལ་མངོན་གསལ་དོད་པོས་རྡོག་རོལ་དང་རྒྱལ་སྤྱིའི་ཁྲིམས་སྒྲིག་དང་རྒྱབ་འགལ་དུ་སོང་བ་ཞིག་ཡིན་སྐོར་སྐྱོན་བརྗོད་བྱས་འདུག དེ་བཞིན་ཡུ་རོབ་མཐུན་ཚོགས་དང་ཨོ་གླིང་གིས་མཚོན་པའི་ནུབ་གླིང་རྒྱལ་ཁབ་མང་པོས་ཨུ་རུ་སུར་སྐྱོན་བརྗོད་བྱས་ཡོད་པ་མ་ཟད། གནས་ཚུལ་བྱུང་མ་ཐག་ཡུ་ཀེ་རེན་གྱི་འབོད་སྐུལ་བཞིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལྷན་ཚོགས་(UN Security Council)ཀྱི་ཛ་དྲག་ཚོགས་འདུ་ཞིག་བསྐོངས་ཏེ། ཨུ་རུ་སུའི་སྐུ་ཚབ་ཀྱིས་གྲོས་མོལ་བརྒྱུད་ནས་གནས་སྟངས་ཞི་འཇགས་བྱ་རྒྱུར་འདོད་མོས་ཡོད་ནའང་། ད་ལྟའི་གནས་སྟངས་ཀྱི་འགན་ཡོངས་རྫོགས་ཡུ་ཀེ་རེན་ལ་ཡོད་སྐོར་བརྗོད་འདུག ཚོགས་ཁོངས་རྒྱལ་ཁབ་ཕལ་ཆེ་བས་ཨུ་རུ་སུར་སྐྱོན་བརྗོད་བྱས་འདུག་ཀྱང་། རྒྱ་ནག་གིས་ཕྱོགས་ཚང་མས་གནས་སྟངས་ཞི་འཇགས་ཡོང་རྒྱུར་འབད་དགོས་སྐོར་ལས། ཨུ་རུ་སུའི་ཐག་གཅོད་དེར་སྐྱོན་བརྗོད་བྱས་མེད་པ་རེད་འདུག

ཡུ་ཀེ་རེན་དང་ཨུ་རུ་སུའི་དབར་གྱི་རྩོད་རྙོག་དེ་ཕྱི་ལོ་ ༢༠༡༤ ལོ་ནས་མགོ་བརྩམས་པ་ཞིག་ཡིན་ནའང་། ད་ལན་གྱི་གནས་སྟངས་དེ་ཟླ་ ༤ ཙམ་གོང་ནས་ཛ་དྲག་ཏུ་གྱུར་བ་རེད། དེ་ཡང་འདས་ལོའི་ཕྱི་ཟླ་ ༡༡ ནང་ཨུ་རུ་སུས་ཡུ་ཀེ་རེན་གྱི་ས་མཚམས་ཉེ་འཁྲིས་སུ་དམག་དཔུང་འབུམ་ ༡ ལྷག་དང་གོ་མཚོན་ཕོན་ཆེན་འགྲེམས་འཇོག་བྱས་ཡོད་ཅིང་། དེར་ཡུ་ཀེ་རེན་དང་ཨ་རིས་གཙོས་པའི་ནུབ་གླིང་རྒྱལ་ཁབ་ཚོས་སྐྱོན་བརྗོད་དྲག་པོ་བྱས་པ་མ་ཟད། ཨུ་རུ་སུས་འཕྲལ་དུ་དམག་དཔུང་ཕྱིར་འཐེན་དགོས་པའི་སྐུལ་འདེད་བྱས་ཡོད་ནའང་། ཨུ་རུ་སུས་ནེ་ཊོས་ཡུ་རོབ་ཤར་མའི་ཁུལ་གྱི་དམག་དོན་བྱ་འགུལ་རྣམས་ཉུང་འཕྲི་བྱེད་དགོས་པ་མ་ཟད། ཡུ་ཀེ་རེན་ཚུད་པའི་སྔར་ཨུ་རུ་སུ་མཉམ་འབྲེལ་ (Soviet Union)གྱི་ཁོངས་གཏོགས་རྒྱལ་ཁབ་རྣམས་ནེ་ཊོའི་ནང་མི་འཇུག་རྒྱུའི་ཆ་རྐྱེན་བཏོན་ཡོད་ཅིང་། དེར་ནེ་ཊོས་ཁས་ལེན་བྱས་མེད་པ་མ་ཟད། གལ་ཏེ་ཨུ་རུ་སུས་ཡུ་ཀེ་རེན་ལ་བཙན་འཛུལ་བྱས་ཚེ་ཡ་ལན་ལྗིད་པོ་སློག་རྒྱུ་ཡིན་སྐོར་བརྗོད་དེ། བྷའེ་ཌན་སྲིད་གཞུང་གིས་ཡུ་རོབ་ཤར་མའི་རྒྱལ་ཁབ་པོ་ལན་ཌི་(Poland) དང་རོ་མ་ནི་ཡ་ (Romania) ནང་ཨ་རིའི་དམག་དཔུང་ ༣༠༠༠ ཙམ་མངག་གཏོང་བྱས་ཡོད་པ་མ་ཟད། ནེ་ཊོས་ཀྱང་དམག་གྲ་བསྒྲིགས་ཏེ་ཡུ་ཀེ་རེན་ལ་གོ་མཚོན་ཡང་མཁོ་སྤྲོད་བྱས་ཡོད་པ་རེད།

འདས་པའི་ཟླ་བ་བཞིའི་དེའི་ནང་ཨུ་རུ་སུ་དང་ནུབ་གླིང་རྒྱལ་ཁབ་ཀྱི་མགོ་ཁྲིད་དབར་གྲོས་མོལ་རིམ་པ་བྱས་ཏེ་ཡུ་ཀེ་རེན་གྱི་དཀའ་རྙོག་སེལ་ཐབས་དང་། ཕྱོགས་གཉིས་ཀྱི་གནས་སྟངས་ཞི་འགྲིག་ཡོང་ཐབས་བྱས་ཡོད་ནའང་། དེ་ལམ་ལྷོངས་མ་སོང་བར་ཨུ་རུ་སུས་ཡུ་ཀེ་རེན་གྱི་བྱང་ཕྱོགས་སུ་ཡོད་པའི་རང་གི་མཐུན་གྲོགས་རྒྱལ་ཁབ་བྷེ་ལེ་རུ་སི་ (Belarus) དང་། ཕྱི་ལོ་ ༢༠༡༤ ལོར་ཡུ་ཀེ་རེན་གྱི་ས་ནས་བཙན་འཕྲོག་བྱས་ཏེ་རང་ཁོངས་སུ་བཅུག་པའི་ཁེ་རེ་མི་ཡ་(Crimea)ཁུལ་དུ་དམག་གྲ་བསྒྲིགས་ཏེ་ཅུང་ཛ་དྲག་ཏུ་འགྱུར་བཞིན་པའི་སྐབས་དེར། ཡུ་ཀེ་རེན་གྱིས་ཀྱང་རང་གི་ས་མཚམས་སུ་དམག་མི་འགྲེམས་འཇོག་བྱས་ཡོད་ལ། ཨ་རི་གཙོ་བོར་བྱས་པའི་འཛམ་གླིང་རྒྱལ་ཁབ་ཕལ་ཆེ་བས་ཡུ་ཀེ་རེན་དུ་ཡོད་པའི་རང་གི་གཞུང་འབྲེལ་མི་སྣ་དང་མི་སེར་དཀྱུས་མ་རྣམས་རྒྱལ་ཁབ་ནས་ཕྱིར་ཐོན་དགོས་པའི་ལམ་སྟོན་བྱས་ཡོད་པ་རེད།

ཕྱི་ལོ་་༡༩༩༡ ལོར་ཨུ་རུ་སུ་མཉམ་འབྲེལ་དུམ་བུར་ཐོར་ཏེ་སྤྱི་མཐུན་རྒྱལ་ཁབ་གསར་བ་མང་པོ་ཐོན་ཡོད་ནའང་། དེ་དག་ཕལ་ཆེ་བ་ཨུ་རུ་སུའི་ཕྱོགས་སུ་མ་བསྡད་པར་ཡུ་རོབ་ཀྱི་ཕྱོགས་གཏོགས་ལྟ་བུར་གྱུར་བ་མ་ཟད། ཨུ་རུ་སུ་མཉམ་འབྲེལ་ནུབ་བརྒྱུད་རྒྱལ་ཕྲན་ཕལ་ཆེ་བ་ཡུ་རོབ་མཐུན་ཚོགས་ནང་ཞུགས་ཏེ། ཨུ་རུ་སུའི་ཤུགས་རྐྱེན་ཇེ་ཉུང་དང་ནུབ་གླིང་གི་ཤུགས་རྐྱེན་ཇེ་ཆེར་འགྲོ་བཞིན་པའི་སྐབས་དེར། ཨུ་རུ་སུ་ཨ་རིའི་ཤུགས་རྐྱེན་རང་གི་སྒོ་རྩར་ཐོན་རྒྱུར་བཀག་འགོག་ཆེད་ཐབས་ཡོད་རྒུ་བཙལ་ཡོད་ཅིང་། ཡུ་ཀེ་རེན་ནི་ཨུ་རུ་སུའི་ཕྱི་འབྲེལ་དང་རྒྱལ་སྲུང་སྲིད་ཇུས་ཀྱི་ལྟེ་བར་གནས་ཡོད་པ་རེད།

དེ་ཡང་ཕྱི་ལོ་ ༢༠༡༣ ལོའི་ཕྱི་ཟླ་ ༡༡ པའི་ནང་ཡུ་ཀེ་རེན་གྱི་རྒྱལ་ས་ཀིབ་ (Kyiv) ནང་། སྐབས་དེའི་ཨུ་རུ་སུའི་ཕྱོགས་གཏོགས་སྲིད་བློན་ཝིག་ཊོར་ཡ་ནུ་ཀོ་ཝི་ཅི་ (Viktor Yanukovych) ཡིས། ཡུལ་དེའི་གྲོས་ཚོགས་ངོས་ནས་ཡུ་ཀེ་རེན་རྒྱལ་ཁབ་ཀྱིས་ཡུ་རོབ་མཐུན་ཚོགས་ཚོང་འབྲེལ་ཇེ་ཟབ་ཏུ་གཏོང་རྒྱུའི་གྲོས་ཆོད་དེ་རྩིས་མེད་གཏོང་བའི་ཐག་གཅོད་དེར་མང་ཚོགས་ཀྱིས་ངོ་རྒོལ་བྱས་ཡོད་ཅིང་། ཡུ་ཀེ་རེན་སྲིད་གཞུང་གིས་མང་ཚོགས་ཀྱི་ངོ་རྒོལ་ལས་འགུལ་ལ་དྲག་གནོན་ཤུགས་ཆེར་བྱས་པའི་རྐྱེན་གྱིས་ངོ་རྒོལ་སྔར་བས་ཇེ་ཆེར་སོང་སྟེ། མཐར་ཕྱི་ལོ་ ༢༠༡༤ ཟླ་ ༢ པའི་ནང་སྲིད་འཛིན་ཝིག་ཊོར་ཡ་ནུ་ཀོ་ཝི་ཅི་རྒྱལ་ཁབ་ནས་བྲོས་བྱོལ་དུ་འགྲོ་དགོས་བྱུང་ཞིང་། ཁ་སང་པུ་ཀྲིང་གི་བསྒྲགས་གཏམ་ནང་ལོ་དེའི་མི་མང་གི་ངོ་རྒོལ་ལས་འགུལ་དེ་ནི་རྒྱལ་ཁབ་སྲིད་དབང་བཙན་འཕྲོག་བྱས་པ་ཞིག་ཡིན་སྐོར་འགྲེལ་བརྗོད་བྱས་ཡོད་པ་རེད། དོན་རྐྱེན་བྱུང་རྗེས་ཀྱི་ཟླ་གཅིག་ནང་ཨུ་རུ་སུས་ཡུ་ཀེ་རེན་གྱི་ཁོངས་གཏོགས་ས་ཁུལ་ཁེ་རེ་མི་ཡ་བཙན་འཛུལ་བྱས་ཤིང་། ཡུ་ཀེ་རེན་གྱི་ཤར་བརྒྱུད་ཌོ་ནེ་ཁུལ་དུ་ཡོད་པའི་ཁ་བྲལ་གྱེན་ལོག་ཤོག་ཁག་གིས་ཨུ་རུ་སུའི་རྒྱབ་སྐྱོར་འོག་ཌོ་ནེ་སི་ཀི་(Donetsk) དང་ལུ་ཧན་སི་ཀི་(Luhansk) ས་ཁུལ་དེ་གཉིས་ཡུ་ཀེ་རེན་དང་ཁ་བྲལ་གྱིས་རང་བཙན་དུ་བསྒྲགས་ཏེ། ད་བར་ཁུལ་དེ་གཉིས་ཀྱི་ཕྱེད་ཀ་ཙམ་གྱེན་ལོག་ཤོག་ཁག་གིས་བཟུང་ཡོད་ཅིང་། ད་བར་ཨུ་རུ་སུའི་རམ་འདེགས་འོག་གི་ཁ་བྲལ་གྱེན་ལོག་ཤོག་དང་ཡུ་ཀེ་རེན་གྱི་དམག་དབར་འཐབ་འཁྲུག་ཐེངས་མང་བྱས་ཏེ་ད་བར་ཉུང་མཐར་མི་གྲངས་ ༡༠༣༠༠ ལྷག་རྐྱེན་འདས་སུ་ཕྱིན་ཡོད་ཅིང་། མི་གྲངས་ ༢༤༠༠༠ ལྷག་ལ་རྨས་སྐྱོན་ཐེབས་ཡོད་པ་རེད་འདུག

ཕྱི་ལོ་ ༢༠༡༤ ཙམ་ནས་ཡུ་ཀེ་རེན་གྱི་དཀའ་རྙོག་དེ་རྒྱལ་སྤྱིའི་དཀའ་རྙོག་ཅིག་ཏུ་གྱུར་ཏེ། ལོ་དེའི་ནང་ཧྥ་རན་སི་དང་འཇར་མ་ནི་གཉིས་ཀྱིས་བར་པ་བྱས་ཏེ་ཡུ་ཀེ་རེན་དང་། ཨུ་རུ་རུ། ཡུ་རོབ་ཀྱི་བདེ་སྲུང་དང་མཉམ་ལས་སྒྲིག་འཛུགས་(OSCE) དབར་ལ་མིན་སི་ཀི་གྲོས་ཆོད་(Minsk Agreement) ཅེས་པའི་གྲོས་ཆོད་ཐེངས་གཉིས་བཞག་ཡོད་ནའང་། ཕྱོགས་གཉིས་ཀས་གྲོས་ཆོད་ཀྱི་དགོངས་དོན་རྡོག་རོལ་བཏང་བའི་རྐྱེན་གྱིས་ད་བར་ཡུ་ཀེ་རེན་གྱི་དཀའ་རྙོག་དེ་སེལ་མ་ཐུབ་པར་དམག་འཐབ་ཀྱི་དུས་སྐབས་སུ་ལུས་ཡོད་པར་བཤད།

 གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

ཆུ་ཚོད་ ༡༡ སྔོན་ལ།
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

ཆུ་ཚོད་ ༡༣ སྔོན་ལ།
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

ཆུ་ཚོད་ ༡༦ སྔོན་ལ།
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese