མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ལི་ཁུ་ཆང་དམར་ཤོག་ཚོགས་པའི་སྲིད་བློན་གྱི་གོ་གནས་ནས་རྒས་གཡོལ་ཞུ་རྒྱུ་ཡིན་འདུག

བོད་ཀྱི་དུས་བབ།
༢༠༢༢/༠༣/༡༡
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་དམར་ཤོག་ཚོགས་པའི་མགོ་ཁྲིད་མཐོ་ཤོས་ཨང་གཉིས་པ་ལི་ཁུ་ཆང་གིས་ལོ་རྗེས་མ་ནས་རང་ཉིད་དམར་ཤོག་ཚོགས་པའི་སྲིད་བློན་གྱི་གོ་གནས་ནས་རྒས་གཡོལ་ཞུ་རྒྱུ་ཡིན་སྐོར་བསྒྲགས་འདུག

དེ་རིང་རྒྱ་ནག་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་ལྔ་པ་དང་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་སྐབས་ལྔ་པ་ཟེར་བ་མཇུག་སྒྲིལ་བ་དང་བསྟུན། གསར་འགོད་ལྷན་ཚོགས་ཤིག་གི་སྟེང་རྒྱ་ནག་གི་སྲིད་བློན་ལི་ཁུ་ཆང་གིས། ལོ་རྗེས་མའི་ཕྱི་ཟླ་ ༣ པའི་ནང་རྒྱ་ནག་གི་སྲིད་བློན་གྱི་སྐབས་གཉིས་རིང་གི་ལས་ཡུན་རྫོགས་ཀྱི་ཡོད་པ་ལྟར། ལོ་རྗེས་མ་ནས་རང་ཉིད་སྲིད་བློན་གྱི་གོ་གནས་ནས་མར་འབབ་རྒྱུ་ཡིན་པ་ཡོངས་བསྒྲགས་བྱས་ཡོད་འདུག

དེ་འབྲེལ་རོའུ་ཊར་གསར་ཁང་གིས་སྤེལ་བའི་གནས་ཚུལ་ནང་། རྒྱ་ནག་དམར་ཤོག་ཚོགས་པའི་སྲིད་དབང་མཐོ་ཤོས་ཨང་གཉིས་པ་ཡིན་པའི་ལི་ཁུ་ཆང་། ཕྱི་ལོ་ ༢༠༡༣ ལོ་ནས་རྒྱ་ནག་དམར་ཤོག་ཚོགས་པའི་སྲིད་བློན་ཆགས་པ་དང་། ད་ལྟའི་རྒྱ་ནག་གི་རྩ་ཁྲིམས་ནང་གསལ་ལྟར་སྲིད་བློན་གྱི་ལས་ཡུན་སྐབས་གཉིས་རིང་མ་གཏོགས་བྱས་ཆོག་གི་མེད་སྟབས། ལི་ཁུ་ཆང་གིས། ད་ལོ་ནི་ང་རང་སྲིད་བློན་དུ་སྡོད་རྒྱུའི་ལོ་མཐའ་མ་དེ་ཡིན། ཞེས་གསར་འགོད་པར་བརྗོད་ཡོད་སྐོར་བསྒྲགས་འདུག

ཕྱི་ལོ་ ༢༠༡༨ ལོར་ཞི་ཅིན་ཕིན་གྱིས་རྒྱ་ནག་གི་རྩ་ཁྲིམས་ལ་འགྱུར་བཅོས་བཏང་སྟེ། སྲིད་འཛིན་གྱི་ལས་ཡུན་སྐབས་གཉིས་ལས་བརྒལ་ཆོག་གི་ཡོད་པར་བཟོས་ནས། རང་ཉིད་མུ་མཐུད་སྲིད་འཛིན་བྱས་ནས་སྡོད་རྒྱུར་གྲྭ་སྒྲིག་ཡིན་པ་དབྱེ་ཞིབ་པ་མང་པོས་འགྲེལ་བརྗོད་བྱེད་ཀྱི་འདུག་ལ། ནམ་རྒྱུན་རྒྱ་ནག་གི་དཔོན་རིགས་ཚོས་ནང་ཁུལ་གྱི་ཆབ་སྲིད་དང་འབྲེལ་བའི་རིགས་གསར་འགོད་ལྷན་ཚོགས་སྐབས་ཡོངས་བསྒྲགས་མི་བྱེད་པ་མ་ཟད། ག་དུས་ཡིན་ཡང་གསར་འགོད་པའི་དྲི་བར་གཡོལ་གང་ཐུབ་བྱེད་ཀྱི་ཡོད་ཀྱང་། ལི་ཁུ་ཆང་གིས་ད་ལྟ་ནས་ཡོངས་གྲགས་ཐོག་རང་ཉིད་སྲིད་བློན་གྱི་གོ་གནས་ནས་མར་འབབ་རྒྱུ་ཡིན་སྐོར་བསྒྲགས་པ་དེས། བཟང་སྤྱོད་ཀྱི་ཐོག་ནས་ཞི་ཅིན་ཕིན་ཡང་སྲིད་འཛིན་གྱི་གོ་གནས་ནས་མར་འབབ་དགོས་པའི་བརྡ་སྟོན་གྱི་ཡོད་པའི་ཚོད་དཔག་བྱེད་ཀྱི་འདུག་ལ།  འབྱུང་འགྱུར་ཕྱི་ཟླ་ ༡༡ ཡས་མས་ནང་འཚོགས་གཏན་ཁེལ་བའི་རྒྱ་ནག་དམར་ཤོག་ཚོགས་པའི་རྒྱལ་ཡོངས་གྲོས་ཚོགས་ཐེངས་ ༢༠ སྟེང་། ཞི་ཅིན་ཕིན་གྱི་ལོ་བཅུའི་སྲིད་དབང་རྫོགས་ཏེ་རྒྱ་ནག་དམར་ཤོག་ཚོགས་པའི་མགོ་འཁྲིད་བརྗེ་བསྒྱུར་གྱི་ཚོགས་གལ་ཆེན་ཞིག་ཆགས་ཀྱི་ཡོད་ཀྱང་། ཞི་ཅིན་ཕིན་མུ་མཐུད་སྲིད་འཛིན་བྱས་ནས་སྡོད་རྒྱུ་ཡིན་པ་དབྱེ་ཞིབ་ཕལ་མོ་ཆེས་ཁ་གཅིག་གྲགས་ཐོག་གླེང་གི་ཡོད།

གསར་འགོད་ལྷན་ཚོགས་སྐབས་གསར་འགོད་པས་ལི་ཁུ་ཆང་ལོ་བཅུའི་རིང་དམར་ཤོག་ཚོགས་པའི་སྲིད་བློན་དུ་བསྡད་པའི་རིང་གྲུབ་འབྲས་གང་དང་ཅི་ཡོད་སྐོར་དྲི་བ་དྲིས་པར།  ལུ་ཁུ་ཆང་གིས་འདི་ལོ་ནི་ད་ལྟའི་གཞུང་འདིའི་སྲིད་དབང་འཛིན་པའི་ལོ་མཐའ་མ་དེ་ཡིན་པ་མ་ཟད། ང་རང་ཉིད་ཀྱང་སྲིད་བློན་བྱས་ནས་སྡོད་རྒྱུའི་ལོ་མཐའ་མ་དེ་ཡིན། ཞེས་དང་། ཞི་ཅིན་ཕིན་སྲོག་ཤིང་དུ་གྱུར་བའི་དམར་ཤོག་ཚོགས་པ་དང་སྡེ་ཚན་ཁག་གཞན་དག་དང་། དམིགས་བསལ་རྒྱ་ནག་རྒྱལ་ཡོངས་ཀྱི་མི་དམངས་ཟུང་འབྲེལ་ཐོག ང་ལ་རྒྱ་ནག་གི་དཔལ་འབྱོར་དཀའ་ངལ་འོག་ནས་ཐར་བར་གདེང་ཚོད་ཆེན་པོ་ཡོད། འདི་ལོར་ང་ཚོས་རྒྱལ་ཁབ་ཀྱི་མ་འོངས་པའི་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་བཏིང་ཞིང་སྤྱི་ཚོགས་དང་དཔལ་འབྱོར་གྱི་དམིགས་འབེན་ཡོད་ཚད་ལེགས་འགྲུབ་ཡོང་བར་ཡིད་ཆེས་ཡོད།  ཅེས་སོགས་བརྗོད་ཡོད་པ་རེད།

ད་ལྟ་རང་ལོ་ ༦༦ ཙམ་ཡིན་པའི་སྲིད་བློན་ལི་ཁུ་ཆང་ནི། ཕྱི་ལོ་ ༡༩༥༥ ཟླ་ ༧ ཚེས་ ༡ ཉིན་རྒྱ་ནག་ཨན་ཧྥའེ་ཞིང་ཆེན་གྱི་རྒྱལ་ས་ (Hefei) སྐྱེས་ཤིང་། ཕྱི་ལོ་ ༡༩༧༦ ལོར་རྒྱ་ནག་དམར་ཤོག་ཚོགས་ཁོངས་སུ་ཞུགས་ནས་ད་བར་ལོ་ངོ་ ༤༦ ཙམ་འགྲོ་ཡི་ཡོད་པ་དང་། ཁོས་པེ་ཁིན་གཙུག་ལག་སློབ་གྲྭ་ཆེན་མོའི་ཁྲིམས་ལུགས་སྡེ་ཚན་ནས་ཁྲིམས་ལུགས་རབ་འབྱམས་པའི་སློབ་མཐར་ཕྱིན་ཡོད་ཟེར། ད་ལྟ་ཁོ་རྒྱ་ནག་དམར་ཤོག་ཚོགས་པའི་སྐབས་བཅུ་དགུ་བའི་སྲིད་གྲོས་རྒྱུན་ལས་དང་རྒྱ་ནག་གི་སྲིད་བློན། དབུས་ཆབ་སྲིད་རྒྱུན་ལས་ཀྱི་དྲུང་ཆེ་བཅས་ཡིན་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist