མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྩིས་ལོའི་ནང་ཧིན་སྒོར་ས་ཡ་ ༢༥༣༥་༡༤ བཀའ་འཁྲོལ་ཞུས་འདུག

བོད་ཀྱི་དུས་བབ།
༢༠༢༢/༠༣/༢༢
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ལོ་ ༢༠༢༡ ནས་ ༢༠༢༢ ལོའི་ཐོག་མའི་སྔོན་རྩིས་བཀའ་འཁྲོལ་གཏན་འབེབས་ཧིན་སྒོར་ས་ཡ་ ༢༦༩༨།༡༣ ལས་འདི་ལོར་སྒོར་ས་ཡ་ ༡༦༢།༩༩ དང་བརྒྱ་ཆ་ ༦།༠༤ ཉུང་བ་བྱུང་ཡོད་འདུག

ཁ་སང་ཕྱི་ཚེས་ ༢༡ ཉིན་གྱི་གྲོས་ཚོགས་ཚོགས་དུས་སྟེང་། དཔལ་འབྱོར་བཀའ་བློན་དང་སྲིད་སྐྱོང་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་ ༢༠༢༢ ནས་ ༢༠༢༣ བར་གྱི་སྔོན་རྩིས་གཏམ་བཤད་སྙན་སྒྲོན་གནང་བའི་ནང་། བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་རྩིས་ལོ་ ༢༠༢༢ ནས་ ༢༠༢༣ ལོའི་སྔོན་རྩིས་འཆར་འབུལ་ཧིན་སྒོར་ས་ཡ་ ༢༥༣༥།༡༤ བཀའ་འཁྲོལ་ཞུས་ཡོད་ཅིང་། དེར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་ངོས་ནས་སྤར་གཅོག་གང་ཡང་བྱས་མེད་པ་རེད་འདུག

དེ་ཡང་སྔོན་རྩིས་གཏམ་བཤད་ལྟར་ན། རྩིས་ལོ་ ༢༠༢༢ ནས་ ༢༠༢༣ ལོའི་སྔོན་རྩིས་བཀའ་འཁྲོལ་ནང་རྒྱུན་གྲོན་དང་དམིགས་བསལ་མ་དངུལ་ཆེད་བྱུང་འཆར་བསྡོམས་ཧིན་སྒོར་ས་ཡ་ ༨༥༡།༦༡ ཡིན་པ་དང་། རྒྱུན་གྲོན་ཆེད་སོང་འཆར་ཧིན་སྒོར་ས་ཡ་ ༤༥༥།༠༧ དང་དམིགས་བསལ་ཆེད་ཧིན་སྒོར་ས་ཡ་ ༣༨༦།༨༡ ཞུས་འདུག་ལ། ཟུར་བཀོལ་རྒྱུན་གྲོན་དང་ཟུར་བཀོལ་ལས་འཆར་ཆེད་བྱུང་འཆར་ཧིན་སྒོར་ས་ཡ་ ༡༧༧༨།༣༠ དང་། སོང་འཆར་བསྡོམས་ཧིན་སྒོར་ས་ཡ་ ༡༦༩༣།༢༦ བཅས་ཁྱོན་བསྡོམས་བོད་མིའི་སྒྲིག་འཛུགས་ཀྱི་ཡོང་རྒྱུའི་རྩིས་ལོ་ ༢༠༢༢ ནས་ ༢༠༢༣ ལོར་བྱུང་འཆར་ཧིན་སྒོར་ས་ཡ་ ༢༦༢༩།༩༡ དང་། སོང་འཆར་སྒོར་ས་ཡ་ ༢༥༣༥།༡༤ དང་། ལྷག་འཆར་སྒོར་ཡ་ས་ ༩༤།༧༧ བཅས་ཀྱི་བཀའ་འཁྲོལ་ཞུས་ཡོད་འདུག

དེ་བཞིན་རྩིས་ལོ་ ༢༠༢༢ ནས་ ༢༠༢༣ ལོའི་སྔོན་རྩིས་འཆར་འབུལ་ཁྲོད་ནས་ལས་ཁུངས་སོ་སོའི་སྔོན་རྩིས་བརྒྱ་ཆ་བསྐོར་བའི་ནང་། ཁྲིམས་བཟོ་ལྷན་ཚོགས་ཆེད་སྔོན་རྩིས་མ་དངུལ་གྱི་བརྒྱ་ཆ་ ༢།༡༤ དང་། ཁྲིམས་ལུགས་དབང་འཛིན་ཆེད་བརྒྱ་ཆ་ ༠།༨༢ བཀའ་དྲུང་ཡིག་ཚང་ཆེད་བརྒྱ་ཆ་ ༥།༡༥ བདེ་སྲུང་ལ་བརྒྱ་ཆ་ ༡།༣༤ ཕྱི་དྲིལ་ལ་བརྒྱ་ཆ་ ༡༤།༢ འོས་བསྡུའི་ཆེད་བརྒྱ་ཆ་ ༠།༢༢ ལས་བྱེད་འདེམས་ལྷན་ལ་བརྒྱ་ཆ་ ༠།༥༡ རྩིས་ཞིབ་ལས་ཁང་ཆེད་ ༡།༠༩ དཔལ་འབྱོར་ལ་ ༦།༨༡ ཆོས་རིག་ལ་ ༣།༡༣ འཕྲོད་བསྟེན་ལ་ ༡༠།༧༤ ཤེས་རིག་ལ་ ༣༣།༨༩ ནང་སྲིད་ལ་ ༡༩།༩༨ བཅས་ཆ་བགོས་བྱས་ཡོད་ཅིང་། བོད་མིའི་སྒྲིག་འཛུགས་ཀྱི་འགྲོ་གྲོན་ཆེ་ཤོས་དེ་ཤེས་རིག་དང་ནང་སྲིད་ཆེད་གཏོང་འཆར་ཡོད་འདུག

འདི་ལོའི་སྔོན་རྩིས་གཏམ་བཤད་ནང་བོད་མིའི་སྒྲིག་འཛུགས་འདི་བཞིན་མ་འོངས་རང་ཁ་རང་གསོ་ཡོང་ཐབས་ཀྱི་ལས་འཆར་ཁག་ཅིག་གསལ་འདོན་བྱས་འདུག་ལ། དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་འགྲོ་གྲོན་གྱི་བརྒྱ་ཆ་ ༨།༨༡ བོད་མི་རང་གིས་དང་བླངས་དཔྱ་དངུལ་དང་། འབུལ་བབ་གཞན་བརྒྱུད་ནས་ཐོབ་ཀྱི་ཡོད་ཀྱང་། ལྷག་འཕྲོ་བརྒྱ་ཆ་ ༩༡།༡༩ ཕྱིའི་རོགས་དངུལ་ལ་བརྟེན་ནས་བྱུང་གི་ཡོད་སྐོར་འཁོད་པ་ལྟར། འཛིན་སྐྱོང་ངོས་ནས་གཞིས་ཟུར་གྱིས་གཞིས་ཆགས་ལ་རོགས་ཕན་བྱེད་ཐབས་དང་། ཕྱི་རྒྱལ་དུ་ཡོད་པའི་ཆོས་ཚོགས་ཁག་གིས་བོད་མིའི་སྡོད་སྒར་ཁག་གི་རྒས་གསོ་ཁང་ལྟ་བུ་ལ་རོགས་འདེགས་བྱེད་ཐབས། བོད་མི་འཁོས་ཞན་དང་ནད་མནར་རྣམས་ལ་བོད་མི་ཕན་ཚུན་རོགས་རམ་བྱེད་རྒྱུའི་ལས་གཞི་རྒྱ་བསྐྱེད། འཁོས་ཞན་པའི་རྩེ་ཕུད་སློབ་མ་རྣམས་ལ་འབྱོར་ལྡན་བོད་མིས་སློབ་ཡོན་སྤྲོད་པའམ། ཡང་ན་དངུལ་བུན་གཏོང་ཐབས་དང་མང་ཚོགས་ནས་དཔལ་འབྱོར་བསྡུ་རུབ་བྱེད་ཐབས། དེ་བཞིན་བོད་པའི་སློབ་གྲྭ་དང་དགོན་སྡེའི་ནང་ཞུགས་པའི་ཧི་མ་ལ་ཡ་རི་རྒྱུད་ཀྱི་ཡུལ་མི་སློབ་མ་སོགས་ཀྱི་སློབ་ཡོན་འབྲེལ་ཡོད་མངའ་སྡེ་གཞུང་ནས་རག་ཐབས་བྱ་དགོས་པ་བཅས་ཀྱི་ལས་གཞི་སྤེལ་འཆར་ཡོད་འདུག

གཞན་ཡང་དཔལ་འབྱོར་བཀའ་བློན་གྱི་སྔོན་རྩིས་གཏམ་བཤད་ནང་རྩིས་ལོ་ ༢༠༢༠ ནས་ ༢༠༢༡ ལོའི་བྱུང་སོང་གི་གནས་སྟངས་འཁོད་པ་ལྟར་ན། རྩིས་ལོ་དེར་སྤྱི་ལྷན་གྱིས་འཛིན་སྐྱོང་བཀའ་ཤག་ལ་རྒྱུན་གྲོན་དང་དམིགས་བསལ་ཆེད་ཁྱོན་བསྡོམས་བཀའ་འཁྲོལ་བྱུང་སོང་སྒོར་ས་ཡ་ ༡༠༥༧།༧༨ གནང་བ་ལྟར། དངོས་སུ་སྒོར་ས་ཡ་ ༩༦༩།༥༠ བྱུང་འདུག་ཅིང་། དངོས་སོང་ཧིན་སྒོར་ས་ཡ་ ༦༢༥།༦༧ བཅས་དངོས་བྱུང་དང་དངོས་སོང་བར་ལ་ཁྱད་པར་ཧིན་སྒོར་ས་ཡ་ ༣༥༣།༨༣ ཕྱིན་པ་དེ་ནི་འདས་ལོའི་སྔོན་རྩིས་མ་དངུལ་གྱི་འཕར་ཆ་ཡིན་པ་རེད། དེ་བཞིན་ཟུར་བཀོལ་སྔོན་རྩིས་ཡོང་འབབ་བཀའ་འཁྲོལ་ཧིན་སྒོར་ས་ཡ་ ༢༤༠༥།༨ གནང་འདུག་པའི་ཁྲོད་དངོས་བྱུང་ཧིན་སྒོར་ས་ཡ་ ༡༡༥༩།༡ ཡིན་པ་དང་། འགྲོ་གྲོན་བཀའ་འཁྲོལ་ཧིན་སྒོར་ས་ཡ་ ༢༤༣༤།༣༣ ནས་དངོས་སོང་ཧིན་སྒོར་ས་ཡ་ ༡༡༦༤།༦༣ ཕྱིན་འདུག་པར་བརྟེན། དངོས་བྱུང་ལས་དངོས་སུ་འགྲོ་གྲོན་ཧིན་སྒོར་ས་ཡ་ ༥།༥༣ མང་བ་བཏང་ཡོད་འདུག

དེར་མཚུངས་རྩིས་ལོ་ ༢༠༢༡ ནས་ ༢༠༢༢ ལོའི་སྔོན་རྩིས་བཀའ་འཁྲོལ་བྱུང་སོང་གི་གནས་སྟངས་ཐད་ལ། བོད་མིའི་སྒྲིག་འཛུགས་ཀྱི་རྒྱུན་གྲོན་དང་། དམིགས་བསལ། ཟུར་བཀོལ་བཅས་ཀྱི་མ་དངུལ་ཆེད་ཐོག་མའི་སྔོན་རྩིས་བཀའ་འཁྲོལ་དང་བར་བརྒལ་བཀའ་འཁྲོལ་སྐབས་ཁྱོན་བསྡོམས་བྱུང་འཆར་ཧིན་སྒོར་ས་ཡ་ ༣༧༠༩།༡༩ ཡི་བཀའ་འཁྲོལ་ཐོབ་ཡོད་པ་དང་། སོང་འཆར་ས་ཡ་ ༣༡༧༥།༥༤ ཡི་བཀའ་འཁྲོལ་ཐོབ་ཡོད་པ་བཅས། རྩིས་ལོར་འདིར་ཁྱོན་བསྡོམས་ལྷག་འཆར་ཧིན་སྒོར་ས་ཡ་ ༥༣༣།༦༥ ཡིན་ནའང་། ཟུར་བཀོལ་ལྷག་འཆར་ཁོངས་ཀྱི་ལས་གཞི་མང་ཆེ་བ་འཆར་ལོའི་ནང་ལག་བསྟར་བྱ་དགོས་པར་བརྟེན། མ་དངུལ་ལྷག་བསྡད་ངོ་མ་ཇི་ཡིན་གྱི་གནས་ཚུལ་རྣམས་སྔོན་རྩིས་གྲོས་ཚོགས་རྗེས་མའི་ནང་གསལ་འདོན་བྱ་རྒྱུ་ཡིན་སྐོར་འཁོད་འདུག

དཔལ་འབྱོར་བཀའ་བློན་མཆོག་ནས་སྔོན་རྩིས་གཏམ་སྤེལ་གྲུབ་རྗེས། སྤྱི་ལྷན་གྱི་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་སོག་སྟོད་དངོས་གྲུབ་རྡོ་རྗེ་ལགས་ཀྱིས་ཚོགས་ཆུང་གི་སྙན་ཐོ་སྙན་སྒྲོན་ཞུས་པར། ཚོགས་ཆུང་ངོས་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྔོན་རྩིས་ལ་ཞིབ་འཇུག་བྱས་ཏེ། རྩིས་ལོ་ ༢༠༢༢ ལོའི་ཕྱོགས་བསྡོམས་འགྲོ་གྲོན་གྱི་དགོས་དངུལ་ཧིན་སྒོར་ས་ཡ་ ༢༥༣༥།༡༣ འཆར་འབུལ་གནང་བ་དེ། རྩིས་ལོ་ ༢༠༢༡ ནས་ ༢༠༢༢ ལོའི་ཐོག་མའི་སྔོན་རྩིས་བཀའ་འཁྲོལ་གཏན་འབེབས་ཧིན་སྒོར་ས་ཡ་ ༢༦༩༨།༡༣ ལས་སྒོར་ས་ཡ་ ༡༦༢།༩༩ དང་བརྒྱ་ཆ་ ༦།༠༤ ཉུང་བ་བྱུང་འདུག་པ་དེའི་རྐྱེན་ཅི་ཡིན་ཞིབ་རྩད་བྱས་འདུག་ཅིང་། དེའི་ཐད་སྔོན་རྩིས་གཏམ་བཤད་ནང་། སྤྱི་ཚོགས་ཡར་རྒྱས་ཐེབས་རྩ་དང་། གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་། ནང་སྲིད་བཅས་ཀྱི་བུན་གཏོང་ལས་གཞིའི་ཆེད་ཧིན་སྒོར་ས་ཡ་ ༣༢༨།༥ དངུལ་འབབ་རྣམས་འགྲོ་གྲོན་མིན་པས་འདི་ལོའི་ཕྱོགས་བསྡོམས་སྔོན་རྩིས་འཆར་འབུལ་ནས་གཅོག་འཐེན་བྱས་ཡོད་པ་དང་། དེ་བཞིན་ས་གནས་འཐུས་ཚོགས་མེད་པའི་ས་གནས་མགོ་འཛིན་ལས་ཁུངས་ ༥ དང་། ལྷོ་སྤྱི་ལས་ཁུངས་ཀྱི་འགྲོ་གྲོན་དགོས་དངུལ་བསྡོམས་ས་ཡ་ ༣༦།༤༤ དང་། འཕྲོད་བསྟེན་ལས་ཁུངས་ཀྱི་ཁྱབ་ཁོངས་མངོན་དགའ་སློབ་གྲྭ་དང་། སྨན་ཁང་ཁག་གསུམ་གྱི་འགྲོ་གྲོན་དགོས་དངུལ་བསྡོམས་སྒོར་ས་ཡ་ ༡༠།༣༢ བཅས་རྣམས་སྔོན་རྩིས་འཆར་འབུལ་ནང་ཚུད་མེད་པར་བརྟེན་ཉུང་དུ་ཆགས་ཡོད་སྐོར་འཁོད་འདུག

གསར་འགོད་པ། དཔལ་ལྡན་དང་པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་བ་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་ལྡི་ལི་ནས་མཇུག་བསྡུས།

ཆུ་ཚོད་ ༢༢ སྔོན་ལ།
མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་གི་གནས་བབ་ཁ་གསལ་བཟོ་དགོས་པའི་རེ་སྐུལ་གནང་།

༢༠༢༦/༠༤/༢༤
ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་གཞོན་པ་སཱ་མིར་པུལ་ཀཱ་པུར་ལགས་དང་བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་ཤི་ཤིར་ཀ་ནལ་གཉིས་ཐུག་འཕྲད་གནང་། ༢༠༢༦།༤།༢༢
Mobile App

ཨ་རིའི་ཕྱི་སྲིད་དྲུང་ཆེས་བལ་ཡུལ་གྱི་སྐྱབས་བཅོལ་བོད་མིའི་ཡིག་ཆའི་དཀའ་ངལ་སེལ་དགོས་པའི་འབོད་སྐུལ་གནང་།

༢༠༢༦/༠༤/༢༣
Tenzin Choegyal’s “Snow Flower” wins 2026 Queensland Music Award for Best World Music
Mobile App

ཁ་བའི་མེ་ཏོག་ཅེས་པའི་ཆེད་སྒྲིག་ལ་འཛམ་གླིང་རོལ་དབྱངས་ཆེད་སྒྲིག་ལེགས་ཤོས་ཀྱི་བྱ་དགའ་ཐོབ།

༢༠༢༦/༠༤/༢༣
Taiwan President-elect Lai Ching-te, of Democratic Progressive Party’s (DPP), holds a press conference, following the victory in the presidential elections, in Taipei, on January 13, 2024. | Photo Credit: Reuters
Mobile App

རྒྱ་གཞུང་གིས་ཐའེ་ཝན་སྲིད་འཛིན་གྱི་ཕྱི་རྒྱལ་ཕྱོགས་སྐྱོད་བཀག་འགོག་བྱས།

༢༠༢༦/༠༤/༢༣
Himachal Pradesh University (HPU), Shimla. File photo
Mobile App

རྒྱ་གར་གྱིས་འཕགས་བོད་ས་མཚམས་ཀྱི་འབྲེལ་ལམ་སྐོར་ལ་ཞིབ་འཇུག་བྱ་རྒྱུ་ཡིན་འདུག

༢༠༢༦/༠༤/༢༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese