མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་སྤྱིའི་གློ་ནད་ཊི་བིའི་ཉིན་མོར་བྱེད་ནུས་མྱུར་བའི་གློག་པར་འཕྲུལ་ཆས་ཤིག་དབུ་འབྱེད་གནང་།

བོད་ཀྱི་དུས་བབ།
༢༠༢༢/༠༣/༢༤
Share on FacebookShare on TwitterShare on EmailShare on Whatsapp

མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་བདེ་ལེགས་སྨན་ཁང་ནས་གྲུབ་འབྲས་མྱུར་པོར་སྟོན་ཐུབ་པའི་གློག་པར་འཕྲུལ་ཆས་ཤིག་དབུ་འབྱེད་གནང་བ་དང་བསྟུན། མང་ཚོགས་ཀྱིས་མཉམ་ཞུགས་བྱ་རྒྱུ་གལ་ཆེན་ཡིན་པའི་ལམ་སྟོན་གནང་སོང་།

དེ་རིང་འཛམ་གླིང་གློ་ནད་ཊི་བི་ཉིན་མོ་དང་སྟབས་བསྟུན། དྷ་སྟེང་བོད་ཁྱིམ་སློབ་གྲྭར་བདེ་ལེགས་སྨན་ཁང་གི་ཊི་བི་རྩ་འགོག་ (Zero TB in kids Project) གི་ལས་གཞི་དང་འབྲེལ་བའི་ (Fuji) བཟོ་གྲྭ་ནས་ཐོན་ཞིང་འཁྱེར་སྤྱོད་བདེ་བའི་དེང་དུས་ཚད་མཐོའི་གློག་པར་འཕྲུལ་ཆས་ཧིན་སྒོར་ ༦༥༥༥༠༠༠ ཅན་ཞིག་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་དབུ་འབྱེད་གནང་སོང་།

སྐབས་དེར་བོད་མི་མང་སྤྱི་འཐུས་དང་བདེ་ལེགས་སྨན་ཁང་གི་འགན་འཛིན་ཟླ་བ་ཕུན་སྐྱིད་ལགས་ཀྱིས། འཕྲུལ་ཆས་འདི་མཁན་པོ་ཞིག་གིས་དབུ་འབྱེད་གནང་གི་ཡོད་པར་བརྟེན། བྱིན་རླབས་ཆེན་པོ་ཡོད་པའི་ཐོག་ནས་རྟེན་འབྲེལ་ཞིག་ལ་བརྩི་ཡི་ཡོད། ལས་འཆར་འདིའི་མ་གནས་ཧིན་སྒོར་ ༦༥༥༥༠༠༠ གནས་ཡོད་པ་དང་།  བདེ་ལེགས་སྨན་ཁང་དུ་གློག་པར་བརྒྱག་རྒྱུའི་ཆ་རྐྱེན་ཆ་ཚང་ཡོད་ནའང་། ད་དུང་དེའི་ཐོག་འགྲོ་སོང་བཏང་ནས་འཕྲུལ་ཆས་ཉོ་དགོས་པའི་རྒྱུ་མཚན་ནི། ལོ་གཉིས་རིང་ཏོག་དབྱིབས་གཉན་རིམས་རྐྱེན་གྱིས་ཨམ་རྗེ་དང་སྨན་ཞབས་པ་དག་ས་གནས་ས་ཐོག་ལ་ཕེབས་ནས་ལས་ཀ་བྱེད་ཐུབ་ཀྱི་མེད་པ་དང་ལས་འཆར་འདིའི་དངུལ་འབོར་ཡོད་པའི་སྐབས་ཉི་ཧོང་ནས་འཕྲུལ་ཆས་སྟབས་བདེ་འདི་བཏོན་པར་བརྟེན། རྗེས་མ་སློབ་གྲྭ་དང་དགོན་སྡེ་ཁག་གི་མི་མང་ལ། ས་གནས་ས་ཐོག་ཏུ་གློག་པར་རྒྱག་རྒྱུའི་མཐུན་རྐྱེན་བསྐྲུན་པ་ཡིན་ན། དགོན་སྡེ་དང་སློབ་གྲྭ་ཁག་གི་འགྲོ་སོང་ལ་དཀའ་ངལ་མི་ཡོང་བའི་སླད་དུ་འཕྲུལ་ཆས་འདི་ཉོས་པ་ཡིན། རྒྱ་གར་ནང་འཕྲུལ་ཆས་འདི་ཉོ་མཁན་ཐོག་མ་བདེ་ལེགས་སྨན་ཁང་ཆགས་ཀྱི་ཡོད། ཅེས་དང་། གློ་ནད་ཊི་བི་ནི་བོད་པའི་སྤྱི་ཚོགས་ནང་འཕྲད་བཞིན་པའི་དཀའ་ངལ་ཆེ་ཤོས་ཤིག་ཡིན་པ་དང་བདེ་ལེགས་སྨན་ཁང་ངོས་ནས་ཕྱི་ལོ་ ༡༩༧༠ ཙམ་ནས་ཊི་བི་སྔོན་འགོག་གི་ལས་གཞི་བརྩམས་ཡོད་པར་བརྟེན། གློ་ནད་ཊི་བིའི་ཐོག་བདེ་ལེགས་སྨན་ཁང་ཉམས་མྱོང་ཡོད་པ་མ་ཟད། མུ་མཐུད་ལས་གཞི་ལས་འཆར་བརྩམས་ནས་འགྲོ་ཡི་སྐོར་དང་། བདེ་ལེགས་སྨན་ཁང་གི་སྤྱི་ཁྱབ་སྨན་པ་དང་༧སྐུའི་བླ་སྨན་པ་ཨམ་རྗེ་ཚེ་བརྟན་ལགས་ཀྱི་ལམ་སྟོན་འོག་གློ་ནད་ཊི་བིའི་ལས་གཞི་ཡག་པོ་འགྲོ་ཡི་ཡོད་པ་དང་ད་ལྟ་བདེ་ལེགས་སྨན་ཁང་དུ་ལག་འཁྱེར་ཚད་ལྡན་ཡོད་པའི་ཨམ་རྗེ་དང་སྨན་ཞབས་པ་དག་དག་ཡོད་པར་བརྟེན། བདེ་ལེགས་སྨན་ཁང་ངོས་ནས་ནུས་པ་ཐོན་པའི་ལས་དོན་བསྒྲུབ་ཐུབ་ཀྱི་ཡོད་སྐོར་གསུངས་སོང་།

དེ་རྗེས་བསོད་ནམས་སྟོབས་རྒྱལ་ལགས་ཀྱིས། དེ་རིང་འཛམ་གླིང་ཊི་བི་ཉིན་མོ་དང་སྟབས་བསྟུན་གློ་ནད་ཊི་བི་གཅིག་ཀྱང་མེད་པའི་ (Zero TB) ལས་གཞི་འདི་བརྒྱུད་ནས། དེང་དུས་གློག་པར་འཕྲུལ་ཆས་གསར་པའི་དབུ་འབྱེད་མཛད་སྒོ་འཚོགས་ཀྱི་ཡོད།  ད་ལྟའི་ཆར་ཏོག་དབྱིབས་གཉན་རིམས་རྐྱེན་གྱིས་དཀའ་ངལ་འཕྲད་བཞིན་ཡོད་པ་རེད། གློ་ནད་གཅིག་ཀྱང་མེད་པའི་ལས་གཞི་འདི་སློབ་གྲྭ་དང་དགོན་པ་ཁག་ལ་ཕྱིན་ནས་བརྟག་དཔྱད་བྱ་དགོས་ཀྱི་ཡོད་ནའང་འདས་པའི་ལོ་གཉིས་ནང་སློབ་གྲྭ་དང་དགོན་སྡེ་ཁག་ཏུ་བསྐྱོད་མ་ཐུབ་པ་རེད།  དེར་བརྟེན་འཕྲུལ་ཆས་འདི་ལྟ་བུ་ཡོད་པ་དང་། འདིའི་ཁྱད་ཆོས་དང་པོ་ནི་སློབ་གྲྭའི་ཕྲུ་གུ་སྨན་ཁང་དུ་བརྟག་དཔྱད་བྱེད་དུ་ཡོང་མི་དགོས་པ་དང་འཕྲུལ་ཆས་འདི་ཕར་འཁྱེར་བདེ་བ་དང་བེད་སྤྱོད་བྱེད་བདེ་པོ་ཡོད་པ་རེད། འཕྲུལ་ཆས་འདི་བེད་སྤྱོད་བྱེད་པར་དམིགས་བསལ་གྱིས་གློག་པར་རྒྱག་མཁན་ཁེ་ལས་པ་དགོས་ཀྱི་མེད། ཨམ་རྗེ་དང་སྨན་ཞབས་པ་སུ་ཡིན་རུང་བེད་སྤྱོད་གཏོང་ཤེས་ཀྱི་ཡོད།  ཁྱད་ཆོས་གཉིས་པ་ནི་འདིའི་ནང་གློག་པར་བརྒྱབ་པ་དང་གྲུབ་འབྲས་སྐར་མ་གཉིས་ཀྱི་ནང་དུ་ཐོན་གྱི་འདུག ནམ་རྒྱུན་སྨན་ཁང་དུ་གློག་པར་བརྒྱག་དགོས་བྱུང་ན་ཉིན་མ་གཅིག་འགོར་གྱི་ཡོད། ད་དུང་གློག་པར་འདིའི་ནང་འཕྲུལ་རིག་ (Artificial Intelligence) ཡོད་པའི་རྐྱེན་གྱིས་གློག་པར་བརྒྱབ་ཚར་རྗེས། གློག་པར་ནང་ཊི་བིའི་རྟགས་མཚན་ཡོད་མེད་རྟོགས་ཐུབ་ཀྱི་འདུག ཅེས་དང་ད་ལྟ་འཕྲུལ་ཆས་དེ་གློ་ནད་གཅིག་ཀྱང་མེད་པའི་ལས་གཞིའི་ཐོག་བེད་སྤྱོད་གཏོང་གི་ཡོད་པ་ལྟར། མ་འོངས་པར་རྒས་གསོ་ཁང་དང་དགོན་པ་ཁག་ཏུ་གློ་བུར་དུ་ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་གྱིས་མི་མང་པོར་ནད་གཞི་ཕོག་ནས་གློག་པར་བརྒྱག་དགོས་པའི་གནས་སྟངས་ཆགས་པ་ཡིན་ན། ནད་པ་དེ་ཚོ་སྨན་ཁང་དུ་ཕེབས་མི་དགོས་པར་འཕྲུལ་ཆས་དེ་བརྒྱུད་ནས་གློག་པར་བརྒྱག་ཆོག་ཆོག་ཡོད་སྐོར་སོགས་གསུངས་སོང་།

མཇུག་ཏུ་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས། ལས་གཞི་འདི་ཊི་བི་རྩ་འགོག་གི་དམིགས་ཡུལ་ཡིན་པས་ཧ་ཅང་གི་གལ་ཆེན་པོ་མཐོང་སོང་། ང་ཚོ་དུས་རབས་ཉེར་གཅིག་ནང་འགྲོ་ཡི་ཡོད་པ་རེད། མིའི་ལག་ཤེས་ཀྱི་རྣམ་དཔྱོད་ཇེ་ཕྱུག་ཏུ་འགྲོ་ཡི་ཡོད་པ་དང་། འཕྲུལ་ཆས་ཀྱི་ནུས་པ་དང་བེད་སྤྱོད་གཏོང་སྟངས་དེ་ཚོ་ཚགས་ཚུད་པོ་དང་མྱུར་པོའི་ཐོག་ནས། གློག་པར་བརྒྱབ་རྗེས་སྐར་མ་ཁ་ཤས་ཀྱི་ནང་དུ་གྲུབ་འབྲས་སྟོན་ཐུབ་རྒྱུ་ཡོད་པ་རེད། ནམ་རྒྱུན་ང་ཚོས་ཆུ་ཚོད་ཁ་ཤས་རིང་སྒུག་དགོས་པ་དང་ཕར་ཚུར་མང་པོ་འགྲོ་དགོས་ཀྱི་ཡོད་པའི་གནས་སྟངས་ཆགས་ཀྱི་ཡོད་པ་རེད། དེར་བརྟེན་དུས་ཚོད་ཀྱི་ཐོག་ནས་གྲུབ་འབྲས་མྱུར་པོ་སྟོན་ཐུབ་པ་དེ་སྤྱི་ཚོགས་ནང་ལོགས་ལ་ཊི་སྦི་ལས་གཞི་དང་། དེ་མ་ཡིན་པའི་གློག་པར་བརྒྱག་རྒྱུ་སོགས་ན་ཚ་གཞན་མཚོན་པའི་ཚང་མ་ལའང་ཕན་ཐོགས་ཆེན་པོ་ཡོང་གཞི་ཆགས་བསྡད་འདུག དེར་བརྟེན་འབྲེལ་ཡོད་མཐུན་སྦྱོར་གནང་མཁན་དང་འགན་ཁུར་གནང་མཁན་ཚང་མ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་བཞིན་ལས་འཆར་འདི་ཡོད་པ་གང་ཞིག་ལ་འགྲོ་སོང་ཤུགས་ཆེན་པོ་བཏང་སྟེ། མང་ཚོགས་ཀྱི་ངོས་ནས་མཉམ་ཞུགས་བྱ་ཐུབ་རྒྱུ་གལ་ཆེན་པོ་ཡིན་པས། མང་ཚོགས་ཀྱི་ཐུགས་ལའང་ཐུགས་སྣང་གནང་ཐུབ་དགོས་རྒྱུ་དང་། ལྷག་པར་དུ་ང་ཚོའི་སྤྱི་ཚོགས་དེ་མི་འབོར་ཉུང་ཉུང་ཆགས་བསྡད་ཡོད་པ་རེད། མི་འབོར་གང་ཡོད་པ་དེའི་ལུས་སེམས་ཀྱི་བདེ་ཐང་དང་འཚར་ལོངས་ཀྱི་གནས་སྟངས་ཡིན་ནའང་། མི་གཅིག་གི་ཚེ་སྲོག་དང་མི་གཅིག་གི་གཟུགས་པོའི་གནས་སྟངས་གལ་ཆེན་པོ་ཡིན་པར་བརྟེན། དེ་ཚོའི་ཐོག་ལ་གཅེས་སྤྲས་དང་རྩ་ཆེན་པོ་རྩིས་ནས་ལས་འཆར་འདིའི་ཐོག་ནས་ཐུགས་ཕན་གསོ་ཐུབ་པ་དང་། མང་ཚོགས་ཀྱི་ངོས་ནས་འདི་ལ་རྒྱབ་སྐྱོར་དང་མཉམ་ཞུགས་བྱ་ཐུབ་དགོས་རྒྱུ་ནི་ཧ་ཅང་གི་གལ་ཆེན་པོ་རེད་འདུག ཞེས་གསུངས་སོང་།

དེ་ནས་གསར་འགོད་པས་དེ་རིང་གི་ཉིན་མོར་དམིགས་བསལ་གྱིས་དབུ་འབྱེད་གནང་དགོས་པ་དང་བོད་ཁྱིམ་དུ་གནང་དགོས་པའི་རྒྱུ་མཚན་ག་རེ་ཡིན་སྐོར་དྲིས་པར། བདེ་ལེགས་སྨན་ཁང་གི་འགན་འཛིན་ཟླ་བ་ཕུན་སྐྱིད་ལགས་ཀྱིས། དེ་རིང་འཛམ་གླིང་ཊི་སྦི་ཉིན་མོ་རེད། ལས་འཆར་འགྲོ་བཞིན་ཡོད་རེད་དེ། དེ་རིང་ཊི་སྦི་ཉིན་མོ་འདི་ལ་ཚོགས་གཙོ་མཆོག་གདན་འདྲེན་ཞུས་ནས་བོད་ཁྱིམ་དུ་དབུ་འབྱེད་བྱ་དགོས་དོན་ནི། ཊི་སྦི་རྩ་འགོག་གི་ལས་གཞི་འགྲོ་ཡི་ཡོད་པ་དང་། སྐུ་མགྲོན་གདན་འདྲེན་ཞུ་རྒྱུ་དང་སྟབས་བདེའི་འཕྲུལ་ཆས་འཁྱེར་ནས་འགྲོ་རྒྱུའི་ཉེ་ཤོས་སློབ་གྲྭ་ཆགས་ཀྱི་ཡོད་པར་བརྟེན་དེ་ནས་མགོ་འཛུགས་ནས་འགྲོ་ཐུབ་ན་བསམ་པ་ཞིག་རེད། ཅེས་ལན་འདེབས་གནང་སོང་།

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

Politic Re-education propaganda in Tibetan Primary School, Pema County, Golog_2022 Photo:Tibet Times
Mobile App

ཕྱི་ལོ་ ༢༠༢༥ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དང་འབྲེལ་བའི་སྙན་ཐོ་བཏོན།

ཆུ་ཚོད་ ༦ སྔོན་ལ།
ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་། བོད་ཀྱི་དུས་བབ་ཀྱིས་པར་སྒྲིག་སྦྱོར་བྱས།
Mobile App

ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་།

ཆུ་ཚོད་ ༨ སྔོན་ལ།
Satellite data reveals long-term groundwater decline in Himalaya and Tibet region
Mobile App

ཨེ་ཤ་ཡའི་ཁུལ་གྱི་ས་འོག་གི་ཆུ་བརྒྱ་ཆ་ ༧༠ ལྷག་ཇེ་ཉུང་དུ་འགྲོ་བཞིན་འདུག

༢༠༢༦/༠༢/༠༥
UN Report Warns China Is Erasing Tibetan Civilisation Photo:CTA
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་རིག་ཤུལ་མེད་བཟོ་ཐབས་བྱེད་མུས་ཡིན་པ་དང་འབྲེལ་བའི་སྙན་ཐོ་བཏོན།

༢༠༢༦/༠༢/༠༥
ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་
Mobile App

ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་ལགས་ཀྱིས་༸གོང་ས་མཆོག་ལ་འཚམས་འདྲི་ཞུས།

༢༠༢༦/༠༢/༠༤
Mobile App

ཨ་རིས་བོད་མི་རྣམས་ལ་ཨ་སྒོར་ས་ཡ་ ༢༣ རོགས་དངུལ་བཀའ་འཁྲོལ་གཏན་འབེབས་བྱས།

༢༠༢༦/༠༢/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese