མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་གིས་དྷ་རམ་ས་ལའི་རྩོམ་རིག་དུས་སྟོན་ཐོག་མའི་སྟེང་གསུང་འཕྲིན་སྩལ།

བོད་ཀྱི་དུས་བབ།
༢༠༢༢/༠༣/༢༥
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་གིས་བཞུགས་སྒར་དྷ་སར་རྩོམ་རིག་དུས་སྟོན་ཐོག་མ་བསྡུས་པའི་སྟེང་འཚེ་བ་མེད་པ་དང་བྱམས་སྙིང་རྗེ་སྐོར་གྱི་རྒྱ་གར་གྱི་གནའ་བོའི་རིག་གཞུང་ལ་དོ་སྣང་བྱ་རྒྱུའི་ཐུགས་རེ་འཆང་བཞིན་ཡོད་སྐོར་གསུངས།

དེ་རིང་བཞུགས་སྒར་དྷ་སའི་རྫོང་དཔོན་ལས་ཁུངས་ཀྱིས་དྷ་ས་ཁུལ་དུ་རྩོམ་རིག་དར་འཕེལ་ལ་དམིགས་ཏེ། ཆེས་ཐོག་མའི་དྷ་རམ་ས་ལའི་རྩོམ་རིག་དུས་སྟོན་ (Dharamshala Literature Festival) ཞིག་བསྡུས་ཡོད་ཅིང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་རྩོམ་རིག་དུས་སྟོན་དེར་གསུང་འཕྲིན་ཞིག་སྩལ་བའི་ནང་། དུས་སྟོན་འདིའི་བརྒྱུད་ནས་འཚེ་བ་མེད་པ་དང་བྱམས་སྙིང་རྗེ་སྐོར་གྱི་རྒྱ་གར་གྱི་གནའ་བོའི་རིག་གཞུང་ལ་དོ་སྣང་བྱ་རྒྱུའི་ཐུགས་རེ་འཆང་བཞིན་ཡོད་སྐོར་གསུངས་ཡོད་འདུག

བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས་རྩོམ་རིག་དུས་སྟོན་སྟེང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་གསུང་འཕྲིན་སྒྲོག་སྦྱང་གནང་བའི་ནང་། ངོས་རང་གི་འདས་པའི་ལོ་ངོ་ ༦༠ ལྷག་རིང་གི་ཁྱིམ་གཞིར་གྱུར་བའི་གྲོང་སྡེ་དྷ་རམ་ས་ལའི་ནང་རྩོམ་རིག་དུས་སྟོན་ཞིག་བསྡུས་པ་དེར་དགའ་ཚོར་ཆེན་པོ་བྱུང་ལ། ངོས་ནས་དུས་སྟོན་ལ་ཞུགས་མཁན་ཚང་མར་འཚམས་འདྲི་ཞུ་ཡི་ཡོད། ཅེས་དང་། དྷ་སའི་རྩོམ་རིག་དུས་སྟོན་འདི་བཞིན་དཔེ་ཆ་དང་དཔེ་ཀློག་སྲུང་གཙི་ཞུ་རྒྱུའི་དུས་ཚིགས་ཤིག་ཏུ་འགྱུར་རྒྱུ་རེད། དེར་བརྟེན། ངོས་ནས་ཁྱེད་ཚོ་ཚང་མས་སེམས་དང་སེམས་ཚོར་སྐོར་གྱི་རྒྱ་གར་གྱི་གནའ་བོའི་རིག་གཞུང་ཕྱུག་པོ་དག་དང་། དེ་དག་གིས་ཉོན་མོངས་ལ་ཁ་གཏད་ཇི་ལྟར་གཅོག་གི་ཡོད་མེད་སྐོར་ལ་དོ་སྣང་བྱ་རྒྱུར་རེ་བ་བྱེད་ཀྱི་ཡོད། མདོར་བསྡུས་ན། (རྒྱ་གར་གྱི་གནའ་བོའི་རིག་གཞུང་) དེ་ལ་ཞི་བདེ་དང་བདེ་སྐྱིད་ལྡན་པའི་འཛམ་གླིང་བསྐྲུན་རྒྱུར་ནུས་པ་ཆེན་པོ་ཡོད་པ་རེད། ཅེས་གསུངས་ཡོད་འདུག

མགོན་པོ་མཆོག་གི་གསུང་འཕྲིན་ནང་། རྒྱ་གར་ལ་འཛམ་གླིང་གི་རྩོམ་རིག་རིག་གཞུང་རྙིང་གྲས་ཤིག་ཡོད་པ་དེས། སེམས་ལ་དམིགས་གཏད་དེ་བདེ་སྐྱིད་ཀྱི་འབྱུང་ཁུངས་འཚོལ་ཞིབ་བྱེད་ཀྱི་ཡོད། དོན་དུ་ང་ཚོས་བདེ་སྐྱིད་ཡོང་བར་སེམས་ལ་འགྱུར་བཅོས་གཏོང་དགོས། འདི་ནི་རྒྱ་གར་གྱི་སྲོལ་རྒྱུན་འཚེ་བ་མེད་པའི་ལྟ་བ་དང་། གཞན་སྡུག་བསྔལ་ལས་གྲོལ་ན་སྙམ་པའི་སྙིང་རྗེ་གཉིས་ཀྱི་གཞི་རྩ་ཡིན་པ་རེད། ལྟ་གྲུབ་འདི་དག་ནི་དུས་ད་ལྟའང་ཧ་ཅང་རན་ཞིང་འཚམ་པ་ཡིན། ངོས་ནས་འཛམ་གླིང་འདིར་དེང་རབས་ཀྱི་ཤེས་ཡོན་དང་གནའ་བོའི་སྲོལ་རྒྱུན་གཉིས་མཉམ་འབྲེལ་གྱི་ཐོག་ནས་སྔར་བས་ཞི་བདེ་ལྡན་པའི་གོ་ལ་སྐྲུན་རྒྱུའི་ནུས་པ་དེ་རྒྱ་གར་ཁོ་ནར་ཡོད་པ་ཡིད་ཆེས་བྱེད་ཀྱི་ཡོད། ཅེས་གསུངས་འདུག་ལ། རྒྱ་གར་དང་འཛམ་གླིང་གི་ས་ཕྱོགས་གཞན་གྱི་དེང་རབས་རྩོམ་རིག་ནི་གསུང་རབས་ཀྱི་ནང་དུ་ཡོད་པ་ཙམ་མིན་པར། རྩོམ་རིག་ནང་ལོ་རྒྱུས་དང་། བརྩམས་སྒྲུང་། གཏམ་བརྗོད་ཟློས་གར། སྙན་ངག ཁོར་ཡུག་བཅས་ཚུད་ཡོད་པ་དང་། རྩོམ་རིག་བརྒྱུད་ནས་མི་གཞན་གྱི་འཚོ་བར་རྒྱུས་ལོན་བྱེད་ཐབས་དེས། ས་འབབ་དང་གནམ་གཤིས། སྤྱི་ཚོགས་ཀྱི་གོམས་སྲོལ་འདྲ་མིན་ལས་ཐོན་པའི་སྣ་མང་རིག་གཞུང་ཁག་ལ་གོ་རྟོགས་ཡོང་རྒྱུར་ཕན་ཐོགས་ཡོད་སྐོར་དང་། ཕྱོགས་གཞན་ནས་དཔེ་ཀློག་བརྒྱུད། མི་ཚང་མ་ཞི་བདེ་དང་བདེ་སྐྱིད་འདོད་ཅིང་སྡུག་བསྔལ་མི་འདོད་པའི་འགྲོ་བ་མིའི་རིགས་གཅིག་ཡིན་པའི་བདེན་དངོས་དེར་ཡིད་ཆེས་ཡོང་ཐུབ་པ་མ་ཟད། དཔེ་ཀློག་བརྒྱུད་མི་གཞན་གྱི་བསམ་བློ་དང་ཚོར་བ། ཉམས་མྱོང་བཅས་ཤེས་རྟོགས་བྱུང་སྟེ་རང་གི་བསམ་བློ་རྒྱ་ཆེ་རུ་བསྐྱེད་ཐུབ་ཀྱི་ཡོད་སྐོར་གསུངས་ཡོད་འདུག

དེ་རིང་དྷ་ཤོད་ཀྱི་རྒྱ་གར་མཐོ་རིམ་སློབ་གཉེར་ཁང་དུ་འཚོག་པའི་རྩོམ་རིག་དུས་སྟོན་དེར། རྒྱ་གར་གྱི་རྩོམ་པ་པོ་དང་སྙན་ངག་པ་རྣམས་ཀྱིས་གཏམ་བཤད་བྱས་ཡོད་ལ། བོད་རང་བཙན་འཐབ་རྩོད་པ་བསྟན་འཛིན་བརྩོན་འགྲོས་ལགས་དང་། སྙན་ངག་པ་དང་ཉམས་ཞིབ་པ་གཉན་ཚེ་རིང་བཀྲ་ཤིས་ལགས་གཉིས་ཀྱིས་བོད་ཕྱི་ནང་གི་རྩོམ་རིག་སྤྱིའི་གནས་བབ་སྐོར་ནས་གཏམ་བཤད་བྱས་ཡོད་པ་དང་། སྙན་ངག་པ་བསྟན་འཛིན་ཆོས་དབྱིངས་ལགས་ཀྱིས་སྙན་ངག་གྱེར་འདོན་བྱས་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

ལས་འགུལ་བ་སྐལ་བཟང་མཐར་ཕྱིན་ལགས། པར་ཁོང་གི་ངོ་དེབ་ལས་བླངས།
Mobile App

ཀ་ཁ་ག་ང་རྣམ་པར་རྒྱལ་གྱུར་ཅིག་ཅེས་པའི་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ཞི་བའི་གོམ་བགྲོད་མཚམས་འཇོག་བྱས། 

ཆུ་ཚོད་ ༡༣ སྔོན་ལ།
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

དཔའ་བོ་རང་བཙན་བློ་དགའ་ལགས་ཀྱིས་རང་ལུས་མེར་བསྲེགས་ཏེ་སྐུ་གྲོངས་ནས་ཞག་ཞེ་དགུའི་ཉིན་མོ་སྲུང་གཙི་ཞུས། 

༢༠༢༦/༠༨/༢༠
པར་འགྲེལ། དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

འཛམ་གླིང་ས་ཕྱོགས་གང་སར་ངོ་རྒོལ་གྱི་ལས་འགུལ་སྤེལ།

༢༠༢༦/༠༨/༢༠
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Editorials

ལེའུ་གསར་པ་འདིའི་མཇུག་སྐྱོང་མཁན་ནི་ང་ཚོ་ཡིན།

༢༠༢༦/༠༨/༢༠
Mobile App

རྒྱ་ནག་གི་སྒྱུ་རྩལ་བ་གྲགས་ཅན་ཞིག་ལ་འདྲི་ཞིབ་བྱེད་ཀྱི་འདུག

༢༠༢༦/༠༨/༡༩
The expanded list bars Pentagon-funded researchers from collaborating with listed institutions or using their equipment under new rules. Photo: Handout
Mobile App

ཨ་རིས་རྒྱ་ནག་གི་མཉམ་འབྲེལ་ཞིབ་འཇུག་ལས་དོན་ལ་དོགས་ཟོན་བྱ་དགོས་པའི་བཀོད་ཁྱབ་བཏང་།

༢༠༢༦/༠༨/༡༨

མཆན། 1

  1. མགོ་ལོག་ཟླ་བྷེ། says:
    ལོ་ 4 སྔོན།

    ལོ་བཅུ་རེད་དམ་་་ལྟ་ཡག
    མཛོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese