མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧རྒྱལ་བའི་གསུང་རྩོམ་དཔེ་ཚོགས་དེབ་བདུན་དབུ་འབྱེད་གནང་།

བོད་ཀྱི་དུས་བབ།
༢༠༢༢/༠༣/༢༧
Share on FacebookShare on TwitterShare on EmailShare on Whatsapp
བོད་ཀྱི་སྒྲ་སྒྱུར་དང་ཉམས་ཞིབ་ལྷན་ཁང་གིས་བོད་སྒྱུར་གནང་བའི་༧རྒྱལ་བའི་གསུང་རྩོམ་དཔེ་ཚོགས་དང་པོའི་བོད་འགྱུར་པོད་བདུན་དབུ་འབྱེད་གནང་སོང་།

དེ་རིང་གངས་སྐྱིད་དཔེ་མཛོད་ཁང་གི་ཚོགས་ཁང་དུ། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག ཡུ་རོབ་སྤྱི་འཐུས་ཚ་ཁོ་ཐུབ་བསྟན་རྒྱ་མཚོ་ལགས། ཡུ་རོབ་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་བཅས་ཕེབས་ཏེ། ཏཱ་ལའི་བླ་མའི་དགེ་རྩ་ཚོགས་པའི་མཐུན་སྦྱོར་འོག་བོད་ཀྱི་སྒྲ་སྒྱུར་དང་ཉམས་ཞིབ་ལྷན་ཁང་གིས་བོད་སྒྱུར་གནང་བའི་༧རྒྱལ་བའི་གསུང་རྩོམ་དཔེ་ཚོགས་དང་པོའི་བོད་འགྱུར་པོད་བདུན་དབུ་འབྱེད་གནང་སོང་།

སྐབས་དེར་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། དེ་རིང་༧གོང་ས་མཆོག་གི་གསུང་རྩོམ་བོད་སྐད་ནང་བསྒྱུར་བའི་དཔེ་དེབ་དབུ་འབྱེད་མཛད་སྒོའི་སྟེང་མཉམ་ཞུགས་བྱ་ཐུབ་པ་སྐལ་བ་བཟང་པོ་ཞིག་ལ་ངོས་འཛིན་ཞུ་ཡི་ཡོད། དབྱིན་སྐད་ནང་ཡོད་པའི་༧གོང་ས་མཆོག་གི་གསུང་རྩོམ་དེ་དག་བོད་སྒྱུར་དང་ཕྱོགས་སྒྲིག་བྱས་ཏེ་དབུ་འབྱེད་བྱ་རྒྱུའི་མཚམས་ལ་བསླེབས་ཡོང་དུས། བོད་ཀྱི་སྒྲ་སྒྱུར་དང་ཉམས་ཞིབ་ལྷན་ཁང་གི་འགན་འཁྱེར་མཁན་དང་ཕྱག་ལས་གནང་མཁན་གྱི་ཆོད་སེམས་བརྟན་པོ་ཡོད་པ་ནི་གྲུབ་འབྲས་དེ་ནས་མཐོང་ཐུབ་ཀྱི་ཡོད་རེད། ཕྱག་ལས་གང་གནང་བ་དེ་ཞིབ་ཚགས་པོ་དང་། ཉམས་ཞིབ་གང་བྱས་པ་དེ་ཞིབ་ཚགས་པོ་དང་སྤུས་དག་པོ་ཡོང་རྒྱུའི་ཐོག་ལ་འབད་བརྩོན་བྱ་རྒྱུ་དང་། བོད་སྤྱི་བའི་དོན་དུ་ཕྱག་ལས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ལས་གཞི་འདི་དང་མཉམ་དུ་ལོ་ཙཱ་བ་གསོ་སྐྱོང་བྱ་རྒྱུ་གལ་ཆེན་པོ་བརྩི་ཡི་ཡོད་ཀྱང་། ཚད་དང་ལྡན་པ་ཡོང་རྒྱུ་ཁག་པོ་འདུག སྒྲིག་འཛུགས་འདིའི་ནང་ལོ་ཙཱ་བའི་སློབ་སྦྱོང་སྤྲད་པ་ཙམ་མ་ཟད། ལོ་ཙཱ་བ་ཚོས་འབད་བརྩོན་འཕར་མ་བྱས་ཏེ་བོད་ཡིག་ནས་དབྱིན་ཡིག་ཐོག་བསྒྱུར་ཐུབ་རྒྱུ་དང་དབྱིན་ཡིག་ནས་བོད་ཡིག་ལའང་བསྒྱུར་ཐུབ་པའི་གནས་བབ་བཟོ་ཐུབ་པ་ཡིན་ན། མིའི་ནུས་པ་དེ་རང་བཞིན་གྱིས་ཤུགས་ཆེ་རུ་འགྲོ་རྒྱུ་དང་། མ་འོངས་པར་ལས་གཞི་གང་ཞིག་སྤེལ་རུང་རྒྱ་ཆེ་བ་ཡོང་གི་རེད་བསམ་གྱི་ཡོད། མ་འོངས་པར་བོད་སྒྱུར་གནང་བའི་གསུང་རྩོམ་དེ་དག་ཉམས་ལེན་བྱ་རྒྱུའི་འབད་བརྩོན་གནང་དགོས་སྐོར་དང་། གསུང་རྩོམ་དེ་དག་ཐབས་ལམ་མི་འདྲ་བའི་ཐོག་ནས་འགྲེམ་སྤེལ་མང་པོ་བྱ་དགོས་སྐོར་གསུངས་སོང་།

དེ་ནས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས། དེ་རིང་གི་ལས་རིམ་འདིའི་ནང་བཅར་རྒྱུ་བྱུང་བར་སྐལ་བ་བཟང་པོ་བྱུང་། ༧གོང་ས་མཆོག་གི་དགོངས་གཞི་དང་མཛད་འཕྲིན། འཛམ་གླིང་འདིའི་ཐོག་ལ་མ་འོངས་པའི་འཛུགས་སྐྲུན་གང་ཡོད་པ་དེ་དག་གཙོ་བོ་༧གོང་ས་མཆོག་གི་གསུང་གི་ཐོག་ནས་རྟོགས་ཐུབ་ཀྱི་ཡོད་པས། གསུང་དེ་དག་ཡོངས་ཁྱབ་སླད་སྒྲ་སྒྱུར་དང་འགྲེམ་སྤེལ་གནང་ཐུབ་རྒྱུ་དང་། འགྲེམ་སྤེལ་གནང་དགོས་པའི་དུས་ཚོད་གལ་ཆེན་པོ་ཆགས་ཀྱི་ཡོད་པ་རེད། དེར་བརྟེན་འབྲེལ་ཡོད་ཚང་མ་ལ་དེ་སྔ་ཕྱག་ལས་གནང་ཟིན་པ་དང་ཕྱག་ལས་གནང་མཁན་ཡོངས་ལ་བསྔགས་བརྗོད་ཞུ་རྒྱུ་དང་། སེམས་ཤུགས་མ་ཆགས་པའི་ཐོག་ནས་མུ་མཐུད་དུ་ལས་འགན་རྒྱ་ཆེ་རུ་གཏོང་དགོས་རྒྱུ་གལ་ཆེན་པོ་རེད་འདུག གཙོ་བོ་༧གོང་ས་མཆོག་གི་གསུང་བོད་སྐད་ཐོག་བསྒྱུར་བ་མ་ཟད། བསྒྱུར་ཟིན་པ་རྣམས་ཕྱོགས་སྒྲིག་བྱ་རྒྱུ་དང་། དེ་མིན་སྐད་རིགས་གཞན་རྒྱ་སྐད་དང་ཉི་ཧོང་གི་སྐད་ལ་སོགས་པར་བསྒྱུར་ཐུབ་པའི་ལས་གཞི་རྒྱ་ཆེ་རུ་གཏོང་ཐུབ་ན་ཡག་པོ་འདུག དེང་སང་འཛམ་གླིང་ནང་༧གོང་ས་མཆོག་གི་མཚན་མི་མཁྱེན་མཁན་མེད་པའི་གནས་སྟངས་འདྲ་བོ་ཆགས་ཡོད་པས། གསུང་དེ་དག་རིན་ཐང་ཆེན་པོ་ཆགས་འགྲོ་ཡི་རེད། དེར་བརྟེན་འགྲོ་བ་སྤྱི་ལ་ཕན་ཐོགས་རྒྱུ་དང་བྱེ་བྲག་ཏུ་སྒེར་སོ་སོའི་ཐོག་ནས་མི་ཚེའི་འཚོ་བ་ཤེས་པར་ཕན་ཐོགས་རྒྱུ་གལ་ཆེན་པོ་ཆགས་ཀྱི་ཡོད་པ་རེད། དེར་བརྟེན་ལས་གཞི་རྒྱ་ཆེ་རུ་གཏོང་ཐུབ་རྒྱུ་དེ་གལ་ཆེན་པོ་རེད་འདུག དེ་བཞིན་ང་ཚོའི་སྤྱི་ཚོགས་ནང་དཔེ་ཀློག་དང་བགྲོ་གླེང་བྱ་རྒྱུའི་ཐད་དོ་སྣང་བསླེབས་པར་ལས་རིམ་མང་པོ་སྤེལ་རྒྱུ་གལ་ཆེན་པོ་རེད་འདུག་ཅེས་༧གོང་ས་མཆོག་གི་གསུང་དེ་དག་སློབ་གྲྭ་ཁག་གི་ནང་སོ་སོའི་སློབ་ཚན་དང་འབྲེལ་བ་ཡོད་མེད་ལ་མ་ལྟོས་པར་དུས་ཚོད་སྟོང་པ་ག་དུས་རག་རུང་༧གོང་ས་མཆོག་གི་གསུང་རྩོམ་དེ་དག་ལ་ཐུགས་སྣང་གནང་རྒྱུ་དང་ཀློག་རྒྱུ་སོགས་གལ་ཆེན་ཡིན་སྐོར་སོགས་གསུངས་སོང་།

ཡུ་རོབ་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཀྱིས། ༧གོང་ས་མཆོག་གི་གསུང་རྩོམ་དེ་དག་བོད་རིགས་མི་མང་ཚོར་ཕན་ཐོགས་ཡོང་བར་དགོངས་པ་བཞེས་ཏེ་སྒྲ་སྒྱུར་གནང་བཞིན་ཡོད་པ་རེད། ལོ་མང་རིང་ཕྱག་ལས་གནང་བ་ནང་བཞིན་མཐུན་རྐྱེན་རོགས་རམ་གནང་མཁན་མང་པོ་ཡོད་རེད། ༧གོང་ས་མཆོག་གི་གསུང་རྩོམ་རྣམས་བོད་སྐད་ནང་བསྒྱུར་ཐུབ་པ་དེ་ལས་སླ་པོ་མ་རེད་བསམ་གྱི་ཡོད། གསུང་རྩོམ་དེ་དག་ལ་དོ་སྣང་དང་འགན་འཁུར་བའི་ཐོག་ནས་པར་སྐྲུན་གནང་ཐུབ་པར་ང་རང་གི་ངོས་ནས་ཕྱག་ལས་གནང་མཁན་ཡོངས་ལ་བཀྲ་ཤིས་བདེ་ལེགས་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། མ་འོངས་པའི་གཞོན་སྐྱེས་ཚོས་༧གོང་ས་མཆོག་གི་གསུང་ཀློག་ཐུབ་པར་ཕན་ཐོགས་ཡོང་གི་རེད། བོད་ཀྱི་སྒྲ་སྒྱུར་དང་ཉམས་ཞིབ་ལྷན་ཁང་གིས་ཕྱག་ལས་མུ་མཐུད་དེ་གནང་རོགས་གནང་། མ་འོངས་པར་བྱ་བ་ལམ་འགྲོ་ཡོང་བའི་སྨོན་འདུན་ཡོད་སྐོར་སོགས་གསུངས་སོང་།

ཡུ་རོབ་སྤྱི་འཐུས་ཚ་ཁོ་ཐུབ་བསྟན་རྒྱ་མཚོ་ལགས་ཀྱིས། ང་རང་གི་ཕ་ཡུལ་རྒྱ་རོང་རེད། ང་རང་ཆུང་དུས་མཁས་དབང་མི་དགེ་བསམ་གཏན་ལགས་ཀྱི་དྲུང་ནས་གསུང་ཆོས་ཞུས་མྱོང། མཁས་དབང་མི་དགེ་བསམ་གཏན་གྱི་བཀའ་སློབ་གནང་བའི་ནང་། ང་ཚོ་བོད་རིགས་འདི་རང་གི་རྐང་པའི་སྒང་ལ་ལངས་དགོས་ཀྱི་འདུག རྒྱལ་ཁབ་དང་མི་རིགས་ཡར་རྒྱས་འགྲོ་དགོས་ཀྱི་ཡོད་ན། ཡིན་ཅིག་མིན་ཅིག་རྒྱ་ཡིག་དང་དབྱིན་ཡིག་སྦྱངས་དགོས་པ་ཁྱབ་ཀྱི་མ་རེད། དཔེར་ན། ཉི་ཧོང་ལྟ་བུ་ལ་མཚོན་ན། ཉི་ཧོང་གི་མི་རིགས་འདི་ཕྱིའི་རྒྱལ་ཁབ་དང་མི་རིགས་དེ་དག་གིས་རང་གི་སྐད་ཡིག་ལ་མཐོང་དང་ཡིད་ཆེས་ཆེ་བས་ཕྱིའི་སྐད་ཡིག་བེད་སྤྱོད་གཏོང་གི་མ་རེད། གཙོ་བོ་སོ་སོའི་སྐད་ཡིག་གི་རིན་ཐང་ཡོད་དགོས་པ་དང་རང་གི་རང་ལ་ཡིད་ཆེས་དགོས་ན། རང་གི་སྐད་དང་ཡི་གེ། རིག་གཞུང་དང་ཆེ་མཐོང་ལ་གདེང་ཚོད་དགོས་ན། སྐད་རིན་ཐང་ལྡན་པ་དང་རིག་གནས་སྣ་ཚོགས་ལྡན་པ་དགོས་ཀྱི་ཡོད་རེད། མདོར་ན་བོད་མི་རིགས་དེ་སླར་ཡང་རང་གི་རྐང་པའི་སྒང་ལངས་དགོས་ཀྱི་ཡོད་ན། གཙོ་བོ་རང་གི་སྐད་དང་ཡི་གེ་ལ་མཐོང་དང་ཡིད་ཆེས་བྱེད་དགོས་ཀྱི་ཡོད་རེད། ད་དུང་རང་གི་ཆོས་དང་རིག་གཞུང་དེ་དག་རྩ་ཆེན་པོ་བརྩི་དགོས་ཀྱི་ཡོད་པ་རེད། ཏཱ་ལའི་བླ་མའི་དགེ་རྩ་ཚོགས་པའི་མཐུན་འགྱུར་འོག བོད་ཀྱི་སྒྲ་སྒྱུར་དང་ཉམས་ཞིབ་ལྷན་ཁང་གིས་༧རྒྱལ་བའི་གསུང་རྩོམ་དེ་དག་བོད་བསྒྱུར་གནང་བར་ཐུགས་རྗེ་གནང་ཞུ་ཡི་ཡིན། ༧གོང་ས་མཆོག་གིས་སེམས་པ་བཟང་པོ་དང་མི་ཡག་པོ་བྱ་དགོས་པའི་བཀའ་སློབ་གནང་བ་ལྟར། ང་ཚོའི་བརྒྱུད་ལམ་འདིའི་ནང་གསན་གཟིགས་གནང་མཁན་བོད་མི་ཡོངས་ཀྱིས་སེམས་པ་བཟང་པོ་གནང་རྒྱུའི་འབད་བརྩོན་གནང་དགོས་རེད་བསམ་གྱི་ཡོད་སྐོར་སོགས་གསུངས་སོང་།

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

Politic Re-education propaganda in Tibetan Primary School, Pema County, Golog_2022 Photo:Tibet Times
Mobile App

ཕྱི་ལོ་ ༢༠༢༥ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དང་འབྲེལ་བའི་སྙན་ཐོ་བཏོན།

ཆུ་ཚོད་ ༤ སྔོན་ལ།
ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་། བོད་ཀྱི་དུས་བབ་ཀྱིས་པར་སྒྲིག་སྦྱོར་བྱས།
Mobile App

ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་།

ཆུ་ཚོད་ ༦ སྔོན་ལ།
Satellite data reveals long-term groundwater decline in Himalaya and Tibet region
Mobile App

ཨེ་ཤ་ཡའི་ཁུལ་གྱི་ས་འོག་གི་ཆུ་བརྒྱ་ཆ་ ༧༠ ལྷག་ཇེ་ཉུང་དུ་འགྲོ་བཞིན་འདུག

༢༠༢༦/༠༢/༠༥
UN Report Warns China Is Erasing Tibetan Civilisation Photo:CTA
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་རིག་ཤུལ་མེད་བཟོ་ཐབས་བྱེད་མུས་ཡིན་པ་དང་འབྲེལ་བའི་སྙན་ཐོ་བཏོན།

༢༠༢༦/༠༢/༠༥
ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་
Mobile App

ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་ལགས་ཀྱིས་༸གོང་ས་མཆོག་ལ་འཚམས་འདྲི་ཞུས།

༢༠༢༦/༠༢/༠༤
Mobile App

ཨ་རིས་བོད་མི་རྣམས་ལ་ཨ་སྒོར་ས་ཡ་ ༢༣ རོགས་དངུལ་བཀའ་འཁྲོལ་གཏན་འབེབས་བྱས།

༢༠༢༦/༠༢/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese