མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མིའི་སྒྲིག་འཛུགས་ཀྱི་དྲ་ཐོག་འཛིན་སྐྱོང་གི་ལས་གཞི་དངོས་སུ་མགོ་བརྩམས།

བོད་ཀྱི་དུས་བབ།
༢༠༢༢/༠༤/༠༡
Share on FacebookShare on TwitterShare on EmailShare on Whatsapp

སྲིད་སྐྱོང་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་ཐོག་འཛིན་སྐྱོང་གི་ལས་གཞི་གློག་འཕྲུལ་ཡིག་ཚགས་ཞེས་པ་དབུ་འབྱེད་གནང་བ་དང་བསྟུན། ཕྱི་ལོ་ ༡༩༥༩ ནས་ ༢༠༢༢ བར་གྱི་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་གི་ཡིག་ཚགས་ཡོངས་དྲ་ལམ་དུ་ཉར་ནས་བོད་མིའི་སྒྲིག་འཛུགས་ཕྱོགས་ཡོངས་ནས་དྲ་ཐོག་འཛིན་སྐྱོང་གི་གཞུང་ཞིག་ཏུ་བསྒྱུར་རྒྱུ་ཡིན་པ་རེད།

དེ་རིང་སྔ་དྲོའི་ཆུ་ཚོད་ ༩ ། ༡༥ སྟེང་གངས་སྐྱིད་སྲིད་སྐྱོང་ཚོགས་ཁང་དུ་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་གི་ལས་དོན་དང་འབྲེལ་བའི་ཡིག་ཚགས་ཡོངས་གློག་འཕྲུལ་ཡིག་ཚགས་ (e-filing) ལམ་ལུགས་ཅན་དུ་བསྒྱུར་རྒྱུའི་ལས་གཞི་དབུ་འཛུགས་ཞུས་པ་དངོས་སུ་དབུ་འབྱེད་གནང་སོང་བ་དང་། མཛད་སྒོའི་སྟེང་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གཙོ་བྱས་པའི་བཀའ་བློན་རྣམ་པ་དང་ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ་དང་སྲི་ཞུའི་ལས་བྱེད་བཅས་འཛོམས་འདུག

སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་གློག་ཀླད་སྡེ་ཚན་གྱི་འགན་འཛིན་ལེགས་བཤད་ལགས་ཀྱིས། ད་སྔ་བར་དབུས་ས་གཉིས་བར་དྲ་ལམ་བརྒྱུད་ཡིག་འབྲེལ་གནང་གི་ཡོད་པ་ལས། དབུས་ལྷན་ཁང་ཁག་གི་བར་ཡིག་འབྲེལ་གནང་གི་མེད་སྟབས། སྲིད་སྐྱོང་མཆོག་ནས་ལམ་སྟོན་གནང་བ་ལྟར། དྲ་ཐོག་འཛིན་སྐྱོང་(E-government)གི་ཆ་ཤས་ཀྱི་ཐོག་ནས་དབུས་ལྷན་ཁང་ཁག་གི་བར་ཤོག་གི་བེད་སྤྱོད་ཉུང་ཙམ་བཏང་ནས་དྲ་ལམ་ཅན་དང་དྲ་མཛོད་ཅན་དུ་བསྒྱུར་དགོས་པའི་བཀའ་ཕེབས་པ་གཞིར་བཟུང་། ཕྱི་དྲིལ་གློག་ཀླད་སྡེ་ཚན་གྱིས་འགན་ཁུར་ཡོད་སྐོར་བརྗོད་པ་དང་འབྲེལ། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་གློག་འཕྲུལ་ཡིག་ཚགས་ཀྱི་ལས་གཞི་དངོས་སུ་དབུ་འབྱེད་གནང་སོང་།

སྐབས་དེར་སྲིད་སྐྱོང་མཆོག་གིས། དེ་རིང་ང་ཚོ་དེང་དུས་དང་མཐུན་པའི་གོམ་པ་ཞིག་རྒྱག་གི་ཡོད། དེ་རིང་ནས་བཟུང་བོད་མིའི་སྒྲིག་འཛུགས་ཀྱིས་དྷ་རམ་ས་ལ་ནང་ཁུལ་གྱི་ཡི་གེ་ཚང་མ་དྲ་ཐོག་ནས་གཏང་རྒྱུ་དང་། སྔོན་མ་འཆར་གཞི་ཡོད་པ་གཞིར་བཟུང་དྲ་ཐོག་འཛིན་སྐྱོང་གི་ལས་གཞི་འདི་རྒྱ་ཆེན་པོ་ཞེ་དྲགས་རེད། དེའི་ནང་ལོགས་ནས་ཆ་ཤས་གཅིག་ནི་ང་ཚོ་ཕན་ཚུན་ཡིག་འབྲེལ་བྱེད་བཞིན་པ་ཚང་མ་དྲ་ཐོག་ཏུ་ཉར་རྒྱུ་དང་། གཅིག་ནི་ཕྱི་ལོ་ ༡༩༥༩ ནས་ ༢༠༢༢ བར་གྱི་ཡིག་ཚགས་དང་དེ་སྔ་བཀའ་ཤག་སྐབས་བཅུ་གསུམ་པས་ལྷན་ཁང་ཁག་ནས་བསྡུ་རུབ་ཀྱིས། ད་ལྟ་ཆོས་རིག་ལས་ཁུངས་ཀྱི་ལོ་རྒྱུས་ཚན་པའི་འགན་འཁུར་འོག་དབྱེ་གསེས་ཀྱི་ལས་རིམ་འགྲོ་བཞིན་པ་དེ་རེད། དེའི་ཐོག་འབྲེལ་ཡོད་རྣམ་པ་ཚོས་སྐུ་ལས་བསྐྱོན་ཡོད། འོན་ཀྱང་། ད་དུང་ཡང་ཚད་དང་ལྡན་པ་ཞིག་ཡོང་ཁག་པོ་ཆགས་འདུག་སྟབས། ལས་གཞི་དེ་མར་སྣེ་ལེན་ཁང་དུ་སྤར་ནས་སྣེ་ལེན་ཁང་གི་ས་ཆའི་ཆ་ཤས་ཤིག་བེད་སྤྱོད་བཏང་ནས་ཕྱི་ལོ་ ༡༩༥༩ ནས་ ༢༠༢༢ བར་གྱི་ཡིག་ཚགས་ཁག་པར་ལེན་དང་འདྲ་བཤུས་བརྒྱག་རྒྱུ་ཡིན་པ་མ་ཟད། དེ་དག་དབྱེ་གསེས་ཀྱིས་མ་འོངས་པར་ཡིག་ཆ་རིགས་འཚོལ་དགོས་བྱུང་ཚེ་སྟབས་བདེ་ངང་འཚོལ་ཐུབ་ཐབས་བཟོ་རྒྱུ་ཡིན། ཞེས་གསུངས་སོང་།

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གསུངས་པ་ལྟར་ན། བོད་མིའི་སྒྲིག་འཛུགས་ཀྱི་དྲ་ཐོག་འཛིན་སྐྱོང་དང་འབྲེལ་བའི་གློག་འཕྲུལ་ཡིག་ཚགས་དང་ཡིག་འབྲེལ། ཕྱི་ལོ་ ༡༩༥༩ ནས་ ༢༠༢༢ བར་གྱི་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་གི་ཡིག་ཚགས་རྣམས་དྲ་མཛོད་དུ་ཉར་ཚགས་བྱ་རྒྱུའི་ལས་གཞི་དེ་མ་མཐར་ལོ་ ༣ ནས་ ༥ བར་གྱི་ལས་གཞི་ཡིན་པ་དང་། ད་སྔ་བར་གྱི་བོད་མིའི་སྒྲིག་འཛུགས་ཀྱི་དབུས་ལྷན་ཁང་ཁག་ཡོངས་ཀྱི་ཡིག་ཆ་རྣམས་པར་ལེན་པ་དང་འདྲ་བཤུས་རྒྱག་པ། དེ་བཞིན་དབྱེ་གསེས་སོགས་བྱས་ཏེ། མ་འོངས་པར་སྟབས་བདེ་ངང་འཚོལ་ཐུབ་ཐབས་སུ་དྲ་མཛོད་དུ་ཉར་རྗེས། ས་གནས་ཁག་གི་ལས་ཁུངས་དང་ལྷན་ཁང་གལ་ཆེན་དག་གི་ཡིག་ཚགས་རིགས་དྲ་ལམ་དུ་ཉར་རྒྱུ་ཡིན་པ་རེད་ལ། མི་རིང་བར་ས་གནས་མགོ་འཛིན་ལས་ཁུངས་དང་དོན་གཅོད་ཁང་ཁག་ནས་ཀྱང་དྲ་ཐོག་ཡིག་འབྲེལ་དང་གློག་འཕྲུལ་ཡིག་ཚགས་ཀྱི་ལས་གཞི་དེའི་ནང་ཆ་ཤས་བླངས་ཏེ། བོད་མིའི་སྒྲིག་འཛུགས་ཕྱོགས་ཡོངས་ནས་དྲ་ཐོག་འཛིན་སྐྱོང་ཅན་དུ་བསྒྱུར་རྒྱུ་ཡིན་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

TTTT
Mobile App

རྒྱ་ནག་གཞུང་གིས་བོད་མིའི་ནང་ཁུལ་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་ཐབས་སྔར་ལྷག་བྱེད་བཞིན་འདུག

ཆུ་ཚོད་ ༩ སྔོན་ལ།
TTTT
Mobile App

ལ་སྐོར་ལུང་སྐོར་བྱས་ནས་ཨ་རིའི་རོགས་དངུལ་ཨ་སྒོར་ས་ཡ་བདུན་སླར་གསོ་ཐུབ།

ཆུ་ཚོད་ ༡༠ སྔོན་ལ།
TTT
Mobile App

གདོང་ཐོག་ཚེ་རིང་ལགས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་དྲུང་གཞོན་ལས་རོགས་སུ་བསྐོ་གཞག་གནང་།

ཆུ་ཚོད་ ༡༡ སྔོན་ལ།
སྲིད་སྐྱོང་དང་དཔལ་འབྱོར་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༣།༡༥
Mobile App

རྩིས་ལོ་ ༢༠༢༦ ་་་ ༢༠༢༧ ལོར་སྔོན་རྩིས་ཧིན་སྒོར་ས་ཡ་ ༣༤༠༧།༤༢ འཆར་འབུལ་ཞུས་འདུག 

༢༠༢༦/༠༣/༡༦
སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༡ པ་འཚོག་བཞིན་པ། ༢༠༢༦།༣།༡༦ བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་བདུན་པའི་སྔོན་རྩིས་གྲོས་ཚོགས་འཚོག་མགོ་བཙུགས།

༢༠༢༦/༠༣/༡༦
བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་མཉམ་འདུས་ཚོགས་སྡེའི་ཚོགས་ཆེན་ཐེངས་གསུམ་པ་འཚོགས། ༢༠༢༦།༣།༡༣ དུས་བབ་ཀྱི་པར།
Mobile App

སྟོབས་དང་ནུས་པ་གང་ཡོད་པ་ངོས་བཟུང་ནས་ང་ཚོའི་ཞན་ཆ་ཉུང་དུ་གཏོང་དགོས་ཞེས་གསུངས།

༢༠༢༦/༠༣/༡༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese