མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དུས་འཁོར་རྒྱུད་འགྲེལ་ཆེན་མོའི་ཕྱག་དཔེ་པོད་ ༩ དབུ་འབྱེད་གནང་།

བོད་ཀྱི་དུས་བབ།
༢༠༢༢/༠༤/༠༡
Share on FacebookShare on TwitterShare on EmailShare on Whatsapp

རྩོམ་པ་པོ་ཤེས་རབ་དར་རྒྱས་ལགས་ཀྱིས་རྩོམ་སྒྲིག་གནང་བའི་པོད་ ༩ ཅན་གྱི་དུས་འཁོར་རྒྱུད་འགྲེལ་ཆེན་མོའི་ཕྱག་དཔེ་དབུ་འབྱེད་གནང་སྐབས་༧གོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་ད་ལྟའང་བུ་སྟོན་རིན་ཆེན་གྲུབ་ནས་བརྒྱུད་པའི་དཔལ་དུས་ཀྱི་འཁོར་ལོའི་བཤད་ལུང་ཆེན་པོ་གནས་མུས་ཡིན་སྐོར་གསུངས་སོང་།

དེ་རིང་དྷ་ས་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ། སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་རྣམ་གཉིས། དེ་བཞིན་སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་དང་། བྱ་དོ་རིན་པོ་ཆེ་མཆོག དགའ་ལྡན་ཕོ་བྲང་གི་དྲུང་ཆེ་བློ་བཟང་སྦྱིན་པ་ལགས་བཅས་ལྷན་འཛོམས་ཐོག  རྩོམ་པ་པོ་ཤེས་རབ་དར་རྒྱས་ལགས་ཀྱིས་འདས་པའི་ལོ་ ༡༥ ལྷག་གི་རིང་རྩོམ་སྒྲིག་གནང་བའི་པོད་ ༩ ཅན་གྱི་དུས་འཁོར་རྒྱུད་འགྲེལ་ཆེན་མོའི་ཕྱག་དཔེ་དབུ་འབྱེད་དང་འབྲེལ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་དྲིན་རྗེས་དྲན་ཞུས་སོང་།

མཛད་སྒོའི་ཐོག་མཁན་ཟུར་བྱ་དོ་རིན་པོ་ཆེ་མཆོག་གིས་རང་གི་རྩ་བའི་བླ་མ་ཀིརྟི་མཚན་ཞབས་རིན་པོ་ཆེའི་དྲུང་ནས་དུས་འཁོར་རྒྱུད་འགྲེལ་གྱི་བཤད་ལུང་གསན་ཚུལ་དང་། ད་ལྟའི་ཆར་དུས་འཁོར་རྒྱུད་འགྲེལ་གྱི་བཤད་ལུང་གི་རྒྱུན་མ་ཆད་པར་ལྷག་བསྡད་པ་དེ་ཉིད་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཐུགས་རྗེའི་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་བྱུང་བ་ཡིན་སྐོར་དང་། ད་ལྟའི་ཆར་རྒྱ་གར་ནང་དུས་འཁོར་རྒྱུད་འགྲེལ་གྱི་བཤད་ལུང་གི་རྒྱུན་དེ་མི་ ༦༥ ལྷག་ལ་ཡོད་སྐོར་སོགས་གསུངས་ཏེ། སྤྱིར་མང་ཚོགས་ཀྱི་བསམ་བློའི་ནང་དུས་འཁོར་རྒྱུད་འགྲེལ་དེ་ཆོས་ཕྱོགས་ཁོ་ནར་འབྲེལ་བ་ཞིག་ལ་སླེབས་སྲིད་ཀྱང་། དེ་ནི་བོད་ཀྱི་རིག་གཞུང་དང་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་སྐོར་གསུངས་སོང་། དེའི་རྗེས་བཀའ་ཟུར་སྐྱབས་རྗེ་རིན་པོ་ཆེ་མཆོག་ནས་ཆད་ལ་ཉེ་བའི་དུས་འཁོར་རྒྱུད་འགྲེལ་གྱི་རྒྱུན་བསྐྱངས་ཏེ་ད་བར་དར་འཕེལ་བྱུང་བ་དེར་བྱ་དོར་རིན་པོ་ཆེ་དང་ཞ་ལུ་དགོན་པར་བསྔགས་བརྗོད་གནང་བ་དང་འབྲེལ། རིན་པོ་ཆེ་རང་ཉིད་དང་ཐད་ཀར་འབྲེལ་བ་ཡོད་པའི་ཀིརྟི་མཚན་ཞབས་རིན་པོ་ཆེ་མཆོག་གི་སྐོར་ནས། ཀིརྟི་མཚན་ཞབས་རིན་པོ་ཆེ་ཞེས་པ་དེ་ཡོངས་གྲགས་ཀྱི་མཚན་ཞིག་ཡིན་པ་དང་། བླ་མའི་མཚན་ངོ་མ་དེ་ཚ་ཕྲུག་དགེ་བཤེས་རིན་པོ་ཆེ་ཡིན་པ་དང་། ཁོང་གིས་སྟག་ཚང་ལྷ་མོ་ཀིརྟི་དགོན་པའི་མཁན་པོ་གནང་བ་ཡིན་སྟབས། རྒྱུན་དུ་ཁོང་ལ་མཁན་པོ་ཚང་ཞེས་འབོད་ཀྱི་ཡོད་སྐོར་དང་། སྤྱིར་ཀིརྟི་རིན་པོ་ཆེ་མཆོག་ཁོང་ཉིད་དང་ཀིརྟི་མཚན་ཞབས་རིན་པོ་དབར་ལ་ཆོས་རར་འགྲོ་རོགས་སོགས་ལས་ཆོས་འབྲེལ་མེད་ནའང་། ཕྱི་ལོ་ ༡༩༨༣ ལོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དུས་འཁོར་རྒྱུད་འགྲེལ་ཞུ་དགོས་པའི་བཀའ་གནང་བ་ལྟར་མཚན་ཞབས་རིན་པོ་ཆེ་མཆོག་ནས་ཞུས་ཡོད་སྐོར་དང་། རིན་པོ་ཆེ་མཆོག་ནས་དུས་ད་ལྟའང་བོད་མདོ་སྨད་ཁུལ་དུ་འཇིགས་མེད་བསམ་གཏན་ཚང་གི་དུས་འཁོར་རྒྱུད་འགྲེལ་གྱི་རྒྱུན་དེ་ལྷག་ཡོད་མེད་རྩད་འཚོལ་གནང་མུས་ཡིན་སྐོར་སོགས་གསུངས་སོང་།

དེ་བཞིན་མཛད་སྒོའི་སྟེང་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་བློ་བཟང་སྦྱིན་པ་ལགས་ཀྱིས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བླ་ན་མེད་པའི་ཐུགས་བསྐྱེད་ལ་བརྟེན་ནས་བོད་ཀྱི་ནང་བསྟན་སླར་གསོ་རྒྱ་ཆེར་བྱུང་བའི་སྐོར་ནས་གསུང་བཤད་གནང་ཡོད་ཅིང་། གསུང་བཤད་སྐབས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བོད་ནང་ཆོས་དོན་འཛུགས་གནང་མཛད་དེ་གཏོང་སྒོ་གཏོང་མི་ཐུབ་པའི་དགེ་བཤེས་རྣམས་ལ་གཞུང་གིས་མཐུན་འགྱུར་གནང་ཚུལ་དང་། རྒྱ་གར་དུ་བཙན་བྱོལ་དུ་ཆིབས་བསྒྱུར་བསྐྱངས་རྗེས་སྤྱིར་བོད་མི་ཡོངས་དང་། ལྷག་པར་དུ་ས་དགེ་བཀའ་རྙིང་བོན་དང་བཅས་པའི་ཆོས་བརྒྱུད་རིས་མེད་ཀྱི་བསྟན་པ་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་ཆེད་དུ་ཐུགས་བསྐྱེད་ཆེན་པོ་མཛད་ཡོད་སྐོར་གསུངས་སོང་།

དེའི་རྗེས་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས། བོད་མི་རྣམས་ཐོག་མར་བཙན་བྱོལ་དུ་འབྱོར་སྐབས་ཕྱི་གླིང་པའི་ཁྲོད་ནང་བསྟན་དེ་ཁུངས་ལུང་དེ་ཙམ་མེད་པའི་ཐོག་ནས་བཟོས་པའི་

བླ་མའི་རིང་ལུགས་ཤིག་ལ་ངོས་འཛིན་བྱེད་མཁན་མང་པོ་བྱུང་ཡོད་ནའང་། ༧གོང་ས་མཆོག་ནས་འཛམ་གླིང་གི་ཆོས་ལུགས་མང་པོར་ཐུགས་རྒྱུས་གནང་བ་མ་ཟད། ནང་བསྟན་ལའང་ནང་ཆོས་ཀྱི་ལྟ་གྲུབ་དང་ཚན་རིག ཆོས་ལུགས་བཅས་དོན་ཚན་གསུམ་དུ་ཕྱེས་ཏེ། ཕྱིའི་ཚན་རིག་པ་རྣམས་ཀྱིས་སྒོམ་དང་དྲན་པ་ཉེར་བཞག་སོགས་ཀྱི་ཐོག་ལ་ཞིབ་འཇུག་གནང་སྟེ་གྲུབ་འབྲས་གང་འཚམ་ཐོན་བཞིན་པ་དེར་མགོན་པོ་ཁོང་ཉིད་ཀྱི་བཀའ་དྲིན་ཡིན་སྐོར་སོགས་གསུངས་སོང་།

མཇུག་ཏུ་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། ཁོང་བོད་མིའི་ས་གནས་ཁག་གི་དགོན་སྡེ་ཁག་ལ་མཇལ་ཁར་ཕེབས་དུས། ༧གོང་ས་མཆོག་གི་ཐུགས་དགོངས་དང་། ཡང་ན་དངོས་སུ་རོགས་མགོན་མ་གནང་བའི་དགོན་པ་ཞིག་ཕལ་ཆེར་མེད་པ་ལྟ་བུ་ཡིན་སྐོར་དང་། ཕྱི་ལོ་ ༡༩༥༠ ཡི་ནང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཆབ་སྲིད་ཀྱི་གནས་སྟངས་ཛ་དྲག་པོའི་སྐབས་སུའང་འཕྲལ་སེལ་གྱི་དཀའ་ངལ་ཙམ་ལ་མ་གཟིགས་པར། མ་འོངས་ཕུགས་རྒྱང་རིང་པོའི་ཐོག་ལ་དགོངས་པ་རླབས་ཆེན་བཞེས་ཡོད་པ་དང་། སྐབས་རེར་མགོན་པོ་མཆོག་གི་རྒྱ་ཆེ་བའི་དགོངས་བཞེད་དག་ང་ཚོའི་བསམ་བློའི་ནང་མ་ཤོང་བར་དོགས་པ་དང་རྣམ་རྟོག་སླེབས་སྲིད་པ་ཞིག་ཡིན་སྐོར་སོགས་གསུངས་སོང་ལ། བོད་མི་རྣམས་ཀྱིས་འདས་པའི་སྐད་ཆ་རྙིང་པ་རྣམས་གླེང་སློང་མང་པོ་མེད་པར་མདུན་ལ་སྐྱོད་ཐབས་ཇི་ཡོད་ཐོག་ལ་འབད་བརྩོན་གནང་དགོས་སྐོར་གསུངས་སོང་།

རྩོམ་པ་པོ་ཤེས་རབ་དར་རྒྱས་ལགས་ཀྱིས་དུས་འཁོར་རྒྱུད་འགྲེལ་སྐོར་གྱི་དཔེ་དེབ་ངོ་སྤྲོད་གནང་དོན། དུས་འཁོར་རྒྱུད་འགྲེལ་ཆེན་མོ་འདི་གཞུང་ཚན་བདུན་མཉམ་དུ་སྦྲགས་ནས་བསྒྲིགས་ཡོད་པ་དང་། གཞུང་ཚན་དང་པོ་དེ་དུས་འཁོར་ཆོས་བརྒྱུད་གང་འདྲ་བྱུང་ཡོད་མེད་དང་། དེ་དག་གི་རྒྱུད་པའི་བླ་མ་རྣམས་ཀྱི་རྣམ་ཐར་བཅས་བསྒྲིགས་པའི་དུས་འཁོར་ཆོས་འབྱུང་དང་། རིགས་ལྡན་འཇམ་དཔལ་གྲགས་པས་གསུངས་པའི་དུས་འཁོར་བསྡུས་རྒྱུད་ཟེར་བ་དེ་རྩ་བ་ཆགས་ཡོད་པ་དང་། དེའི་འགྲེལ་པ་རིགས་ལྡན་པདྨ་དཀར་པོས་མཛད་པའི་འགྲེལ་ཆེན་དྲི་མེད་འོད་ཟེར་བ་དང། དེ་གཉིས་ལ་བུ་སྟོན་རིན་པོ་ཆེ་མཆོག་གིས་མཆན་འགྲེལ་རེ་རེ་བྲིས་ཡོད་ཅིང་། དེ་བཞིན་བུ་སྟོན་རིན་པོ་ཆེ་མཆོག་གིས་དུས་འཁོར་འགལ་སྤོང་ཞེས་པ་ཞིག་བརྩམས་ཡོད་པ་དེ་དང་། དེའི་ཐོག་དུས་འཁོར་ས་བཅད་བཅས་ཁྱོན་གཞུང་ཚན་བདུན་མཉམ་དུ་སྦྲགས་ཡོད་སྐོར་དང་། པོད་དང་པོ་ནས་ལྔ་པ་བར་དེ་དུས་འཁོར་གྱི་ལེའུ་ལྔ་དེ་ཡིན་པ་དང་། པོད་དྲུག་པ་དེ་ཉིད་ལེའུ་ལྔ་རྣམས་གཅིག་ཏུ་བསྡུས་ཏེ་དམིགས་བསལ་ཆགས་ཀྱི་ཡོད་པ་དང་། པོད་བདུན་པ་དང་བརྒྱད་པ་གཉིས་དེ་རྒྱ་བོད་ཀྱི་གཞུང་ལ་ཞིབ་འཇུག་བྱས་ཏེ་བྲིས་པ་ཞིག་ཡིན་པ་དང། པོད་དགུ་པ་དུས་འཁོར་གྱི་འདོན་པ་འདོན་ཕྱོགས་སྐོར་དེ་ཡིན་སྐོར་འགྲེལ་བརྗོད་གནང་སོང་།

རྩོམ་པ་པོས་དུས་འཁོར་རྒྱུད་འགྲེལ་ཆེན་མོའི་བཤད་ལུང་གི་བྱུང་རིམ་ཐད་ལ། བུ་སྟོན་རིན་ཆེན་གྲུབ་ནས་བརྒྱུད་པའི་དཔལ་དུས་ཀྱི་འཁོར་ལོའི་བཤད་ལུང་ཆེན་པོ་ཞིག་ཤིང་སྦྲུལ་ཕྱི་ལོ་ ༡༧༨༥ ལོར་ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་གཉིས་པ་འཇིགས་མེད་དབང་པོས་དབུས་གཙང་གི་སྒྲུབ་སྡེ་ཆེན་པོ་ཞ་ལུ་རི་ཕུག་ནས་གསན་ཏེ་ཡུལ་ཆེན་པོ་མདོ་སྨད་དུ་སྤྱན་དྲངས། ལོ་མང་སོང་རྗེས་བོད་ཀྱི་ས་ཁུལ་མང་པོར་བཤད་ལུང་དེ་ཉིད་ཀྱི་བརྒྱུད་པ་ཧ་ཅང་དཀོན་ཞིང་ཉག་ཕྲ་བར་གྱུར་སྟབས། ཕྱི་ལོ་ ༡༩༥༣ ལོ་ཡས་མས་ནས་༸གོང་ས་སྐྱབས་མགོན་ཆེན་པོས་བཀའ་བརྩད་མཛད་ཀྱང་རེ་ཞིག་དགོངས་བཞེད་འགྲུབ་མ་ཐུབ། ཕྱི་ལོ་ ༡༩༥༩ ལོར་བཙན་བྱོལ་དུ་ཕེབས་རྗེས་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་སྔར་བཞིན་བཤད་ལུང་དེའི་བརྒྱུད་པ་རྒྱ་གར་དུ་ཕེབས་ཡོད་མེད་ལ་བཀའ་བརྩད་མཛད་སྐབས། ཡོངས་འཛིན་གླིང་རིན་པོ་ཆེས་རྒྱ་གར་དུ་ཏན་ཏན་ཕེབས་ཡོད་ཅེས་མངོན་ཤེས་གསུངས་བ་ལྟར། ཡུན་རིང་བཀའ་བརྩད་གནང་མཐར། བཤད་ལུང་དེ་ཉིད་ཀིརྟིའི་མཚན་ཞབས་རིན་པོ་ཆེར་མངའ་བ་མཁྱེན་ཏེ། ༸གོང་ས་མཆོག་གི་བཀའ་དགོངས་ལམ་སྟོན་དང་བླ་ན་མེད་པའི་ཐུགས་འཁུར་འོག་ཀིརྟིའི་མཚན་ཞབས་རིན་པོ་ཆེས། ཕྱི་ལོ་ ༡༩༧༤ ལོར་གསེར་ཀོང་མཚན་ཞབས་རིན་པོ་ཆེར་འབུལ་གནང་མཛད་པ་ནས་ཕྱི་ལོ་ ༢༠༠༠ ལོར་དགའ་ལྡན་ཁྲི་ཟུར་རི་རྫོང་རིན་པོ་ཆེ་དང་མཁན་ཟུར་བྱ་དོ་རིན་པོ་ཆེ་སོགས་ལ་འབུལ་གནང་མཛད་པའི་བར་དུ་ཐེངས་བདུན་ལ་གནང་ཡོད་པ་དང་། ཀིརྟི་མཚན་ཞབས་རིན་པོ་ཆེའི་ཞལ་སློབ་མཁན་ཟུར་བྱ་དོ་རིན་པོ་ཆེས་ཕྱི་ལོ་ ༢༠༡༨ ལོར་དགའ་ལྡན་བྱང་རྩེ་གྲྭ་ཚང་དུ་དུས་འཁོར་རྒྱུད་འགྲེལ་གྱི་བཤད་ལུང་ཐེངས་དང་པོ་གནང་ཞིང་། ཟླ་འདིིའི་ཚེས་ ༤ ཉིན་ནས་བྱེས་ཀྱི་གདན་ས་ཞ་ལུ་དགོན་པར་བཤད་ལུང་ཐེངས་གཉིས་པ་གནང་རྒྱུ་ཡིན་འདུག ཅེས་འཁོད་འདུག

པོད་དགུ་ཅན་གྱི་བུ་སྟོན་རིན་པོ་ཆེ་ལས་བརྒྱུད་པའི་དུས་འཁོར་རྒྱུད་འགྲེལ་ཆེན་མོའི་དཔེ་དེབ་པར་སྐྲུན་ལས་གཞི་དེ་ཉིད། ཕྱི་ལོ་ ༢༠༠༦ ནས་ཨ་རིར་ཡོད་པའི་བུད་མེད་ལོ་རཱན་ཞེས་པ་ཞིག་གིས་ཐོག་མའི་ལོ་དྲུག་རིང་མཐུན་སྦྱོར་ཆ་ཚང་ཞུས་པ་དང་། ཨི་ཊ་ལིའི་བུད་མེད་ཡེ་ཤེས་སྒྲོལ་དཀར་གྱིས་རམ་འདེགས་འོག་ཤེས་རབ་དར་རྒྱས་ལགས་ཀྱིས་ཞུས་སྒྲིག་གནང་བ་ཞིག་ཡིན་ཞིང་། ཞ་ལུ་དགོན་པས་དཔར་སྐྲུན་མཐུན་འགྱུར་གནང་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Politic Re-education propaganda in Tibetan Primary School, Pema County, Golog_2022 Photo:Tibet Times
Mobile App

ཕྱི་ལོ་ ༢༠༢༥ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དང་འབྲེལ་བའི་སྙན་ཐོ་བཏོན།

ཆུ་ཚོད་ ༦ སྔོན་ལ།
ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་། བོད་ཀྱི་དུས་བབ་ཀྱིས་པར་སྒྲིག་སྦྱོར་བྱས།
Mobile App

ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་།

ཆུ་ཚོད་ ༨ སྔོན་ལ།
Satellite data reveals long-term groundwater decline in Himalaya and Tibet region
Mobile App

ཨེ་ཤ་ཡའི་ཁུལ་གྱི་ས་འོག་གི་ཆུ་བརྒྱ་ཆ་ ༧༠ ལྷག་ཇེ་ཉུང་དུ་འགྲོ་བཞིན་འདུག

༢༠༢༦/༠༢/༠༥
UN Report Warns China Is Erasing Tibetan Civilisation Photo:CTA
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་རིག་ཤུལ་མེད་བཟོ་ཐབས་བྱེད་མུས་ཡིན་པ་དང་འབྲེལ་བའི་སྙན་ཐོ་བཏོན།

༢༠༢༦/༠༢/༠༥
ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་
Mobile App

ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་ལགས་ཀྱིས་༸གོང་ས་མཆོག་ལ་འཚམས་འདྲི་ཞུས།

༢༠༢༦/༠༢/༠༤
Mobile App

ཨ་རིས་བོད་མི་རྣམས་ལ་ཨ་སྒོར་ས་ཡ་ ༢༣ རོགས་དངུལ་བཀའ་འཁྲོལ་གཏན་འབེབས་བྱས།

༢༠༢༦/༠༢/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese