མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨུ་རུ་སུས་རྒྱ་ནག་ལ་བསམ་ཡུལ་ལས་འདས་པའི་ཉེན་བརྡ་ཞིག་བཏང་བ།

བོད་ཀྱི་དུས་བབ།
༢༠༢༢/༠༤/༠༤
Share on FacebookShare on TwitterShare on EmailShare on Whatsapp

བློ་བཟང་ལུང་རྟོགས་ཀྱིས་བསྒྱུར།

ཉེ་ཆར་ཨུ་རུ་སུ་དང་རྒྱ་ནག་གཉིས་ཀྱིས་གཏིང་ཇེ་ཟབ་ཏུ་བཏང་བའི་མཐུན་གྲོགས་ཀྱི་འབྲེལ་བ་དེ། གློ་བུར་དུ་སྟོབས་དང་ལྡན་པའི་ལག་སྦྲེལ་ཅིག་མ་ཡིན་པར་གཉོམ་ཆུང་ནུས་མེད་ཅིག་ཏུ་མངོན་བཞིན་པ་རེད། ལྷག་པར་དུ་དམག་འཁྲུག་ཅིག་བསླངས་ནས་ནོར་འཁྲུལ་ཧ་ཅང་ཆེན་པོ་ཤོར་བར་བརྟེན། ཕུ་ཊིན་གྱིས་བསམ་བཞིན་མ་ཡིན་ཀྱང་རྒྱ་ནག་གི་འགོ་ཁྲིད་ཚོར་ཐེ་ཝན་དབང་དུ་སྒྱུར་རྩིེས་མ་བྱས་སྔོན་དུ་གཟབ་གཟབ་དགོས་པའི་ཉེན་བརྡ་བཏང་བ་རེད། བསླབ་བྱ་གཞན་ཞིག་ནི་ཞིས་ཅིན་ཕིང་གི་ལས་གྲོགས་ཚོས་དོ་སྣང་བྱེད་ངེས་ཡིན། བསླབ་བྱ་དེས་ཁོ་རང་ལ་དམིགས་བསལ་གྱིས་མ་སྐྱིད་པ་ཞིག་བཟོ་རྒྱུ་ཡིན་པ་སྟེ། རྒྱལ་ཁབ་ཅིག་ཡིན་ན་རང་ཉིད་བླ་ན་མེད་པའི་དབང་སྒྱུར་བ་ཞིག་གི་སྟངས་འཛིན་འོག་འགྲོ་རུ་འཇུག་མི་ཉན་པ་དེ་རེད།

བདུན་ཕྲག་དྲུག་གི་སྔ་རོལ་དུ། རྩོམ་པ་པོས་ཕྱི་ཟླ ༢ པའི་ཚེས་༤ ཉིན་ཁྱབ་བསྒྲགས་བྱས་པའི་ཨུ་རུ་སུ་དང་ལྷན་དུ་བཞག་པའི་ ་་མཚམས་མེད་པའི་མཐུན་གྲོགས་ཀྱི་འབྲེལ་བ་དེ་ཡིས་རྒྱ་ནག་གི་སྟོབས་ཤུགས་ཆེ་རུ་བཏང་ཚུལ་གླེང་ཡོད། དཔེར་ན། ཨུ་རུ་སུའི་ཕྱོགས་ནས་རྒྱ་ནག་དེ་བཞིན་ཉེན་ཁ་ཅན་ཞིག་ཏུ་མཐོང་གི་མེད་པ་དང། རང་ཉིད་ཀྱི་དྲག་པོའི་སྟོབས་ཤུགས་ཡོ་རོབ་ཕྱོགས་སུ་ཁ་བསྒྱུར་བྱས་པར་བརྟེན། ཨ་མེ་རི་ཀས་ཐེ་ཝན་སྲུང་སྐྱོབ་བྱེད་རྒྱུར་འགལ་རྐྱེན་སྤྲད་ནས་གནོན་ཤུགས་འཕར་མ་ཞིག་སྤྲོད་རྒྱུ་དེ་རེད།

ད་ལྟ་དོན་དངོས་ཐོག་ཨུ་རུ་སུའི་དྲག་པོའི་སྟོབས་ཤུགས་ནི་ཕུ་ཊིན་རང་ཉིད་ཚུད་པའི་མི་རྣམས་ཀྱིས་བསམ་ཚོད་ལྟར་དེ་འདྲའི་ནུས་པ་ལྡན་པ་ཞིག་མིན་པར་མངོན་ཞིང། ཁོ་ཚོས་ཡུཀ་རེན་ལ་བཙན་འཇུལ་བྱས་པ་དེ་ནི་མགོ་རྙོག་ཚ་བོ་ཞིག་ཏུ་གྱུར། ཕུ་ཊིན་གྱི་སྐམ་དམག་དང་གནམ་དམག་གཉིས་ནི་ཤོག་ངོས་སུ་སྟོབས་ཤུགས་ཧ་ཅང་ཆེན་པོ་ཡིན་ཀྱང་། དོན་དངོས་ཐོག་དམག་འཁྲུག་རྒྱག་སྐབས་དམག་དོན་གྱི་གྲུབ་འབྲས་ཇི་འདྲའི་ཆུང་བ་ལ་ཨང་བསམ་ནས་འཛམ་གླིང་གི་དབྱེ་ཞིབ་མང་པོ་ཡ་མཚར་སྐྱེ་བཞིན་ཡོད།

རིམ་བཞིན་ཨུ་རུ་སུ་ནི་ཡུཀ་རེན་གྱི་སྟོབས་ཤུགས་ལས་རྣམ་པར་རྒྱལ་བའམ། ཡང་ན། མངའ་ཁོངས་ལ་བཙན་བཟུང་བྱེད་ཐུབ་པའི་དབང་དུ་བཏང་ན་ཡང་། (དཔེར་ན། དུག་རླངས་དང་རྡུལ་ཕྲན་མཚོན་ཆས་ཕར་རྒོལ་བྱེད་པ་ལྟ་བུ)

ཕུ་ཊིན་དང་ཁོའི་དམག་སྤྱི་རྣམས་ངོ་ཚ་ཁ་སྐྱེངས་དགོས་པའི་གནས་སུ་ལྷུང་རྒྱུ་རེད། དོན་དངོས་ཐོག་ཁོ་ཚོས་འདི་ལས་ལྷག་པ་ཞིག་སྒྲུབ་ཐུབ་དགོས་ངེས་ཀྱང་། དེ་ལས་ལྡོག་སྟེ་དམག་འཁྲུག་གི་འཕེལ་རིམ་ཁྲོད་ཨུ་རུ་སུའི་དམག་དཔུང་ཉམས་ཞན་དུ་འགྲོ་བཞིན་ཡོད་པ་དང་། ཁོ་ཚོའི་དམག་ཆས་ཤོར་པ་ནི་དཔེར་ན་དམག་དཔུང་གི་འཐབ་འཛིང་རླངས་འཁོར་དང་། ཐད་འཕུར་གནམ་གྲུ། མེ་ཤུགས་འཕུར་མདའི་མ་ལག་སོགས་རེད།

ཨུ་རུ་སུའི་དམག་མི་རྣམས་ཀྱིས་རང་ཉིད་ཀྱི་འཐབ་གྲོགས་རྣམས་གསད་པའམ། རྨས་སྐྱོན་ཕོག་ཏེ་བསམ་ཡུལ་ལས་འདས་པའི་སྡུག་སྦྱོང་མྱོང་བཞིན་པ་དང། ཁོ་ཚོའི་དམག་དཔོན་རྣམས་ཀྱིས་དམག་འཁྲུག་བཀོད་འདོམས་ལེགས་པོ་བྱེད་ཐུབ་ཀྱི་མེད་པའི་གནས་ཚུལ་རྣམས་མཐོང་ནས་སེམས་ཤུགས་ཆགས་བཞིན་ཡོད། དམག་འཁྲུག་འདི་མཚམས་འཇོག་བྱུང་རྗེས། ཨུ་རུ་སུའི་ཕྱོགས་ནས་གཏོར་སྐྱོན་ཕོག་པའི་དམག་ཆས་རྣམས་བསྐྱར་སྒྲིག་བྱ་དགོས་པ་དང་། དམག་འཁྲུག་ཁྲོད་གསོན་མཁན་ཚོར་དེ་ཙམ་གྱིས་དོ་སྣང་སྤྲོད་མི་ཐུབ་པ་ཙམ་དུ་མ་ཟད། ཁོ་ཚོ་བེད་སྤྱོད་བྱེད་པའི་ནུས་པ་ཡང་མེད་པར་འགྱུར།

རིམ་པ་དམའ་བོའམ་དམག་དཔོན་མང་ཆེ་བ་ནི། ཨ་མེ་རི་ཀ་དང་ཁེ་ན་ཌ། ཡོ་རོབ་བཅས་མཐུན་གྲོགས་ཡིན་པའི་ནེ་ཊོའམ་བྱང་ཆིངས་རྩ་འཛུགས་མནའ་འབྲེལ་དང་མཉམ་དུ་དམག་འཁྲུག་ཅིག་རྒྱག་དགོས་བསམ་ན་སྐྲག་སྣང་སྐྱེས་ངེས་ཡིན། དེར་བརྟེན་ཨུ་རུ་སུའི་ཕྱོགས་ནས་ཡོ་རོབ་ནང་ཨ་མེ་རི་ཀར་གནོན་ཤུགས་སྤྲོད་པར་འདོད་པའི་ཐབས་ཇུས་དེ་གསལ་ཁ་མེད་པ་ཞིག་ཏུ་གྱུར་བ་རེད།

ཕྱོགས་གཅིག་ནས་ཁོ་ཚོས་ཧོལ་རྒྱུགས་ངང་དམག་འཁྲུག་སློང་སྲིད་པ་དེ་བསྟན་འདུག་པར་ནུབ་ཕྱོགས་པ་ཚོས་ངེས་པར་དུ་དོ་སྣང་ཆེན་པོ་སྤྲོད་དགོས། ཕྱོགས་གཞན་ཞིག་ནས་ད་ལྟ་བྱང་ཆིངས་རྩ་འཛུགས་ཀྱིས་ཨུ་རུ་སུའི་རྡུལ་ཕྲན་མཚོན་ཆ་ལས་གཞན་པའི་དྲག་པོའི་དམག་དཔུང་དེ་སྟོགས་ཤུགས་ཞན་པོ་ཡིན་པ་ཤེས་རྟོགས་བྱུང་ཐུབ་ཡོད།

ཨུ་རུ་སུར་ཁ་གཏད་གཅོད་ཆེད་ཡོ་རོབ་ཀྱི་རྒྱལ་ཁབ་རྣམས་ཀྱིས་བདེ་སྲུང་གི་འགྲོ་སོང་ཇེ་མང་དུ་གཏོང་བཞིན་པ་དང་། གཅིག་བྱས་ན། ཨ་མེ་རི་ཀའི་དྲག་པོའི་སྟོབས་ཤུགས་འབོར་ཆེན་པོ་ཞིག་ཡོ་རོབ་ནང་གཏན་འཇགས་འཇོག་དགོས་པའམ། ཡང་ན། ཡོ་རོབ་རྒྱལ་ཁབ་རྣམས་ལ་མཚོན་ཆ་བསྐྱར་སྒྲིག་བྱས་པ་དེ་འདང་ངེས་ཡིན་པའི་ཐག་གཅོད་བྱས་ཏེ་ཨ་རིའི་དམིགས་པ་ཞི་བདེ་རྒྱ་མཚོའི་ནུབ་ཕྱོགས་སུ་གཏོད་ཐུབ་པ་ཡོང་སྲིད།

གང་ལྟར་ཀྱང་ཕུ་ཊིན་གྱིས་ནུབ་ཕྱོགས་པ་ཚོར་དྲག་པོའི་སྟོབས་ཤུགས་གསར་སྐྲུན་བྱེད་དུ་བཅུག་པར་ཞིས་ཅིན་ཕིན་གྱིས་སྐྱོན་བརྗོད་བྱས་ཆོག་ལ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སྲིད་དབང་སྒེར་གཅོད་ཀྱི་ཇག་ཚོགས་ལ་བཟོད་སྒོམ་མི་བྱེད་པའི་སེམས་ཁམས་ནི་དེ་བས་བརྗོད་མི་དགོས་པ་ཞིག་རེད། འོན་ཀྱང་། ཕུ་ཊིན་གྱིས་ཧ་ཅང་གལ་འགངས་ཆེ་བའི་ཉེན་བརྡ་ཞིག་བཏང་བར་ཞིས་ཅིང་ཕིན་ནས་ཐུགས་རྗེ་ཆེ་ཞུ་འོས་པ་ཞིག་སྟེ། དམག་འཁྲུག་གི་མཇུག་འབྲས་ནི་སྔོན་དཔག་བྱ་ཐུབ་བྲལ་བ་ཞིག་ཡིན་པ་དེ་རེད།

གལ་སྲིད་ཉིན་གཅིག་དམག་སྤྱི་དང་དམག་དཔོན་རྣམས་ཀྱིས་ཞིས་ཅིན་ཕིན་ལ་ཐེ་ཝན་གྱི་དམག་འཁྲུག་ཁྲོད་ཁོ་ཚོ་ཨ་རི་ལས་རྣམ་པར་རྒྱལ་ཐུབ་པའི་ཡིད་ཆེས་བརྟན་པོ་ཡོད་ཅེས་བརྗོད་པའི་སྐབས་སུ། གཙོ་འཛིན་ཞིས་ཀྱིས་ཐེ་ཚོམ་དང་བཅས་སྨིན་མ་བསྡུ་དགོས་པར་རྒྱུ་མཚན་ཧ་ཅང་ཡག་པོ་ཞིག་ཡོད། དམག་འཁྲུག་ནི་སྔོན་དཔག་མི་ཐུབ་པ་ཞིག་དང་ཕྱོགས་གཉིས་ཀས་རང་ཉིད་ཀྱི་དགྲ་བོས་བསྒྲུབ་སྲིད་པའི་བྱ་བཞག་ཡོད་ཚད་ལ་ཚོད་དཔག་མི་ཐུབ་པ་ནི་ཡོངས་གྲགས་ཀྱི་གནས་སྟངས་ཤིག་རེད། དགྲ་བོའི་ཕྱོགས་ནས་རྟག་པར་ཧང་སངས་འཇུག་པའི་གནས་ཚུལ་ཐོན་གྱི་ཡོད། ཡོངས་གྲགས་དེ་ཙམ་མིན་པ་ནི་ཕྱོགས་གཞན་གྱིས་ཅི་ཞིག་སྒྲུབ་ཐུབ་མིན་སྔོན་དཔག་དཀའ་བ་དེ་རེད།

དམག་ཆས་ཀྱི་ནུས་སྟོབས་ག་ཚོད་ཅིག་ལྡན་མིན་དེ་དོན་དངོས་སུ་གནད་དོན་ཞིག་ཏུ་གྱུར་མེད། དཔེར་ན། དམག་དཔུང་གི་མཁའ་ཟོན་ནུས་ཤུགས་སྟེ། མེ་ཤུགས་འཕུར་མདའ་དང་། འཚོལ་ཞིབ་མ་ལག བརྡ་འཕྲིན་གྱི་འབྲེལ་བ་བཅས་ལ་ཚོད་ལྟ་བྱས་ཆོག་པར་མ་ཟད། དེ་དག་གི་བྱེད་ནུས་ལ་ཡང་ཚད་མཇལ་ཐུབ། ཡོང་སྲིད་པའི་དགྲ་བོ་ཞིག་གི་དམག་དཔུང་གི་མང་ཉུང་ལ་ཚོད་དཔག་བྱས་ཆོག འོན་ཀྱང་། ལག་ལེན་དངོས་ཀྱི་ནང་ལས་དོན་རྣམས་ལ་གྲུབ་འབྲས་ཐོན་མིན་ནི། དམག་སྦྱོང་དང་། དམག་མིའི་ངར་ཤུགས། ལྟ་སྲུང་། མཁོ་སྤྲོད། འཐབ་རྩལ་སོགས་ལས་དོན་གསལ་ལ་མི་གསལ་བའི་རིགས་མང་པོ་ཞིག་ལ་རག་ལས་ཀྱི་ཡོད།

ཨུ་རུ་སུའི་ཕྱོགས་ནས་ཡུཀ་རེན་ནང་གསལ་སྟོན་བྱེད་བཞིན་པ་ལྟར། དེ་དག་གི་ཁྲོད་རྒྱལ་ཁབ་ཅིག་གིས་རང་ཉིད་ལ་ནུས་ཤུགས་ག་ཚོད་ཅིག་ཡོད་མིན་རྒྱུས་ལོན་མེད་པ་ཡོང་སྲིད་ལ། དེ་བཞིན་རྒྱལ་ཁབ་གཞན་ལ་ཕར་རྒོལ་ཀྱི་ནུས་པ་ནི་དེ་བས་ཀྱང་བཤད་མ་དགོས་པ་ཞིག་རེད། འོ་ན། དམག་སྤྱི་ཆེན་མོ་ཚོ། ང་ཚོས་ཐེ་ཝན་མཚོ་འགག་བརྒལ་ནས་བཙན་འཛུལ་གྱི་དམག་དཔུང་ཞིག་གཏོང་ཐུབ་པར་ཁྱེད་ཚོར་གདེང་ཚོད་ཅི་འདྲ་ཞིག་ཡོད་དམ་་ ཅེས་ཞིས་ཅིན་ཕིན་གྱིས་འདྲི་སྲིད།

རྒྱ་ནག་ཕྱོགས་ནས་གནས་ཚུལ་འདོན་སྤེལ་བྱས་པ་ལྟར་ན་ཨ་རིའི་དམག་དཔུང་གི་སྦྱོང་བརྡར་བྱེད་བཞིན་པའི་དམག་གི་རྩེད་འགྲན་མང་ཆེ་བ་ལས་ཁོ་ཚོ་རྒྱལ་ཁ་ཐོབ་པ་དེ་བདེན་ན། ཝ་ཞིན་ཀྲོན་དང་ཁེན་སྦེ་རའི་ཕྱོགས་ནས་དེའི་སྐོར་ལ་བློ་འཚབ་བྱེད་དགོས་ངེས་རེད། འོན་ཀྱང་། དེ་ནི་རྒྱ་ནག་ལ་གདེང་ཚོད་སླེབས་པའི་རྒྱུ་མཚན་འདང་ངེས་ཤིག་མིན། བྱ་བ་འདི་དག་ནི་གཏན་འཁེལ་བྱེད་རྒྱུ་ལས་སླ་བོ་ཞིག་རྩ་བ་ནས་མིན།

པེ་ཅིང་ཕྱོགས་ནས་གཟབ་གཟབ་བྱེད་དགོས་པའི་གནད་དོན་གཞན་ཞིག་ཡོད་པ་སྟེ། རྒྱ་ནག་གི་དམག་དོན་ཡོ་ཆས་མང་ཆེ་བ་ཞིག་ཨུ་རུ་སུ་ནས་ནང་འདྲེན་བྱས་དང་བྱེད་བཞིན་པའམ། ཨུ་རུ་སུའི་འཕྲུལ་རིགས་རྨང་གཞི་བཞག་ནས་བཟོས་པ་རེད། གཅིག་མཚུངས་ཡིན་པའི་ཡོ་ཆས་དེ་དག་གིས་ཡུཀ་རེན་གྱི་ནང་ལས་དོན་ཡག་པོ་སྒྲུབ་ཐུབ་ཀྱི་མེད་པ་ཡིན་ན། དེ་དག་གིས་ཨ་རིའི་ཁ་གཏད་གཅོད་ཐུབ་པར་འདོད་པའི་ལྟ་ཚུལ་རྣམས་ལ་ད་ལྟ་ངེས་པར་དུ་ཐེ་ཚོམ་ཆེན་པོ་སྐྱེས་གཞིར་གྱུར་ཡོད། དེར་བརྟེན། ཕུ་ཊིན་དང་སྡུག་བསྔལ་མྱོང་བཞིན་པའི་ཡུག་ཁུ་རེན་མི་དམངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། གང་ཡིན་ཟེར་ན། མ་འོངས་པའི་ལོ་ཤས་རིང་ཐེ་ཝན་བདེ་འཇགས་ངང་གནས་ཐུབ་པར་རེ་བ་བརྒྱབ་ཆོག་པ་རེད།

ཞིས་ཅིན་ཕིང་གིས་རྒྱ་ནག་གི་འགོ་ཁྲིད་བྱས་ནས་ལོ་བཅུ་ཙམ་འགྲོ་བཞིན་ཡོད་པ་དང་། རྒྱ་ནག་དམར་ཕྱོགས་ཚོགས་པས་སྔོན་ཆད་ལས་རྒྱུན་ལ་བཅད་མཚམས་བཟོས་ཡོད། དེ་ཡང་མི་གཅིག་གིས་དབང་ཆ་ཡོད་ཚད་བདག་བཟུང་བྱེད་པ་དང་རྒྱལ་ཁབ་ཅིག་ཆགས་འཇིག་གི་གནས་སུ་ཁྲིད་རྒྱུར་སྔོན་འགོག་བྱ་རྒྱུའི་ཆེད་དུ་ཡིན། ཕྱི་ལོ་༡༩༧༦ ལོའི་བར་གཙོ་འཛིན་མའོ་ཡི་གནས་སྐབས་སུ་དེ་ལྟའི་ཉམས་མྱོང་ཐོབ་མྱོང་ཡོད།

རྒྱ་ནག་མི་མང་གིས་རྒྱུ་མཚན་དེ་དག་གི་རྒྱབ་ལྗོངས་ཤེས་ཀྱི་ཡོད། མི་གཅིག་གིས་སྟོབས་ཤུགས་ཡོད་ཚད་གཅིག་སྡུད་བྱས་པ་དེ་ཚོགས་པ་གཅིག་དང་བསྡུར་ན་ནོར་འཁྲུལ་འབྱུང་སླ་བ་དང་། སྟོབས་ཤུགས་ཤིན་ཏུ་ཆེ་བའི་དབང་སྒྱུར་པ་རྣམས་ཀྱིས་རང་ཉིད་ཀྱི་འདོད་བློ་དང་མི་མཐུན་པའི་སློབ་སྟོན་པ་རྣམས་ཀྱིས་ཉེན་བརྡ་སྣང་མེད་གཏོང་བ་དེ་རེད།

དེ་ལྟ་ན་ཡང་གཙོ་འཛིན་ཞིས་ཀྱིས་ལས་རྒྱུན་གྱི་བཅད་མཚམས་མེད་པར་བཏང་པ་དང་། ད་ལོའི་ལོ་མཇུག་ནས་འགོ་བརྩམ་ཏེ་ཡང་བསྐྱར་ལོ་ལྔའི་རིང་དབང་སྒྱུར་བྱ་འཆར་ཡོད་པ་རེད། དབྱེ་ཞིབ་པ་མང་ཆེ་བས་ཁོ་རང་ལོ་བཅོ་ལྔ་ལས་ལྷག་སྡོད་འདོད་ཡོད་པར་ཚོད་དཔག་བྱེད་བཞིན་ཡོད་ལ་ཁོ་རང་མུ་མཐུད་ནས་སྡོད་ཐུབ་སྲིད། ད་ནི་ང་ཚོས་ཕུ་ཊིན་ལ་ཅིག་བལྟས་ན། ཁོས་རང་ཉིད་ཀྱི་རྒྱལ་ཁབ་དེ་བཞིན་བྱུས་ཉེས་ཀྱི་དམག་འཁྲུག་ནང་ལྷུང་བཅུག་པ་དང་། ནུབ་ཕྱོགས་པས་གདོང་ལེན་བྱས་པར་བརྟེན་དཔལ་འབྱོར་ཉམས་རྒུད་ལ་བཏང་བ་མཐོང་ནས། གཙོ་འཛིན་ཞིས་ཀྱི་མཐའ་སྐོར་གྱི་མཐོ་རིམ་དཔོན་རིགས་རྣམས་ཀྱིས་སྔོན་ཆད་ཀྱི་སྒྲིག་གཞི་དེ་ཐབས་ཤེས་ལེགས་པོ་ཞིག་ཡིན་པ་ཕལ་ཆེར་ཁོ་ཚོས་ཡང་བསྐྱར་བསམ་བློ་གཏོང་ངེས་རེད།

ཁོ་ཚོ་ནི་སྟོབས་མེད་ནུས་མེད་ཅིག་མ་ཡིན་ལ། རྒྱ་ནག་དམར་ཕྱོགས་ཚོགས་པ་ཆ་ཚང་ད་དུང་གཙོ་འཛིན་ཞིས་ལ་དབང་པ་ཞིག་ཀྱང་མིན། གཅིག་བྱས་ན་ཁོ་རང་ལས་རྒྱུན་རྗེས་མ་ཡང་བསྐྱར་ཐོབ་པ་དང། ད་དུང་ལོ་ལྔ་ལྷག་སྡོད་ཐུབ་སྲིད་མོད་དེའི་རྗེས་སུ་མུ་མཐུད་སྡོད་མི་ཐུབ།

རྩོམ་པ་པོ་སྦེར་ཌི་ལེ་ཕེ་རེ་ཊི(Bradley Perrett) ལགས་ནི་ཕྱི་ལོ་༢༠༠༤ ནས་༢༠༢༠ བར་པེ་ཅིང་དུ་རྟེན་གཞི་བྱས་པའི་གསར་འགོད་པ་ཞིག་དང་། རྒྱ་ནག་ཉམས་ཞིབ་པ་གྲགས་ཅན་ཞིག་ཡིན་པ་རེད།

མ་རྩོམ་གྱི་འབྲེལ་ཐག https://www.canberratimes.com.au/story/7673174/russias-unintended-warning-to-china-wars-can-go-wrong/

འབྲེལ་ཡོད་གསར་འགྱུར།

Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

ཆུ་ཚོད་ ༡༨ སྔོན་ལ།
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

ཆུ་ཚོད་ ༢༠ སྔོན་ལ།
པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

ཆུ་ཚོད་ ༢༣ སྔོན་ལ།
Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

༢༠༢༦/༠༨/༡༢
Mobile App

ཁ་མཆུ་ཨང་ ༢༣ པའི་གཏན་འབེབས་ཀྱི་ཉན་ཞིབ་འཚོགས། 

༢༠༢༦/༠༨/༡༢
Mobile App

ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་ཀྱི་མ་འོངས་འགན་སྲུང་ཁྲིམས་འཆར་ངོ་སྤྲོད་གནང་།

༢༠༢༦/༠༨/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese