མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

སྐུ་ཚབ་དོན་གཅོད་བུད་མེད་གཉིས་བསྐོ་བཞག་བྱུང་།

བོད་ཀྱི་དུས་བབ།
༢༠༢༢/༠༤/༠༥
Share on FacebookShare on TwitterShare on EmailShare on Whatsapp

བོད་མིའི་སྒྲིག་འཛུགས་བཀའ་ཤག་ནས་སྦར་སིལ་སྐུ་ཚབ་དོན་གཅོད་དུ་རིག་འཛིན་ཆོས་སྒྲོན་ལགས་དང་ལྷོ་ཨ་ཧྥེ་རི་ཀའི་སྐུ་ཚབ་དོན་གཅོད་དུ་ཙ་ཚེ་རིང་ཆོས་འཛོམས་ལགས་བསྐོ་བཞག་གནང་ཡོད་པ་རེད།

ཟླ་འདིའི་ཕྱི་ཚེས་ ༡ ཉིན་བཀའ་དྲུང་ཡིག་ཚང་ནས་གསལ་བསྒྲགས་གནང་བའི་ནང་། ལས་བྱེད་འདེམས་བསྐོ་ལྷན་ཁང་གི་སྒྲིག་གཞི་དོན་ཚན་བཅུ་དགུ་པའི་ནང་གསེས་དང་པོའི་དགོངས་དོན་བཞིན། ཕྱི་རྒྱལ་ཁག་ཏུ་སྐུ་ཚབ་དོན་གཅོད་རྣམས་སྲིད་སྐྱོང་དང་བཀའ་བློན་ཚང་འཛོམས་ཞིབ་གྲོས་དྲག་འདེམས་ཀྱིས་བཀའ་ཤག་ནས་བསྐོ་འཛུགས་གནང་བར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་མཚན་གནས་བསྩལ་རྒྱུ། ཞེས་གསལ་བ་ལྟར། རིག་འཛིན་ཆོས་སྒྲོན་ལགས་སྦར་སིལ་སྐུ་ཚབ་དོན་གཅོད་དུ་བསྐོ་བཞག་གནང་སྟེ། འདི་ལོའི་ཕྱི་ཟླ་ ༥ ཚེས་ ༡༦ ཉིན་ནས་ལས་ཁུར་མགོ་འཛུགས་གནང་རྒྱུ་དང་། བཀའ་དྲུང་ཡིག་ཚང་གི་དྲུང་འཕར་ཙ་ཚེ་རིང་ཆོས་འཛོམས་ལགས་ལྷོ་ཨ་ཧྥེ་རི་ཀའི་སྐུ་ཚབ་དོན་གཅོད་དུ་བསྐོ་བཞག་གནང་ཡོད་འདུག

ད་ལྟའི་ཆར་སྦར་སིལ་སྐུ་ཚབ་དོན་གཅོད་དུ་ཕྱག་ལས་གནང་བཞིན་པའི་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་ལོ་ ༡༠ རིང་ཡུ་རོབ་ཀྱི་གྲོས་ཚོགས་ནང་བོད་དོན་སྐོར་ཁྲིམས་རྩོད་ཞུ་གཏུག་ཐེངས་མང་བྱས་པ་དང་། ཡུ་རོབ་གྲོས་ཚོགས་ནང་བོད་དོན་སྐོར་བསྒྲགས་གཏམ་དང་གྲོས་ཆོད་བཞག་པར་ཤུགས་རྐྱེན་སྤྲད་ཡོད་པ་དང་། དེ་བཞིན་ཕྱི་ལོ་ ༢༠༠༩ ལོར་༧གོང་ས་མཆོག་ཡུ་རོབ་ནང་ཆིབས་སྒྱུར་བསྐྱངས་པའི་མཛད་འཕྲིན་དང་ཡུ་རོབ་གྲོས་ཚོགས་དང་ལྷན་དུ་མཇལ་འཕྲད་ཀྱི་མཛད་སྒོ་སོགས་གོ་སྒྲིག་ཞུས་ཡོད་འདུག

བཀའ་དྲུང་ཡིག་ཚང་གི་དྲུང་འཕར་ཙ་ཚེ་རིང་ཆོས་འཛོམས་ལགས་ཕྱི་ལོ་ ༡༩༧༨ ཟླ་ ༤ ཚེས་ ༣ ཉིན་སྤུར་ཝ་ལ་གཞིས་ཆགས་སུ་སྐྱེས་ཤིང་། མ་སུ་རི་གཏན་སློབ་ཏུ་སློབ་སྦྱོང་བྱས། ཕྱི་ལོ་ ༢༠༠༩ ཟླ་ ༧ ཚེས་ ༢༡ ཉིན་དྲུང་གཞོན་གནས་རིམ་དུ་ཐོག་མར་བསྐོ་བཞག་གིས་ནང་སྲིད་ལས་ཁུངས་ཀྱི་ཚོད་ལྟའི་དྲུང་གཞོན་གྱི་ཕྱག་ལས་གནང་ཞིང་། ཕྱི་ལོ་ ༢༠༡༠ ལོར་བྷན་ད་ར་ས་གནས་མགོ་འཛིན་གྱི་ལས་གནས་གཉེར། ཕྱི་ལོ་ ༢༠༡༣ ལོར་ལྡི་ལི་དོན་ཁང་ཁྱབ་ཁོངས་ཀྱི་འཕགས་བོད་འབྲེལ་མཐུད་ལས་ཁུངས་ཀྱི་འགན་འཛིན་གནང་བ་དང་། ཕྱི་ལོ་ ༢༠༡༧ ལོར་ཕྱི་དྲིལ་ལས་ཁུངས་ཀྱི་ཟུང་དྲུང་གི་ལས་གནས་གཉེར། ཕྱི་ལོ་ ༢༠༢༡ ཟླ་ ༡ ནང་བོད་ཀྱི་ཟློས་གར་ཡིག་ཚང་གི་འགན་འཛིན་གནང་བ་དང་ཕྱི་ལོ་ ༢༠༢༡ ཟླ་ ༥ པར་བཀའ་དྲུང་ཡིག་ཚང་གི་དྲུང་འཕར་གྱི་ཕྱག་ལས་གནང་ཡོད་པ་རེད།

ཕྱི་ལོ་ ༢༠༡༦ ཟླ་ ༥ ཚེས་ ༡༠ ཉིན་བཀྲ་ཤིས་ཕུན་ཚོགས་ལགས་ཡུ་རོབ་སྦེལ་ཇམ་གྱི་རྒྱལ་ས་སྦར་སིལ་གྱི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་གནང་ཡོད་པ་དང་། དེ་བཞིན་ཕྱི་ལོ་ ༢༠༡༦ ཟླ་ ༡༢ ཚེས་ ༢༤ ཉིན་དངོས་གྲུབ་རྡོ་རྗེ་ལགས་ལྷོ་ཨ་ཧྥེ་རི་ཀའི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་གནང་ཡོད་འདུག

བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ་ནས་གསར་འགོད་པ་བསྟན་འཛིན་ཕུར་བུས་བསྡུ་སྒྲིག་བྱས།

འབྲེལ་ཡོད་གསར་འགྱུར།

བོད་རེབ་གོང་རྫོང་མི་མང་སྲིད་གཞུང་ཟེར་བས་སྡེ་བ་བརྒྱད་ཀྱི་ནང་ནས་ས་ཆ་བསྡུ་རྒྱུ་ཡིན་པའི་བཀའ་བཏང་། ༢༠༢༣།༠༥།༢༩
Mobile App

རེབ་གོང་གི་སྡེ་བ་བརྒྱད་ཀྱི་ནང་ནས་ས་ཆ་གཞུང་བཞེས་གཏོང་རྒྱུ་ཡིན་པའི་བཀའ་བཏང་།

ཆུ་ཚོད་ ༡༥ སྔོན་ལ།
༧གོང་ས་མཆོག་དང་ཏུར་ཀིའི་སྲིད་འཛིན་ཨེར་ཌོ་གྷན། པར་དུས་བབ་ཀྱིས་བསྒྲིགས།
༸གོང་ས་མཆོག གསར་འགྱུར།

ཏུར་ཀིའི་སྲིད་འཛིན་ལ་བསྐྱར་དུ་རྒྱལ་ཁ་ཐོབ་པར་འཚམས་འདྲི་མཛད་འདུག

ཆུ་ཚོད་ ༡༦ སྔོན་ལ།
Representative image. Credit: DH Photo

Read more at: https://www.deccanherald.com/national/east-and-northeast/all-meat-shops-in-sikkim-to-remain-closed-till-june-4-in-view-of-tibetan-festival-1222433.html
Mobile App

ཧི་མ་ལ་ཡའི་རི་རྒྱུད་པ་ཚོས་གཞུང་འབྲེལ་ཐོག་ནས་ས་ག་ཟླ་བའི་རིང་ཤ་ཁང་སྒོ་བརྒྱབ།

ཆུ་ཚོད་ ༡༩ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

ཕལ་ཆེར་ལོ་ཁ་ཤས་ནང་སྦྱོར་ལམ་གྱི་རྟོགས་པ་སྐྱེ་ཡོང་བསམ་པའི་རེ་བ་བྱེད་བཞིན་ཡོད་ཅེས་གསུངས།

༢༠༢༣/༠༥/༢༧
ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་ནས་སཱི་ཤེས་ཡོན་སློབ་གསོའི་སྐོར་ལ་གསུང་བཤད་གནང་། ༢༠༢༣།༠༥།༢༥ དྲ་བརྙན་གྱི་པར།
Mobile App

སཱི་ཤེས་ཡོན་སློབ་གསོ་ནི་ཧ་ཅང་གཏིང་ཟབ་པའི་རིག་པའི་གཞུང་ལུགས་ཤིག་རེད་ཅེས་གསུངས།

༢༠༢༣/༠༥/༢༦
Mobile App

རྒྱ་ནག་གཞུང་གིས་མཐའ་མཚམས་སུ་གྲོང་ཚོ་གསར་པ་ཞིག་འཛུགས་སྐྲུན་བྱེད་བཞིན་འདུག

༢༠༢༣/༠༥/༢༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist