མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་ལས་བྱེད་ཀྱི་ཞབས་ཕྱིའི་རང་ལོ་ ༦༠ དེ་ ༦༢ ལ་སྤར་ཆ་གནང་འདུག

བོད་ཀྱི་དུས་བབ།
༢༠༢༢/༠༤/༠༥
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་ལས་བྱེད་རྣམས་ལ་བཀའ་ཤག་སྐབས་ ༡༦ པའི་དགོངས་གཞི་དང་ལས་དོན་གནང་ཕྱོགས་སོགས་ཀྱི་སྐོར་ནས་ལམ་སྟོན་གསུང་བཤད་གནང་སྐབས་སྲི་ཞུ་ལས་བྱེད་རྣམས་ཀྱིས་ཁྲིམས་སྒྲིག་ཁག་ལ་སློབ་སྦྱོང་དང་ལྷག་བསམ་རྣམ་དག་གིས་བོད་སྤྱི་པའི་ལས་དོན་ཐོག་ཧུར་ཐག་གནང་དགོས་སྐོར་གསུངས་སོང་།

དེ་ཡང་སྲིད་སྐྱོང་མཆོག་གིས་ལས་བྱེད་གནས་སྤོ་དང་སྤྱི་པའི་ལས་དོན་གནང་ཕྱོགས་སྐོར་ལ་ལམ་སྟོན་གནང་སྐབས། དེ་སྔ་ལས་བྱེད་ཀྱི་ས་མིག ༧༠༥ ཡོད་པ་དང་། ད་ལྟའི་ཆར་ས་མིག་ ༦༦༦ གཏན་འབེབ་བྱས་ཡོད་པའི་ནང་ནས་ངོ་ཡོད་ལས་བྱེད་ ༥༦༨ ཡས་མས་ཡོད་པའི་གནས་སྟངས་ཆགས་ཀྱི་ཡོད་པ་དང་། རྒས་ཡོལ་ཐོན་སྐབས་བོད་མིའི་སྒྲིག་འཛུགས་ལ་ལབ་གླེང་སྣ་ཚོགས་མ་ཡོང་བའི་ཆེད་དུ་ཞབས་ཕྱིའི་རང་ལོ་ ༦༠ དེ་ ༦༢ ལ་སྤར་ཏེ། བཀའ་ཤག་འདིའི་ལས་ཡུན་རིང་རྒས་ཡོལ་འཕར་འགྱང་དང་བསྐྱར་བསྐོས་གནང་འཆར་མེད་པ་དང་། ཟུར་ཕོགས་དང་ཕྱོགས་སྐྱོད་ཀྱི་སྒྲིག་གཞིལའང་འགྱུར་བ་གང་ཙམ་བཏང་ཡོད་སྐོར་དང་། བཀའ་ཤག་གསར་པའི་ངོས་ནས་ལས་བྱེད་ཁྱོན་བདུན་ཅུ་བརྒྱད་ཅུ་ཞིག་ས་གནས་ཁག་ཏུ་གནས་སྤོ་བཏང་ཡོད་ཀྱང་གཅིག་མ་གཏོགས་ཚང་མས་ལས་བགོས་བཞིན་ཕྱག་ལས་གནང་མུས་ཡིན་སྐོར་དང་།  དབུས་སའི་ལས་བྱེད་སུ་འདྲ་ཞིག་ཡིན་ནའང་ཁྲིམས་སྒྲིག་ཁག་ལ་སློབ་སྦྱོང་དང་༧གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་རྣམས་ལ་ལྟ་ཉན་གནང་སྟེ་སྤྱི་པའི་ལས་དོན་ཚགས་ཚུད་དང་ནུས་པ་མཉམ་སྤུངས་ཡོང་ཐབས་སུ་ལྷག་བསམ་རྣམ་དག་གིས་ཞབས་ཕྱི་ཞུ་གལ་ཆེ་བ་དང་། ལྷན་ཁང་ཁག་གི་སྣེ་ལེན་པ་རྣམས་ཀྱིས་བཅར་ཅན་སུ་འདྲ་ཞིག་བྱུང་ནའང་རྣམ་འགྱུར་ལེགས་པོའི་ཐོག་ནས་རོགས་ཕན་གང་ཡོང་གནང་དགོས་པ་དང་། དངོས་ཡོད་ཀྱི་དཀའ་ངལ་རིགས་བྱུང་ཚེ་ཡར་སྲིད་སྐྱོང་བར་དུ་གཏུག་ནའང་གཏུག་ཆོག་ཆོག་ཡོད་སྐོར་དང་། སྲིད་སྐྱོང་དང་བཀའ་བློན་རྣམ་པའི་ངོས་ནས་ཀྱང་༧གོང་ས་མཆོག་གི་བཀའ་དགོངས་གཞིར་བཟུང་ཐོག་ཤར་སྐྱོད་ཀྱིས་སྤྱི་པའི་ལས་དོན་ཐོག་ཧུར་ཐག་གནང་རྒྱུ་ཡིན་སྐོར་གསུངས་སོང་།

ཡང་ལས་འབོར་ཉམས་ཞིབ་སྐོར་ལ་སྲིད་སྐྱོང་མཆོག་གིས། སྲིད་སྐྱོང་གི་འགན་འཁུར་བླངས་པའི་ཐོག་མའི་དུས་སྐབས་སུ་ཁྲིམས་སྒྲིག་དང་ལས་བྱེད་གསར་ཞུགས་སོགས་སྒྲོམ་གཞི་ཏག་ཏག་མེད་པ་གཟིགས་པར་བརྟེན། ཟླ་གཅིག་ལྷག་ནང་ལས་འབོར་ཉམས་ཞིབ་ཚོགས་ཆུང་བཙུགས་ཡོད་པ་དང་། སྒྲིག་གཞིའི་ནང་ལོ་གཉིས་རེའི་ནང་ལས་འབོར་ཉམས་ཞིབ་ཚོགས་ཆུང་ཐེངས་རེ་འཚོག་དགོས་པ་འཁོད་ཡོད་ནའང་། བཀའ་ཤག་སྐབས་ ༡༢ དང་ ༡༣ གྱི་དུས་ཡུན་ནང་ཕྱི་ལོ་ ༢༠༠༤ དང་ ༢༠༠༨ ལོ་བཅས་ལ་ལས་འབོར་ཉམས་ཞིབ་གནང་ཡོད་ནའང་། ཕྱི་ལོ་ ༢༠༠༤ དེ་མ་གཏོགས་རྗེས་མ་དེ་ངོས་ལེན་གནང་མེད་པ་དང་། དེ་བཞིན་བཀའ་ཤག་སྐབས་ ༡༤ དང་ ༡༥ སྐབས་སུའང་ཕྱི་ལོ་ ༢༠༡༤ དང་ ༢༠༡༨ ལོ་བཅས་ལ་འཚོག་ཡོད་ནའང་། ཕྱི་ལོ་ ༢༠༡༤ དེ་མ་གཏོགས་ངོས་བཞེས་གནང་མེད་པ་དང་། ཕྱི་ལོ་ ༢༠༡༤ ནས་ད་བར་ལས་འབོར་ཚོགས་ཆུང་མ་བཙུགས་ནས་ལོ་ ༧ ལྷག་འགྲོ་ཡི་ཡོད་ཅིང་། དེའི་ཐད་གྲོས་ཚོགས་ངོས་ནས་ཀྱང་འདྲི་རྩད་བྱས་མེད་ལ། ད་ལྟའི་བཀའ་ཤག་ངོས་ནས་འདྲི་རྩད་བྱེད་མཁན་ཡོད་མེད་ལ་མ་ལྟོས་པར་སྒྲིག་གཞིའི་དགོངས་དོན་གཞིར་བཟུང་ལོ་གཉིས་རེའི་མཚམས་སུ་ལས་འབོར་ཉམས་ཞིབ་འཚོག་རྒྱུ་གཏན་འཁེལ་གནང་ཡོད་སྐོར་གསུངས་སོང་།

ཡང་སྲིད་སྐྱོང་མཆོག་གིས། བོད་མིའི་སྒྲིག་འཛུགས་ཀྱི་བློ་འདོན་ལྟེ་གནས་ཁང་བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་ལས་དོན་སྐོར་ནས། སྲིད་ཇུས་ཉམས་ཞིབ་ཁང་གི་ལས་ཀ་གཙོ་བོ་དེ་ཞིབ་འཇུག་བྱ་རྒྱུ་དེ་ཡིན་པ་དང་། བོད་ནང་ལ་གནས་ཚུལ་གཅིག་མ་གཏོགས་བྱུང་མེད་ནའང་། དེ་དང་འབྲེལ་བའི་གནས་ཚུལ་གཞན་གང་དུ་ཐོན་གྱི་ཡོད་མེད་སོགས་ལ་འབྲེལ་བ་བཏགས་ནས་ཉམས་ཞིབ་བྱ་རྒྱུ་དེ་གལ་ཆེན་པོ་ཡིན་པ་དང་། དེ་ཡང་རྒྱ་ནག་གི་བོད་ནང་གི་སྲིད་ཇུས་ལ་འགྱུར་བ་ག་རེ་ཐེབས་ཀྱི་ཡོད་མེད་དང་། རྒྱ་ནག་གིས་སྲིད་ཇུས་ཞིག་དངོས་སུ་ལག་ལེན་མ་བསྟར་གོང་ལ་ཚོད་ལྟ་བྱེད་ཀྱི་ཡོད་པ་དང་། སྲིད་ཇུས་ཉམས་ཞིབ་ཁང་ངོས་ནས་རྒྱ་ནག་གི་སྲིད་ཇུས་དེ་དག་གིས་བོད་རིགས་དང་རྒྱ་ནག་གཞུང་ལ་ཕན་གྱི་མེད་པའི་གྲུབ་དོན་འཚོལ་དགོས་པ་དང་། དེ་དག་ཕྱིའི་རྒྱལ་ཁབ་ཁག་དང་རྒྱ་ནག་གཞུང་ལ་ངོ་སྤྲོད་བྱ་དགོས་སྐོར་དང་། སྲིད་ཇུས་ཉམས་ཞིབ་ཁང་ངོས་ནས་ཉམས་ཞིབ་ཀྱི་རྒྱུ་ཆ་ཚད་ལྡན་བྱུང་ན་རྒྱལ་སྤྱིའི་མཁས་པ་ལྷན་དུ་འབྲེལ་ལམ་འཛུགས་དགོས་པ་དང་། ཞིབ་འཇུག་གྲུབ་དོན་རྣམས་ཕྱི་དྲིལ་ལས་ཁུངས་ལ་མཁོ་སྤྲོད་བྱས་ཏེ། ཕྱི་དྲིལ་ལས་ཁུངས་ངོས་ནས་བོད་དོན་ཞུ་གཏུག་ལས་འགུལ་བ་དང་དོན་གཅོད་རྣམས་ལ་གནས་ཚུལ་གསར་པ་སྤྲོད་ཐུབ་པ་བྱ་དགོས་སྐོར་སོགས་གསུངས་སོང་།

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། བོད་མིའི་སྤྱི་ཚོགས་ནང་མི་ལོ་ཉི་ཤུ་སུམ་ཅུའི་རིང་ལ་ལས་ཀ་བྱས་ཀྱང་། སྒོ་ཕྱུགས་སེམས་ཅན་གསོ་སྐྱོང་བྱེད་སྟངས་དང་། སོ་ནམ་གྱི་ལས་གཞི། དེ་མིན་གྱི་ལས་གཞི་གསར་པ་བྱེ་བྲག་པའི་ཐོག་མཁས་དབང་གསོ་སྐྱོང་བྱེད་ཐུབ་ཀྱི་མེད་སྟབས། བོད་པའི་སྤྱི་ཚོགས་སུ་ལས་གཞི་བྱེ་བྲག་པའི་ཐོག་ཏུ་མཁས་དབང་གསོ་སྐྱོང་དང་སྐྱེད་སྲིང་བྱ་གལ་ཆེན་པོ་ཡིན་ཞིང་། ཤེས་རིག་ལས་ཁུངས་ཀྱི་བརྡ་ཆད་ཚན་པ་དང་། བསླབ་གཞི་ཚན་པ། མདུན་ལམ་ཚན་པ་རྣམས་ཀྱི་ལས་བྱེད་རྣམས་གནས་སྤོར་བྱ་མི་དགོས་པའི་ཁོངས་སུ་བཞག་ཡོད་ཀྱང་། རྗེས་སུ་དྲུང་འཕར་གྱི་གནས་རིམ་དུ་སླེབས་ཚེ། ཁྱད་ལས་དང་འཛིན་སྐྱོང་གཉིས་ཀར་རྒྱུས་མངའ་ཡོད་ན། འཛིན་སྐྱོང་གི་ལས་གནས་སྟེར་ཆོག་གི་ཡོད། སྤྱིར་གནས་སྤོར་གཏོང་མི་དགོས་པའི་སྡེ་ཚན་ཞིག་དང་། གནས་སྤོར་གཏོང་དགོས་པའི་ཚན་པ་གཉིས་ཡོད་པ་ལས། གནས་སྤོར་གཏོང་དགོས་པའི་ཚན་པ་ལས་དབུས་ས་གཉིས་ཀྱི་ལས་བྱེད་ཀྱི་གྲངས་འབོར་འཚོལ་ཞིབ་བྱས་ཏེ། གྲངས་ཐོ་དེར་གཞིགས་ནས་ས་གནས་སུ་ལོ་ག་ཚོད་ཙམ་ལ་ལས་གནས་གཉེར་དགོས་མིན་ལྟ་ཞིབ་བྱེད་མུས་ཡིན་ལ། ད་ལྟ་ས་གནས་སུ་ཉུང་མཐར་ལོ་བདུན་གྱི་རིང་ལ་ལས་གནས་གཉེར་དགོས་ཤིང་། ཕྱིས་སུ་ས་གནས་ཀྱི་ལས་བྱེད་ཀྱི་གྲངས་འབོར་ལ་གཞིགས་ནས་བལྟ་རྒྱུ་ཡིན། དེ་བཞིན་མི་ཚེ་གང་བོར་ལས་ཁུངས་གཅིག་ཏུ་ལས་གནས་གཉེར་བ་ཡིན་ན། སྒྲིག་འཛུགས་ཀྱི་འགྲོ་ལུགས་དང་འགལ་གྱི་ཡོད་སྟབས། ལོ་ཆུང་དུས་དང་གནས་རིམ་དམའ་བའི་སྐབས་སུ་ས་གནས་ཁག་ཏུ་སྐྱོད་ཐུབ་ཚེ་ཕན་རླབས་ཆེན་པོ་ཡོད་པར་བརྟེན། དྷ་རམ་ས་ལར་གཏན་དུ་འདུག་རྒྱུ་ཡིན་པའི་བསམ་བློ་འཁོར་རྒྱུ་མེད་སྐོར་སོགས་གསུངས་སོང་།

ས་ཁང་རྙོག་དྲའི་སྐོར་ལ་སྲིད་སྐྱོང་མཆོག་གིས། ཧི་མ་ཅལ་གཅིག་པུའི་ནང་(Green Tribunal)ནང་ཚུད་པའི་བོད་གཞུང་ཟློས་གར་ལམ་ཟུར་དུ་ས་ཁང་ ༢༡༨ ཡོད་པ་དང་། དེ་བཞིན་བོད་ཕྲུག་ཁྱིམ་སྡེ་དང་ཟློས་གར། གནས་ཆུང་། སྨན་རྩིས་ཁང་། བདེ་ལེགས་སྨན་ཁང་། བོད་མིའི་སྒྲིག་འཛུགས་བཅས་ཀྱི་ས་ཁང་རྣམས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་མཚན་ཐོག་ལ་ཡོད་པ་དང་། དེབ་སྐྱེལ་བྱས་པའི་སྒྲིག་འཛུགས་དེ་དག་གི་མིང་བསྒྱུར་བྱ་རྒྱུའི་བཀའ་ཞིག་ཡོད་སྐོར་དང་། དེ་མིན་སོ་སོའི་མིང་ཐོག་ལ་མེད་པའི་ས་ཁང་མང་པོ་ཡོད་སྟབས། ནང་སྲིད་ལས་ཁུངས་སུ་ས་ཁང་ཁོ་ནའི་ཐོག་ལ་ལས་ཀ་བྱེད་མཁན་གྱི་ལས་བྱེད་ཅིག་བསྐོ་རྒྱུའི་དགོངས་པ་ཡོད་སྐོར་སོགས་གསུངས་སོང་།

གསར་འགོད་པ། པ་སངས་ཚེ་རིང་། བསྟན་འཛིན་ཕུར་བུ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

ཆུ་ཚོད་ ༤ སྔོན་ལ།
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

ཆུ་ཚོད་ ༧ སྔོན་ལ།
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

ཆུ་ཚོད་ ༨ སྔོན་ལ།
Penny Wong, Richard Marles, Judith Collins KC, Winston Peters
Mobile App

བོད་ནང་གི་ཆོས་དང་རིག་གཞུང་སོགས་ཉམས་རྒུད་དུ་འགྲོ་བཞིན་པར་བློ་འཚབ་བསྟན།

༢༠༢༦/༠༣/༢༠
TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨
ttttt
Mobile App

སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་གསལ་བསྒྲགས་གནང་སོང་། 

༢༠༢༦/༠༣/༡༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese