མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གཞུང་གིས་བོད་ཀྱི་རིག་གཞུང་རྩ་མེད་གཏོང་བའི་སྲིད་ཇུས་ལག་བསྟར་བྱེད་བཞིན་པ་དེ་ཚབས་ཆེ་ཤོས་རེད་འདུག

བོད་ཀྱི་དུས་བབ།
༢༠༢༢/༠༤/༢༦
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་དྷ་སར་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ཕྱི་ལོ་ ༢༠༢༡ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་གྱི་སྐད་ཡིག་གསུམ་ལྡན་གྱི་ལོ་འཁོར་སྙན་ཐོ་ཤོག་གྲངས་ ༣༢ ཅན་ཞིག་འདོན་སྤེལ་བྱས་ཏེ་རྒྱ་ནག་གཞུང་ངོས་ནས་བོད་ས་ཡོངས་སུ་རྒྱ་བསྒྱུར་སློབ་གསོ་སྤེལ་མཚམས་འཕྲལ་དུ་འཇོག་དགོས་པའི་སྐུལ་འདེབས་བྱས་འདུག

ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་ཀྱིས་འདི་ལོའི་སྙན་ཐོ་དང་འབྲེལ་ནས་བརྗོད་དོན། ད་ལོ་ལྟ་བུར་མཚོན་ན་ཁོ་ཚོས་(རྒྱ་ནག་གཞུང་)གིས་སྲིད་ཇུས་སྒྲིག་སྟངས་དེ་ཚོ་ཧང་སངས་དགོས་པ་དེ་འདྲ་རེད་འདུག ད་ལན་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་བསྡོམས་ལྟ་བུ་ཞིག་བརྒྱབ་དགོས་ན། ནམ་རྒྱུན་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལབ་དུས། མི་གཅིག་འཇུ་བཟུང་བྱས་སོང་། མི་གཅིག་ལ་མནར་གཅོད་བཏང་འདུག་ཟེར་བ་དང་། དགོན་པ་གཏོར་འདུག་ཟེར་བ་ལྟ་བུ་ཡིན་ཡང་། ད་ལྟའི་གནས་སྟངས་འདི་སྤྱི་པའི་ཐོབ་ཐང་དང་མི་རིགས་ཤིག་རྩ་མེད་བཟོ་རྒྱུའི་སྲིད་ཇུས་ལག་བསྟར་བྱེད་ཀྱི་ཡོད་པ་མཐོང་གི་འདུག ཅེས་དང་། དེ་ནི་འགྲོ་བ་མིའི་ཐོབ་ཐང་ལས་ལྷག་པའི་གནད་དོན་ཞིག་ཡིན་སྟབས། དེར་གདོང་ལེན་དང་དཀའ་ངལ་སེལ་ཐབས་ཆེད་དུས་རྒྱུན་ལས་ལྷག་པའི་ལམ་བུ་ཞིག་བཙལ་དགོས་ཀྱི་ཡོད་སྐོར་འགྲེལ་བརྗོད་གནང་སོང་། དེ་བཞིན་འདས་ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐད་ཀྱི་གནད་དོན་ཚབས་ཆེ་ཤོས་དེ་གང་ཡིན་སྐོར་གྱི་གསར་འགོད་པའི་དྲི་བར་ལན་འདེབས་བྱེད་སྐབས། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་གནས་དོན་ཕལ་ཆེ་བ་རྒྱ་ནག་གཞུང་གིས་རིག་གཞུང་རྩ་མེད་གཏོང་རྒྱུའི་སྲིད་ཇུས་ལག་བསྟར་བྱས་པའི་རྐྱེན་གྱིས་བྱུང་ཡོད་པ་དང་། ལྟེ་གནས་ཁང་ངོས་ནས་སྲིད་ཇུས་དེ་གནད་འགག་ཆེ་ཤོས་ཤིག་ལ་ངོས་འཛིན་བྱེད་ཀྱི་ཡོད་སྐོར་འགྲེལ་བརྗོད་བྱས་སོང་།

འདི་ལོའི་སྙན་ཐོ་དང་འབྲེལ་ལྟེ་གནས་ཁང་ངོས་ནས་རྒྱ་ནག་དམར་ཤོག་སྲིད་གཞུང་ལ་སྐུལ་འདེབས་དོན་ཚན་ ༡༤ བཏོན་པའི་ནང་། རྒྱ་ནག་གཞུང་གིས་བོད་མི་ཚོར་ཤེས་ཡོན་དང་རིག་གཞུང་གི་ལས་དོན་ཐད་རང་ཐག་རང་གཅོད་ཀྱི་ཐོབ་ཐང་སྤྲོད་དགོས་པ་དང་། བོད་ཡིག་སློབ་གྲྭ་སྒོ་རྒྱག་པ་དང་བསླབ་གཞིའི་སྐད་ཡིག་རྒྱ་ཡིག་ཏུ་སྒྱུར་བཞིན་པ་འཕྲལ་དུ་མཚམས་འཇོག་དགོས་པ། བོད་མི་ཚོའི་ཁང་ཁྱིམ་དང་ཁ་པར་སོགས་ལ་སྔོག་བཤེར་བྱེད་མཚམས་འཇོག་དགོས་པ། དེ་བཞིན་༧པཎ་ཆེན་རིན་པོ་ཆེ་མཆོག་གཙོས་པའི་བོད་མི་ཆབ་སྲིད་བཙོན་པ་རྣམས་ཀློད་གྲོལ་དགོས་པ་དང་། རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ཡིག་གིས་མཚོན་པའི་འགྲོ་བ་མིའི་ཐོབ་ཐོང་རྡོག་རོལ་གཏོང་བྱེད་ཀྱི་ཁྲིམས་སྒྲིག་ཁག་ལ་བསྐྱར་བཅོས་བྱ་དགོས་པ་སོགས་འཁོད་འདུག

དེ་བཞིན་རྒྱལ་སྤྱིའི་སྤྱི་ཚོགས་ལ་སྐུལ་འདེབས་དོན་ཚན་ ༨ བཏོན་པའི་ནང་། བོད་ནང་དུ་རིག་གཞུང་དང་འབྲེལ་བའི་ཤེས་ཡོན་གྱི་སྤུས་ཚད་གང་འདྲ་ཡོད་མེད་རྟོག་ཞིབ་ཆེད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཤེས་ཡོན་གྱི་ཐོབ་ཐང་དང་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་སྐོར་གྱི་དམིགས་བསལ་སྙན་སྒྲོན་པ་རྣམ་པ་བོད་ནང་དུ་གདན་འདྲེན་ཞུ་ཐབས་དགོས་པ་དང་། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་གཙོ་བོད་ནང་དུ་ཕེབས་ཐབས་དགོས་པ། རྒྱ་ནག་གཞུང་གི་སྐུ་ཚབ་མི་སྣ་ལྷན་དུ་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་བྱ་དགོས་སྐོར་དང་། གཞན་ཡང་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་ཚོགས་འདུའི་སྐབས་རྒྱ་ནག་གི་སྐུ་ཚབ་ཀྱིས་བཏོན་པའི་གྲོས་གཞིར་རྒྱབ་སྐྱོར་མ་བྱས་པར་རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བའི་གནས་ཚུལ་རྣམས་ཕྱི་གསལ་ནང་གསལ་བཟོ་དགོས་པ་སོགས་ཀྱི་སྐུལ་འདེབས་བྱས་འདུག

འདི་ལོའི་ལྟེ་གནས་ཁང་གི་ལོ་འཁོར་སྙན་ཐོའི་ནང་། རྒྱ་ནག་གཞུང་གིས་རྒྱའི་སྤྱི་སྐད་ཟེར་བའི་སྲིད་ཇུས་ལག་བསྟར་བྱས་པ་སོགས་བོད་ནང་གི་སྐད་ཡིག་དང་ཤེས་ཡོན་གྱི་ཐོབ་ཐང་གི་གནས་བབ་དང་། རོང་བོ་དགེ་འདུན་ལྷུན་གྲུབ་དང་སྒོ་ཡོན། གངས་སྐྱེས་སྒྲུབ་པ་སྐྱབས། དྷི་ལྷ་ལྡན། སྒོ་ཤེས་རབ་རྒྱ་མཚོ་བཅས་ཀྱིས་མཚོན་པའི་བོད་ཀྱི་ཤེས་ཡོན་མི་སྣར་འབུར་འཇོམས་བྱེད་ཚུལ། ༧གོང་ས་མཆོག་གི་སྐུ་པར་ལ་དམ་དྲག་དང་། འཛིན་བཟུང་བཀག་ཉར་དང་མནར་གཅོད་གཏོང་བའི་གནས་ཚུལ་རྣམས་འཁོད་འདུག་ལ། སྙན་ཐོའི་མཇུག་བསྡོམས་ནང་། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་མུ་མཐུད་ཛ་དྲག་ཇེ་ཆེར་ཡིན་པ་དང་། རྒྱ་ནག་གི་རྩ་ཁྲིམས་ཀྱི་སྔོན་གླེང་དུ་རྒྱ་རིགས་ཆེན་པོའི་རིང་ལུགས་ནི་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་གཏོར་བྱེད་ཀྱི་དགྲ་བོ་ཡིན་ཚུལ་བཤད་ཡོད་ཀྱང་། ད་ལྟའི་ཆར་རྒྱ་ཁྱབ་ཏུ་ལག་བསྟར་བྱེད་བཞིན་པའི་ཀྲུང་གོ་ཅན་དུ་བསྒྱུར་བའི་སྲིད་ཇུས་ཟེར་བ་དེ་ནི་རྒྱ་རིགས་ཆེན་པའི་རིང་ལུགས་ཀྱི་རྣམ་པ་གཞན་ཞིག་ཡིན་སྐོར་དང་། ཀྲུང་གོ་ཅན་དུ་བསྒྱུར་བ་ཞེས་པའི་མིང་ཐོག་ནས་རྒྱ་ནག་གུང་ཁྲན་སྲིད་གཞུང་གིས་མིང་བཏགས་པའི་ཀྲུང་ཧྭའི་རིག་གནས་དང་ཀྲུང་ཧྭའི་མི་རིགས་ཞེས་པ་དར་སྤེལ་གཏོང་དགོས་ཚུལ་བཤད་དེ་བོད་ཀྱི་ཆོས་དང་རིག་གཞུང་དང་སྐད་ཡིག་སོགས་ནི་རིན་ཐང་གི་ཆ་ནས་རིམ་པ་དམའ་བར་བརྩིས་ནས་རིམ་བཞིན་རྩ་མེད་གཏོང་ཐབས་ཀྱི་སྲིད་ཇུས་ལག་བསྟར་བྱེད་བཞིན་ཡོད་སྐོར་འཁོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

ཆུ་ཚོད་ ༣ སྔོན་ལ།
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

ཆུ་ཚོད་ ༣ སྔོན་ལ།
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧
འདས་ལོར་བོད་མཚོ་ལྷོ་འབའ་རྫོང་དུ་འཚོགས་པའི་རྫོང་རུ་རིག་གནས་ཡུལ་སྐོར་མི་རིགས་སྲོལ་རྒྱུན་ལུས་རྩལ་སྐབས་བཅུ་དགུ་པ་དང་རྫོང་རུ་རྟགས་མའི་བོད་འབྲེལ་ས་ཁུལ་གྱི་སྐོར་བྲོ་འགྲན་སྡུར་སྐབས་དང་པོའི་མགོ་འཛུགས་མཛད་སྒོའི་དགོང་ཚོགས་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

རྒྱ་གཞུང་གིས་བོད་མཚོ་ལྷོ་ཁུལ་དུ་ཕྱི་ལོ་ ༡༩༥༨ ལྟ་བུའི་གཉའ་གནོན་གཏོང་གིན་འདུག

༢༠༢༦/༠༦/༡༦
ttt
Mobile App

བདེ་སྙན་ལ་བསྐྱར་ཞིབ་དགོས་པའི་ཞུ་སྙན་ཕུལ། 

༢༠༢༦/༠༦/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese