མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གཞུང་ནས་༧པཎ་ཆེན་རིན་པོ་ཆེ་མཆོག་གིས་མི་སེར་དཀྱུས་མའི་འཚོ་བ་རོལ་བཞིན་ཡོད་ཅེས་བསྐྱར་དུ་བསྒྲགས་འདུག

བོད་ཀྱི་དུས་བབ།
༢༠༢༢/༠༤/༢༧
Share on FacebookShare on TwitterShare on EmailShare on Whatsapp

༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་དགུང་གྲངས་ ༣༣ ལ་ཕེབས་པའི་སྐུའི་འཁྲུངས་སྐར་དང་བསྟུན་བོད་མིའི་སྒྲིག་འཛུགས་ཀྱིས་གཙོས་ཨ་རིའི་གཞུང་དང་རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་རིན་པོ་ཆེ་མཆོག་འཕྲལ་དུ་ཀློད་གྲོལ་དགོས་པའི་འབོད་སྐུལ་གནང་བཞིན་ཡོད་པ་དེར་རྒྱ་ནག་གཞུང་གིས་ལན་འདེབས་འགྲེལ་ལོག་བརྒྱབ་འདུག

ཁ་སང་ཕྱི་ཚེས་ ༢༦ ཉིན་རྒྱ་ནག་གཞུང་གིས་གསར་འགོད་གསལ་བསྒྲགས་ཤིག་གི་སྟེང་། གསར་འགོད་པའི་དྲི་བར་ལན་འདེབས་བྱེད་སྐབས། རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཝང་ཝིན་པིན་ (Wang Wenbin) ཟེར་བ་དེས། ཨ་རིའི་ཕྱོགས་ཀྱིས་ཆོས་དད་རང་དབང་གི་མིང་ཐོག་ནས་བོད་དང་འབྲེལ་བའི་རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་བྱེད་བཞིན་པར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་ཀྱི་ཡོད། རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་ལམ་ལུགས་ལ་བརྩི་བཀུར་དང་སྲུང་སྐྱོབ་ཀྱིས་མཚོན་པའི་ཆོས་དད་རང་དབང་གི་སྲིད་ཇུས་ལག་བསྟར་བྱེད་མུས་ཡིན་ཞིང་། དུས་རབས་མང་པོའི་རིང་ནས་༧ཏཱ་ལའི་བླ་མ་དང་༧པཎ་ཆེན་ཨེར་ཏི་ནི་གཙོས་པའི་སྤྲུལ་སྐུ་གཞན་རྣམས་ཀྱི་ཡང་སྲིད་ཐད་ཀྱི་བརྒྱུད་རིམ་དང་ཐབས་ལམ་ཡོངས་སུ་རྫོགས་པ་གཏན་འབེབ་བྱས་ཡོད། དེར་ཆོས་ལུགས་ཀྱི་ཆོ་ག་དང་སྲོལ་རྒྱུན། དེ་བཞིན་རྒྱ་ནག་གི་ཁྲིམས་སྒྲིག་ཁག་ཀྱང་སྐབས་བསྟུན་ལག་བསྟར་བྱ་དགོས་པ་ཡིན། ཞེས་བརྗོད་འདུག་ལ། ༧གོང་ས་མཆོག་གིས་ཆོས་ལུགས་ཀྱི་ཆོ་ག་དང་སྲོལ་རྒྱུན་གྱི་ལམ་ལུགས་རྣམས་རྩིས་མེད་ཀྱིས་རྒྱ་ནག་ཁ་བྲལ་གྱི་ཆབ་སྲིད་ཁེ་ཕན་སྒྲུབ་ཆེད་ཕྲུ་གུ་ཞིག་༧པཎ་ཆེན་རིན་པོ་ཆེའི་ཡང་སྲིད་དུ་ངོས་འཛིན་གནང་ཡོད་ཚུལ་དང་། དེ་ནི་ཁྲིམས་འགལ་ཞིག་དང་ངོས་འཛིན་བྱེད་ཐབས་མེད་པ་ཞིག་ཡིན་སྐོར་ལན་འདེབས་འཁྱོག་བརྗོད་བྱས་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༢༥ ཉིན་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་དགུང་གྲངས་ ༣༣ ལ་ཕེབས་པའི་སྐུའི་འཁྲུངས་སྐར་དང་བསྟུན་ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་ཡིག་ཐོག་ནས་ཡོངས་ཁྱབ་བསྒྲགས་གཏམ་ཞིག་སྤེལ་ཡོད་པའི་ནང་། རྒྱ་ནག་གཞུང་གིས་ཕྱི་ལོ་ ༡༩༩༥ ཟླ་ ༥ ཚེས་ ༡༧ ཉིན་དགུང་ལོ་ ༦ ལ་སོན་པའི་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་བཙན་ཁྲིད་བྱས་ཏེ་ད་བར་གར་སོང་ཆ་མེད་ཡིན་པ་མ་ཟད། རྒྱ་ནག་གཞུང་གིས་མུ་མཐུད་༧གོང་ས་མཆོག་གིས་ངོས་འཛིན་གནང་པའི་པཎ་ཆེན་རིན་པོ་ཆེ་མཆོག་དང་བོད་མི་དབར་ལ་མཇལ་འཕྲད་བྱ་རུ་འཇུག་གི་མེད་པར། ཁོ་ཚོས་བསྐོ་གཞག་བྱས་པའི་པཎ་ཆེན་དེ་ཉིད་ཁྱབ་བསྒྲགས་བྱེད་བཞིན་པ་རེད། ཅེས་དང་། ང་ཚོས་རྒྱ་ནག་གཞུང་ལ་༧པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ད་ལྟ་གང་དུ་ཡོད་མེད་དང་སྐུའི་འཕྲོད་བསྟེན་ཇི་ཡིན་གྱི་གནས་ཚུལ་རྣམས་ཕྱིར་བསྒྲགས་བྱ་དགོས་པ་མ་ཟད། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཐོག་བཞག་པའི་ཁས་ལེན་དམ་བཅའ་གཞིར་བཟུང་། ཁོང་ལ་འགྲོ་བ་མིའི་ཐོབ་ཐང་དང་གཞི་རྩའི་རང་དབང་རྣམས་ལོངས་སུ་སྤྱོད་འཇུག་དགོས་པའི་སྐུལ་འདེབས་ཞུ་ཡི་ཡོད། ཨ་རིའི་གཞུང་ངོས་ནས་བོད་མིའི་ཆོས་དད་རང་དབང་དང་། ཐུན་མོང་མ་ཡིན་པའི་ཆོས་རིག་དང་སྐད་ཡིག་གི་ངོ་བོ། དེ་བཞིན་བོད་མིར་རང་ཆས་སུ་ཡོད་པའི་༧གོང་ས་མཆོག་དང་༧པཎ་ཆེན་རིན་པོ་ཆེ་མཆོག་ལྟ་བུའི་དབུ་འཁྲིད་རྣམས། སྲིད་གཞུང་གི་ཐེ་གཏོག་མེད་པར་རང་གི་དད་པ་གཞིར་བཟུར་འདེམས་སྒྲུག་དང་ཤེས་ཡོན་སྤྲོད་རྒྱུ་བཅར་པར་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཅེས་འཁོད་ཡོད་འདུག

རྒྱ་ནག་གཞུང་གིས་༧པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གནས་སྟངས་སྐོར་ལ་ལན་འདེབས་བྱེད་སྐབས། རྒྱུན་དུ་༧པཎ་ཆེན་ཡང་སྤྲུལ་ཡིན་ཟེར་བའི་ཕྲུ་གུ་དེ་ད་ལྟའི་ཆར་རྒྱུན་གཏན་གྱི་འཚོ་བ་རོལ་བཞིན་པའི་རྒྱ་ནག་གི་མི་སེར་དཀྱུས་མ་ཡིན་ཚུལ་དང་། ཁོང་དང་ཁོང་གི་ནང་མི་རྣམས་ཀྱིས་ཁོ་ཚོའི་འཚོ་བ་ལ་གཞན་གྱིས་སུན་པོ་བཟོ་འཇུག་འདོད་མེད་ཚུལ་རྒྱལ་སྤྱིའི་ཐོག་ཐེངས་འགར་བསྒྲགས་མྱོང་ཡོད་པ་དང་། ད་ལན་རིན་པོ་ཆེ་མཆོག་དགུང་གྲངས་ ༣༣ ལ་ཕེབས་པའི་སྐུའི་འཁྲུངས་སྐར་དང་བསྟུན་རྒྱལ་སྤྱིའི་ཐོག་ནས་ཁོང་གང་དུ་ཡོད་མེད་སོགས་ཀྱི་གནད་དོན་གླེང་སློང་ཤུགས་ཆེན་བྱེད་བཞིན་ཡོད་པར་བརྟེན། རྒྱ་གཞུང་གི་མགྲིན་ཚབ་པ་དེས་ལན་འདེབས་བསྐྱར་ཟློས་བྱས་ཡོད་འདུག འདས་པའི་ལོ་ངོ་ ༢༧ རིང་བོད་གཞུང་མང་གཉིས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་སྲིད་གཞུང་ཁག་ལ་༧པཎ་ཆེན་རིན་པོ་ཆེ་མཆོག་དང་ཁོང་གི་སྐུ་འཁོར་རྣམས་ཀློད་གྲོལ་ཡོང་ཐབས་ཆེད་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ་རིམ་པར་བྱས་ཡོད་ཀྱང་། རྒྱ་ནག་གཞུང་ངོས་ནས་ཁོང་མཐོ་སློབ་ནས་བསླབ་པ་མཐར་སོན་ཡོད་ལུགས་དང་མི་སེར་དཀྱུས་མ་ཞིག་གི་འཚོ་བ་རོལ་བཞིན་ཡོད་ཚུལ་བརྗོད་པ་ཙམ་ལས་གནས་ཚུལ་ཁུངས་ལྡན་དང་གསལ་ཁ་ཅན་གང་ཡང་བརྗོད་མེད་པ་རེད།

དེ་ཡང་ཕྱི་ལོ་ ༡༩༩༥ ཟླ་ ༥ ཚེས་ ༡༧ ཉིན་རྒྱ་ནག་གཞུང་གིས་༧པཎ་ཆེན་རིན་པོ་ཆེ་མཆོག་བཙན་འཁྲིད་བྱས་རྗེས། ལོ་དེའི་ཟླ་ ༥ ཚེས་ ༢༨ ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱིས་པའི་ཐོབ་ཐང་གི་ཚོགས་ཆུང་ (Committee on the Rights of the Child) ངོས་ནས་རྒྱ་ནག་གཞུང་ལ་ཁོང་གང་དུ་ཡོད་མེད་སྐོར་འདྲི་རྩད་བྱས་ཡོད་ཅིང་། སྐབས་དེར་རྒྱ་ནག་གཞུང་གིས་ཁོང་ཁ་བྲལ་རིང་ལུགས་པས་བཙན་འཁྲིད་བྱ་རྒྱུའི་ཉེན་ཁ་ཡོད་པ་དང་། ཁོང་གི་བདེ་འཇགས་ལ་ཉེན་ཁ་ཡོད་སྟབས་རྒྱ་ནག་གཞུང་གིས་སྲུང་སྐྱོབ་བྱེད་མུས་ཡིན་སྐོར་གྱི་འགྲེལ་བརྗོད་བྱས།

ཕྱི་ལོ་ ༢༠༠༧ ཟླ་ ༥ པའི་ནང་པཱ་ཀི་སི་ཐན་ནས་ཡིན་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཆོས་དད་རང་དབང་ཐད་ཀྱི་དམིགས་བསལ་སྙན་སྒྲོན་པ་ལྕམ་ཨ་སི་མ་ཇ་ཧན་གྷིར་ (Asma Jahangir) ལགས་ཀྱིས་རྒྱ་ནག་གཞུང་ལ་རང་དབང་ཅན་གྱི་ཆེད་མཁས་མི་སྣ་ཞིག་ལ་༧པཎ་ཆེན་རིན་པོ་ཆེ་མཆོག་མཇལ་འཕྲད་ཞུ་རྒྱུའི་ཆོག་མཆན་སྤྲོད་དགོས་པའི་སྐུལ་འདེབས་གནང་ཡོད་ནའང་། ལོ་དེའི་ཟླ་ ༧ ཚེས་ ༡༧ ཉིན་རྒྱ་ནག་གཞུང་གིས་བརྡ་ལན་གྱི་ཚུལ་དུ། དགེ་འདུན་ཆོས་ཀྱི་ཉི་མའི་འཕྲོད་བསྟེན་ཧ་ཅང་ལེགས་པོ་ཡོད་པ་མ་ཟད། རྒྱུན་གཏན་གྱི་འཚོ་བ་སྐྱིད་པོ་རོལ་བཞིན་ཡོད་པ། ཤེས་ཡོན་ཆ་ཚང་ཐོབ་ཀྱི་ཡོད་སྐོར་དང་། ད་ལྟའི་ཆར་མཐོ་འབྲིང་སློབ་གྲྭ་འགྲིམ་བཞིན་ཡོད་པ་དང་། སྐུ་གཟུགས་ཀྱི་རིང་ཚད་ ༡༦༥ (cm) ཡོད་པ། སློབ་སྦྱོང་གི་ཐོག་ལ་སྦྱང་བརྩོན་ཆེན་པོ་ཡོད་པ་མ་ཟད་གྲུབ་འབྲས་ཀྱང་ཧ་ཅང་ལེགས་པོ་ལོན་གྱི་ཡོད་ཚུལ། རྒྱ་ནག་གི་སྲོལ་རྒྱུན་རིག་གཞུང་ལ་མཉེས་པོ་ཡོད་པ་མ་ཟད། ཉེ་བའི་ཆར་ཡིག་གཟུགས་འབྲི་རྩལ་ལ་ཞུགས་ཡོད་པ་དང་། ཁོང་གི་ཕ་མ་གཉིས་ཀ་གཞུང་གི་ལས་བྱེད་ཡིན་ཞིང་། ཁོང་གི་མིང་སྲིང་རྣམས་ལས་ཀ་བྱེད་བཞིན་པའམ་མཐོ་སློབ་འགྲིམ་བཞིན་ཡོད་སྐོར་འགྲེལ་བརྗོད་བྱས་ཡོད་པ་མ་ཟད། ཁོང་དང་ནང་མི་སྐུ་འཁོར་རྣམས་བཙན་འཁྲིད་བྱས་པ་རེད་ཟེར་བ་དེར་གཞི་རྩ་གང་ཡང་མེད་སྐོར་བསྒྲགས་ཡོད་པ་རེད།

དེ་བཞིན་ཕྱི་ལོ་ ༢༠༡༥ ལོར་རྒྱ་ནག་གཞུང་གིས་༧པཎ་ཆེན་རིན་པོ་ཆེ་མཆོག་གིས་སློབ་སྦྱོང་བྱེད་མུས་ཡིན་པ་མ་ཟད། རྒྱུན་གཏན་གྱི་འཚོ་བ་རོལ་བཞིན་ཡོད་པ་དང་། མི་གཞན་གྱིས་ཁོང་སྒེར་གྱི་འཚོ་བར་ཐེ་བྱུས་བྱ་རྒྱུར་འདོད་པ་གནང་གི་མེད་སྐོར་འགྲེལ་བརྗོད་བྱས་ཡོད་པ་རེད། ཕྱི་ལོ་ ༢༠༡༨ ལོའི་ཟླ་ ༤ པའི་ཚེས་ ༢༥ ཉིན་་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་བཞུགས་སྒར་དྷ་སའི་འདབས་ཀྱི་གྷ་གྷལ་གནམ་ཐང་དུ་གསར་འགོད་པའི་དྲི་བར་བཀའ་ལན་གནང་སྐབས། ཁུངས་ལྡན་གྱི་གནས་ཚུལ་ལྟར་ན་༧པཎ་ཆེན་རིན་པོ་ཆེ་མཆོག་ད་ལྟ་སྐུ་འཚོ་བཞུགས་ཡིན་པ་དང་། རྒྱུན་ལྡན་གྱི་ཤེས་ཡོན་ཐོབ་བཞིན་ཡོད་སྐོར་གསུངས་ཡོད་པ་རེད།

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་དུས་བབ་གསར་ཁང་གི་པར
Mobile App

དབུས་འོས་བསྡུ་ལས་ཁང་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་གཏུགས།

ཆུ་ཚོད་ ༡༩ སྔོན་ལ།
This photograph taken during a government-organized media tour shows a young boy standing near his house in Damxung county, in China’s Tibet Autonomous Region, in June 2021. (Photo: Hector Retamal/AFP)
Mobile App

འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གིས་རྒྱ་ནག་གིས་བོད་ཀྱི་སྐད་ཡིག་རྩ་མེད་གཏོང་ཐབས་བྱེད་བཞིན་པ་ཐེར་འདོན་གནང་། 

ཆུ་ཚོད་ ༢༢ སྔོན་ལ།
Tibetans in Nepal Advised not to Hold March 10 Rallies
Mobile App

ཨ་རིས་བལ་ཡུལ་ནང་གི་བོད་མི་སྐྱབས་བཅོལ་བར་ལྟ་རྟོག་དགོས་པའི་སྐུལ་མ་བྱས།

༢༠༢༦/༠༥/༠༥
ཐའེ་ལན་ཌིའི་གསར་འགོད་པ་ཝུའུ་ཌི་མི་ལིན་ཊ་ཆིན་ཊ་(Woody Milintachinda) ལགས་ཀྱིས་སྣེ་འཁྲིད་པའི་ནང་པའི་ཚོགས་པ་ཐའེ་ལན་ཌི་ཝུའུ་ཌི་ཝོེ་ཌི་(Woody World Thailand ) ཡི་ཚོགས་མི་ ༢༠ ཡིས་༧གོང་ས་མཆོག་ལ་མཇལ་བཅར་ཞུས། ༢༠༢༦།༠༥།༤
༸གོང་ས་མཆོག གསར་འགྱུར།

ཐའེ་ལན་ཌི་དང་བོད་བར་གྱི་འབྲེལ་ལམ་དེ་ནི་འབྲེལ་མོལ་གྱིས་མཐུན་སྒྲིལ་ཡོང་བའི་དཔེ་མཚོན་ཡག་པོ་ཞིག་ཡིན་ཞེས་བཤད།

༢༠༢༦/༠༥/༠༤
gulf-insider
Mobile App

རྒྱ་ནག་འཛམ་གླིང་གི་གསར་འགོད་པ་བཙོན་འཇུག་བྱེད་མཁན་སྡུག་ཤོས་རེད་འདུག

༢༠༢༦/༠༥/༠༤
Mobile App

བོད་སློབ་གྲྭ་ཁག་ཏུ་ལུས་ཐོག་ཉེས་ཆད་གཏོང་རྒྱུ་ངེས་པར་དུ་མཚམས་འཇོག་གནང་དགོས།

༢༠༢༦/༠༥/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese