མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཞི་ཅིན་ཕིང་གི་དབང་འོག་གི་བོད་ཀྱི་སྐད་ཡིག་དང་ཤེས་ཡོན་གྱི་ཐོབ་ཐང་ཞེས་པའི་སྙན་ཐོ་ཞིག་བཏོན་སོང་།

བོད་ཀྱི་དུས་བབ།
༢༠༢༢/༠༥/༡༡
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་སྤྱི་སྐད་ཟེར་ནས་བོད་ཀྱི་བྱིས་གཉོར་ཁང་ནས་སློབ་གྲྭ་ཁག་གི་བསླབ་གཞི་ཚང་མར་རྒྱ་ཡིག་སྤྱོད་ཀྱི་ཡོད་པའི་གནས་སྟངས་འོག བོད་ཀྱི་སྐད་ཡིག་རིག་གཞུང་དང་བཅས་པ་རྩ་གཏོར་གྱི་སྲིད་ཇུས་ཤིག་ལག་བསྟར་བྱེད་བཞིན་ཡོད་སྐོར་གྱི་དམིགས་བསལ་སྙན་ཐོ་ཞིག་འདོན་སྤེལ་གནང་སོང་།

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ སྟེང་བོད་མིའི་སྒྲིག་འཛུགས་ཀྱི་འགྲེམས་སྟོན་ཁང་གསར་བའི་ནང་དུ། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་དང་ཨེ་ཤ་ཡའི་གཟི་བརྗིད་སྣེ་ཁྲིད་ཚོགས་པ་གཉིས་མཉམ་འབྲེལ་གྱིས་བསྒྲུབས་པའི་༼ང་ཚོའི་རུང་རྐང་འཇིབས་སོང་། ཞི་ཅིན་ཕིང་གི་དབང་འོག་གི་བོད་ཀྱི་སྐད་ཡིག་དང་ཤེས་ཡོན་གྱི་ཐོབ་ཐང་༽ཞེས་པའི་ཆེད་དོན་སྙན་ཐོ་ཞིག་འགྲེམས་སྤེལ་གནང་བའི་གསར་འགོད་གསལ་བསྒྲགས་བསྐོངས་སོང་བ་དང་། གསར་འགོད་གསལ་བསྒྲགས་སྟེང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་དང་ཉམས་ཞིབ་པ་ཉི་འོད་ལགས། དྲ་ལམ་བརྒྱུད་ཨེ་ཤ་ཡའི་གཟི་བརྗིད་སྣེ་འཁྲིད་ཚོགས་པའི་འགན་འཛིན་ (Eunsik Kang) ལགས་བཅས་ཀྱིས་གཏམ་བཤད་བསྡུས་པ་རེ་གནང་སོང་བ་མ་ཟད། སྙན་ཐོ་དང་འབྲེལ་བའི་སྐར་མ་ལྔ་ཅན་གྱི་བརྙན་ཐོ་ཞིག་ཀྱང་གཟིགས་འབུལ་ཞུས་སོང་།

སྐབས་དེར་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་ཀྱིས། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་དམིགས་བསལ་སྙན་ཐོ་དེ་ནི་འདས་ལོའི་ཕྱི་ཟླ་ ༧ ནས་མགོ་འཛུགས་བྱས་པ་ཞིག་ཡིན་པ་དང་། སྙན་ཐོ་དེ་འདོན་སྤེལ་གནང་བར་དུས་ཡུན་རིང་པོ་འགོར་རྐྱེན་ནི། མི་མང་པོར་འབྲེལ་བ་གནང་དགོས་པ་དང་། ཞིབ་འཇུག་ཚད་ལྡན་དགོས་པ་སོགས་ཀྱི་རྒྱུ་མཚན་ལ་བརྟེན་ནས་ཡིན་སྐོར་དང་།  ཕྱི་ལོ་ ༢༠༡༦ ལོ་ནས་རྒྱ་ནག་གིས་བོད་ཐོག་འཛིན་པའི་སྲིད་ཇུས་སྔར་ལྷག་གིས་དམ་དུ་ཕྱིན་ཏེ། ད་ཆ་རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་སྲིད་ཇུས་དག་ཐད་ཀར་བོད་ཀྱི་རིག་གཞུང་དང་ངོ་བོ་སོགས་བོད་མི་རིགས་རྩ་གཏོར་གཏོང་ཐབས་ཀྱི་སྲིད་ཇུས་ཤིག་ཆགས་ཡོད་སྐོར་སོགས་བརྗོད་སོང་བ་དང་། ཨེ་ཤ་ཡའི་གཟི་བརྗིད་སྣེ་འཁྲིད་ཚོགས་པའི་འགན་འཛིན་(Eunsik Kang)ལགས་ཀྱིས། རང་ཉིད་ཀྱི་ཚོགས་པ་དེ་ནི་འཛམ་གླིང་སྤྱི་དང་དམིགས་བསལ་ཨེ་ཤ་ཡའི་ཁུལ་གྱི་དམག་འཁྲུག་དང་འགྲོ་བ་མིའི་ཐོབ་ཐང་གི་རང་དབང་སོགས་ལ་རྡོག་རོལ་ཐེབས་པའི་མི་རྣམས་དང་ལྷན་དུ་ལས་ཀ་བྱེད་ཀྱིན་ཡོད་པ་ངོ་སྤྲོད་དང་སྦྲགས། ང་ཚོའི་ལས་ཀ་གཙོ་བོ་ནི་འབར་མ་དང་བྷང་ལ་ཌི་ཤི། པ་ལི་སི་ཐན། དམིགས་བསལ་དྷ་རམ་ས་ལ་སོགས་སུ་ཡོད་པའི་གནོད་འཚེ་ཐེབས་པའི་མི་རྣམས་ཀྱི་གནས་སྟངས་རྒྱལ་སྤྱིའི་སྟེང་བསྐྱལ་ཏེ་དྲིལ་བསྒྲགས་བྱེད་ཀྱིན་ཡོད།  འདས་པའི་ལོ་ངོ་བདུན་ཙམ་རིང་ངའི་ལས་འགན་གཙོ་བོ་ནི། དྷ་རམ་ས་ལའི་མི་མང་པོ་ཞིག་ལ་གནོད་འཚེ་ཐེབས་པའི་མི་ཚེའི་ལོ་རྒྱུས་སྐོར་ཉན་ཞིབ་བྱས་པ་ཡིན་ལ། ཁོ་ཚོས་ཐེ་ཚོམ་མེད་པར་རང་ཉིད་ལ་བསམ་བློ་དང་འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་རང་དབང་མེད་པར་དྲག་གནོན་ཐེབས་པའི་ལོ་རྒྱུས་ང་ལ་བཤད་བྱུང་ཞེས་དང་། བོད་མི་རྣམས་ལ་རིགས་རྒྱུད་རྩ་གཏོར་དང་བསམ་བློ་དང་སློབ་གསོའི་རང་དབང་མེད་པ་སོགས་ཀྱི་སྐོར་ཤེས་རྟོགས་ཐུབ་ཡོད་སྐོར་སོགས་བརྗོད་སོང་།

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་ཉི་འོད་ལགས་ཀྱིས་སྙན་ཐོ་དེའི་ནང་དོན་རག་བསྡུས་ཤིག་ངོ་སྤྲོད་གནང་སྐབས། སྙན་ཐོའི་ཁ་བྱང་དུ་ང་ཚོའི་རུང་རྐང་འཇིབས་སོང་ཞེས་པ་ནི་བོད་ནང་གི་དགེ་རྒན་ཞིག་གིས་གསུངས་པ་ཞིག་ཡིན་པ་ལས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་བྲིས་པ་ཞིག་མིན་པའི་གསལ་བཤད་དང་འབྲེལ། ཀྲུང་ཧཱ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟེར་ནས། རྒྱ་ནག་གི་དབང་བསྒྱུར་འོག་ཡོད་པའི་གྲངས་ཉུང་མི་རིགས་ཚང་ལ་རྒྱ་རིགས་པའི་འདུ་ཤེས་བསྐྲུན་ཐབས་སུ། སྲིད་ཇུས་འདྲ་མིན་སྣ་ཚོགས་ལག་བསྟར་བྱེད་བཞིན་པའི་ཁྲོད། སྙན་ཐོའི་ནང་བོད་ནང་རིག་གཞུང་བཙན་བསྒྱུར་དང་མི་རིགས་རྒྱ་བསྒྱུར་གྱི་སྲིད་ཇུས་ལག་བསྟར་བྱེད་བཞིན་ཡོད་པ་གསལ་འདོན་བྱས་ཡོད་སྐོར་དང་། མི་རིགས་ཤིག་གི་ཆག་འཇིག་ནི་སྐད་ཡིག་གི་སྲོག་རྩར་ཐུག་ཡོད་པ་ཤེས་བཞིན་དུ་རྒྱ་ནག་གཞུང་གིས་སྤྱི་སྐད་ཟེར་ནས་བོད་ནང་གི་ཐ་ན་བྱིས་གཉོར་ཁང་དང་སྔོན་འགྲོའི་སློབ་གྲྭ་སོགས་སུ་རྒྱའི་སྐད་ཡིག་སྤྱོད་དགོས་པའི་སློབ་གསོའི་སྲིད་ཇུས་ལག་བསྟར་བྱེད་བཞིན་ཡོད་པ་དང་བོད་ཀྱི་དགོན་སྡེ་ཁག་ཏུ་བོད་བརྒྱུད་ནང་བསྟན་ཀྱང་རྒྱ་ཡིག་ནང་སློབ་ཁྲིད་བྱ་དགོས་པ།  དེ་བཞིན་གྲོང་གསེབ་ཏུ་རྒྱའི་སྐད་ཡིག་སློབ་ཁྲིད་ཀྱི་སྲིད་ཇུས་ལག་བསྟར་བྱེད་བཞིན་པ་སོགས་ནི། དོན་དངོས་ཐོག་བོད་ཀྱི་རིག་གཞུང་དང་སྐད་ཡིག་སོགས་རྩ་གཏོར་བྱེད་བཞིན་ཡོད་སྐོར་སོགས་བརྗོད་སོང་།

ཤོག་ངོས་ ༣༥ ལྡན་པའི་དམིགས་བསལ་སྙན་ཐོ་དེར་ནང་ཚན་བརྗོད་གཞི་ཆེ་བ་བཞི་ཙམ་ཡོད་པ་དག་ནི། བོད་ནང་གི་སློབ་གསོ་དང་སྐད་ཡིག་གི་ཐོབ་ཐང་། རྒྱ་ནག་གཞུང་གི་སློབ་གསོ་དང་སྐད་ཡིག་གི་སྲིད་ཇུས། སྐད་ཡིག་དང་སློབ་གསོ་ནི་འགྲོ་བ་མིའི་ཐོབ་ཐང་ཡིན། སེང་འབྲུག་སྟག་རྩེ་སྒོ་བརྒྱབ་པ་བཅས་ཡིན་པ་དང་། ཁོང་ཅག་གི་གསར་འགོད་གསལ་བསྒྲགས་ནང་། རྒྱ་ནག་གཞུང་གིས་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གཉེར་བྱ་སའི་ཁོར་ཡུག་ཉག་ཅིག་ཏུ་གྱུར་བའི་བོད་ཀྱི་སྒེར་བཙུགས་སློབ་གྲྭ་རྣམས་སྒོ་བརྒྱག་བཞིན་པ་མ་ཟད། སྔོན་གྱི་ལྗོངས་ཞིང་ལྔས་གཏན་འབེབས་བྱས་པའི་སློབས་དེབ་རྦམས་ཕྱིར་བསྡུ་བྱས་ཏེ། དེའི་ཚབ་ཏུ་རྒྱ་ནག་དབུས་གཞུང་ནས་རྒྱ་ཡིག་ཐོག་གཏན་འབེབས་བྱས་པའི་དམར་ཤོག་ཚོགས་པ་དང་རྒྱ་ནག་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས། ཞི་ཅིན་ཕཱིང་དགོངས་པ་ཟེར་བ་སོགས་ནང་དོན་དུ་བྱས་པའི་རྒྱལ་ཡོངས་གཅིག་གྱུར་གྱི་སློབ་དེབ་འགྲེམས་བཞིན་ཡོད་པ་དེས་བོད་ཀྱི་སྐད་ཡིག་དང་རིག་གཞུང་ལ་དོ་ཚབས་ཆེན་འཕོག་ངེས་པའི་སེམས་འཚབ་ཆེས་ཆེར་བྱ་འོས་སུ་གྱུར་ཡོད།

ཤེས་ཡོན་གྱི་ཐོབ་ཐང་ནི་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་མེད་ཐབས་མེད་པ་ཞིག་ཡིན་པ་མ་ཟད། དེ་ཉིད་ནི་ཐོབ་ཐང་གཞན་དག་ཚང་མའི་འབྱུང་རྩ་ཡང་ཡིན་པས། རྒྱལ་སྤྱིའི་ཆིངས་ཀག་མང་པོའི་ནང་དེ་ཉིད་གཙིགས་ཆེན་དུ་བཟུང་ཡོད། འོན་ཀྱང་རྒྱ་ནག་གཞུང་གིས་རིག་གཞུང་བཙན་བསྒྱུར་བྱེད་པའི་སྦྱོར་བ་དེས། ཀྲུང་ཧཱ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་རྒྱུ་ཡིན་ཞེས་རྒྱའི་དབང་འོག་གི་མི་རིགས་ཐམས་ཅད་ཧཱན་རིགས་ཀྱི་ངོ་བོར་འདུ་ཐབས་ཀྱི་སྲིད་ཇུས་ཤིག་དབུས་གཞུང་ནས་འགན་བླངས་ཏེ་རྒྱལ་ཡོངས་སུ་རྒྱ་ཁྱབ་ཏུ་ལག་བསྟར་བྱེད་བཞིན་ཡོད་པར་བརྟེན། དེ་ནི་སྔར་ཡོད་རྩ་ཁྲིམས་དང་གྲངས་ཉུང་མི་རིགས་ཀྱི་བཅའ་ཁྲིམས་སོགས་ཁྲིམས་དང་སྲིད་ཇུས་གང་གིས་ཀྱང་འགོག་མི་ཐུབ་པར་གྱུར་འདུག

མཇུག་ཏུ། ད་ལྟའི་བོད་ནང་གི་སྐད་ཡིག་དང་རིག་གཞུང་ཉེན་ཚབས་ལས་སྐྱོབ་ཕྱིར་དུ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ངོས་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐད་ཡིག་དང་ཤེས་ཡོན་གྱི་ཐོབ་ཐང་སྐོར་གྱི་ཆེད་མཁས་མི་སྣ་ངེས་པར་དུ་བོད་དུ་རྟོག་ཞིབ་ཆེད་མངགས་གཏོང་ཡོང་ཐབས་སུ་འབད་འབུངས་རྒྱ་ཆེར་བྱེད་དགོས་པ་དང་རྒྱ་ནག་གཞུང་གི་ངོས་ནས་བོད་དང་རྒྱ་ནག་གི་ས་ཁུལ་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རང་དབང་ལྡན་པའི་ཆེས་མཁས་པ་རྣམས་དུས་ངེས་ལ་རྟོག་ཞིབ་ཆེད་ཡོང་ཆོག་པའི་ཆོག་མཆན་སྤྲོད་དགོས་པའི་འབོད་སྐུལ་ནན་པོ་ཞུ་རྒྱུ་ཡིན་ཞེས་བརྗོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Politic Re-education propaganda in Tibetan Primary School, Pema County, Golog_2022 Photo:Tibet Times
Mobile App

ཕྱི་ལོ་ ༢༠༢༥ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དང་འབྲེལ་བའི་སྙན་ཐོ་བཏོན།

ཆུ་ཚོད་ ༡༡ སྔོན་ལ།
ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་། བོད་ཀྱི་དུས་བབ་ཀྱིས་པར་སྒྲིག་སྦྱོར་བྱས།
Mobile App

ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་།

ཆུ་ཚོད་ ༡༣ སྔོན་ལ།
Satellite data reveals long-term groundwater decline in Himalaya and Tibet region
Mobile App

ཨེ་ཤ་ཡའི་ཁུལ་གྱི་ས་འོག་གི་ཆུ་བརྒྱ་ཆ་ ༧༠ ལྷག་ཇེ་ཉུང་དུ་འགྲོ་བཞིན་འདུག

༢༠༢༦/༠༢/༠༥
UN Report Warns China Is Erasing Tibetan Civilisation Photo:CTA
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་རིག་ཤུལ་མེད་བཟོ་ཐབས་བྱེད་མུས་ཡིན་པ་དང་འབྲེལ་བའི་སྙན་ཐོ་བཏོན།

༢༠༢༦/༠༢/༠༥
ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་
Mobile App

ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་ལགས་ཀྱིས་༸གོང་ས་མཆོག་ལ་འཚམས་འདྲི་ཞུས།

༢༠༢༦/༠༢/༠༤
Mobile App

ཨ་རིས་བོད་མི་རྣམས་ལ་ཨ་སྒོར་ས་ཡ་ ༢༣ རོགས་དངུལ་བཀའ་འཁྲོལ་གཏན་འབེབས་བྱས།

༢༠༢༦/༠༢/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese