མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཞི་བདེ་རྒྱ་མཚོའི་ཁུལ་གྱི་ཨ་རྒྱ་གཉིས་ཀྱི་དབང་ཤུགས་རྒྱ་སྐྱེད་ཀྱི་འཐབ་རྩོད།

བོད་ཀྱི་དུས་བབ།
༢༠༢༢/༠༥/༢༧
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་ཕྱི་འབྲེལ་རྒྱ་སྐྱེད་ལ་ཁ་གཏད་གཅོག་པའི་ཚུལ་གྱིས་ཁ་སང་ཕྱི་ཚེས་ ༢༦ ནས་བཟུང་བདུན་ཕྲག་གཅིག་རིང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་དབྱི་ཟེར་བ་དེས་སོ་ལོ་མོན་ (Solomon Islands)གཙོས་པའི་ཞི་བདེ་རྒྱ་མཚོའི་གླིང་ཕྲན་རྒྱལ་ཁབ་ ༨ ནང་སྐོར་སྐྱོད་བྱེད་བཞིན་ཡོད་འདུག

The Solomon Islands’ foreign minister, Jeremiah Manele, left, escorts his Chinese counterpart, Wang Yi, center, upon Wang’s arrival in Honiara on May 25. (AFP/Getty Images)

ཉིན་ཤས་གོང་དུ་ཨ་རིའི་སྲིད་འཛིན་རྗོ་བྷའེ་ཌིན་མཆོག་དངོས་སུ་ཨེ་ཤ་ཡའི་ནང་གཟིགས་སྐོར་དུ་ཕེབས་ཏེ། རྒྱ་གར་དང་ཉི་ཧོང་གཙོས་པའི་ཡ་གླིང་གི་སྟོབས་ཆེན་རྒྱལ་ཁབ་སྐོར་ཞིག་དང་ལྷན་དུ་ཞི་བདེ་རྒྱ་མཚོའི་ཁུལ་གྱི་བདེ་འཇགས་སྤྱི། སྒོས་སུ་ཁུལ་དེར་རྒྱ་ནག་གི་ཤུགས་རྐྱེན་ལྡོག་ཐབས་སྐོར་ལ་གྲོས་མོལ་བྱས་པ་དེར་ཡ་ལན་གྱི་ཚུལ་དུ། ཁ་སང་ཕྱི་ཚེས་ ༢༦ ཉིན་ནས་བཟུང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་དབྱི་ཟེར་བ་དེ་སོ་ལོ་མོན་ (Solomon Islands)གཙོས་པའི་ཞི་བདེ་རྒྱ་མཚོའི་གླིང་ཕྲན་རྒྱལ་ཁབ་ ༨ ནང་སྐོར་སྐྱོད་བྱ་འགོ་བརྩམས་ཏེ་རྒྱ་ནག་གི་ཤུགས་རྐྱེན་རྒྱ་སྐྱེད་གཏོང་ཐབས་བྱེད་བཞིན་ཡོད་འདུག

བདུན་ཕྲག་གཅིག་རིང་ཝང་དབྱི་ཡིས་སོ་ལོ་མོན་གླིང་ཕྲན་དང་། ས་མོ་ཨ་(Somoa)། ཊོང་གྷ (Tonga)། ཝེ་ནུ་ཊུ་(Vanuatu)། པ་པ་ནེའུ་གྷེ་ནི་ཡ་(Papua News Guinea)། ཤར་ཊི་མུར་ (East Timor)། ཧྥི་ཇི་ (Fiji) བཅས་ནང་སྐོར་སྐྱོད་བྱ་རྒྱུ་ཡིན་པ་མ་ཟད། ཟླ་འདིའི་ཕྱི་ཚེས་ ༣༠ ཉིན་ཧྥི་ཇིར་ཁུལ་དེའི་གླིང་ཕྲན་རྒྱལ་ཁབ་ ༡༠ ཡི་ཕྱི་སྲིད་བློན་ཆེན་དང་ལྷན་དུ་གྲོས་མོལ་ཞིག་ཀྱང་འཚོག་རྒྱུ་ཡིན་ཞིང་། རུ་ཊིར་སི་གསར་ཁང་(Reuters) ལྟར་ན། ཚོགས་འདུའི་དེའི་ཐོག་རྒྱ་ནག་གཞུང་གིས་གླིང་ཕྲན་རྒྱལ་ཁབ་ ༡༠ ལ་ཞི་བདེ་རྒྱ་མཚོའི་ཁུལ་དུ་ཉེན་རྟོག་དང་དྲ་ལམ་བདེ་འཇགས། མཚོ་འགྲུལ་ལྟ་རྟོག ཚོང་འབྲེལ་སོགས་ཀྱི་གནད་དོན་ཐོག་ལ་མཉམ་ལས་བྱེད་ཐབས་དང་། འབྱུང་འགྱུར་ལོ་ལྔ་ཚན་གཅིག་གི་འཆར་གཞི་འཁོད་པའི་གྲོས་ཆོད་ཅིག་ཀྱང་འཇོག་འཆར་ཡོད་འདུག

Islands Map

ཟླ་སྔོན་མར་རྒྱ་ནག་དང་ཨོ་གླིང་གི་ཉེ་འཁྲིས་སུ་ཡོད་པའི་སོ་ལོ་མོན་གླིང་ཕྲན་རྒྱལ་ཁབ་གཉིས་དབར་བདེ་འཇགས་སྐོར་གྱི་གྲོས་ཆོད་ཅིག་བཞག་ཡོད་ཅིང་། དབྱེ་ཞིབ་པས་གྲོས་ཆོད་དེའི་འོག་ནས་རྒྱ་ནག་གཞུང་གིས་སོ་མོ་མོན་གླིང་ཕྲན་ཁུལ་དུ་རྒྱ་དམག་གི་རྟེན་གཞི་འཛུགས་སྲིད་པའི་ཉེན་བརྡ་བཏང་ཡོད་པ་ལྟར། གྲོས་ཆོད་དེས་ཁུལ་དེའི་སྟོབས་ཆེན་རྒྱལ་ཁབ་ཨོ་གླིང་གཙོས་པའི་ཨ་རི་སོགས་མཐུན་ཕྱོགས་རྒྱལ་ཁབ་རྣམས་ལ་སེམས་འཚབ་སྤྲད་ཡོད་པ་ལྟར། ད་ལན་རྒྱ་ནག་གཞུང་གིས་བཏོན་པའི་གྲོས་གཞི་དེས་ཨོ་གླིང་ཙམ་དུ་མ་ཟད། གླིང་ཕྲན་རྒྱལ་ཁབ་ཁྲོད་དུའང་སེམས་འཚབ་ཡོད་པའི་རྣམ་པ་ཤུགས་ཆེར་ཐོན་བཞིན་འདུག དེ་ཡང་ཞི་བདེ་རྒྱལ་མཚོའི་མའེ་ཁོ་རོ་ནེ་ཤི་ཡ་མཉམ་བསྡུས་རྒྱལ་ཁབ་ (Federated States of Micronesia) ཀྱི་སྲིད་འཛིན་ཌེ་ཝིཌ་པེ་ནུ་ལོ་ (David Panuelo) ཡིས་ཁུལ་དེའི་རྒྱལ་ཁབ་ ༢༡ གི་མགོ་འཁྲིད་རྣམས་ལ། རྒྱ་ནག་གཞུང་གིས་བཏོན་པའི་མཉམ་ལས་ཀྱི་གྲོས་གཞི་དེས་ཞི་བདེ་རྒྱ་མཚོ་ཁུལ་དུ་རྒྱ་ནག་དང་ནུབ་གླིང་དབར་དུ་གྲང་དམག་ལྟར་གྱི་རྩོད་རྙོག་སློང་སྲིད་པར་བརྟེན། གླིང་ཕྲན་རྒྱལ་ཁབ་རྣམས་ཀྱིས་གྲོས་གཞི་དེ་ངོས་ལེན་བྱ་རྒྱུ་མིན་སྐོར་གྱི་རེ་སྐུལ་ཞུས་ཡོད་པ་རེད། དེ་བཞིན་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ནེཌ་པ་པ་རའེ་སི་ (Ned Price) ཡིས་ཨ་རི་ལ་རྒྱ་ནག་གི་གྲོས་གཞི་དེའིི་སྐོར་ཤེས་རྟོགས་ཡོད་ནའང་། རྒྱ་ནག་གིས་གྲོས་ཆོད་དེ་དག་ཧོལ་རྒྱུག་དང་ཕྱི་གསལ་ནང་གསལ་མེད་པའི་ཐོག་ནས་འཇོག་སྲིད་པའི་བློ་འཚབ་ཡོད་སྐོར་བརྗོད་འདུག

དེ་ཡང་འདི་ལོའི་ཕྱི་ཟླ་ ༤ པའི་ཚེས་ ༡༩ ཉིན་ཨོ་གླིང་དང་ནེའུ་ཛི་ལེན་ཌི། ཨ་རི་བཅས་ཀྱི་བློ་འཚབ་བྱས་མིན་ལ་མ་ལྟོས་པར། རྒྱ་ནག་དང་སོ་ལོ་མོན་གླིང་ཕྲན་རྒྱལ་ཁབ་གཉིས་ཀྱིས་བདེ་འཇགས་གྲོས་ཆོད་དེ་བཞག་རྗེས། ཟླ་དེའི་ཕྱི་ཚེས་ ༢༢ ཉིན་ཨ་རིས་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་ཞིག་སོ་ལོ་མོན་གླིང་ཕྲན་ལ་མངགས་ཏེ། གྲོས་ཆོད་དེའི་འོག་ནས་གལ་ཏེ་རྒྱ་ནག་གིས་ཁུལ་དེར་གཏན་འཇགས་དམག་མི་འཇོག་པའམ་དམག་གི་རྟེན་གཞི་སོགས་བཙུགས་ཚེ། ཨ་རིའི་ངོས་ནས་དེར་མཐུན་གྱི་ཡ་ལན་བསློག་ངེས་ཡིན་སྐོར་ཉེན་བརྡ་བཏང་ཡོད་ཅིང་། སྐབས་དེར་སོ་ལོ་མོན་དང་རྒྱ་ནག་གཞུང་གཉིས་ཀས་གྲོས་ཆོད་དེ་ནི་སོ་ལོ་མོན་རྒྱལ་ཁབ་ཀྱི་བདེ་འཇགས་དང་མི་མང་བདེ་དོན་ཆེད་ཡིན་པ་ལས། དམག་དོན་རྟེན་གཞི་འཛུགས་འཆར་མེད་སྐོར་གསལ་བཤད་བྱས་འདུག་ལ། རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས་ཨ་རིས་སོ་ལོ་མོན་རྒྱལ་ཁབ་ཀྱི་རྒྱལ་སྲིད་ཐག་གཅོད་དབང་ཆ་ལ་དོ་ཕོག་གཏོང་བཞིན་ཡོད་པའི་སྐྱོན་བརྗོད་ཀྱང་བྱས་ཡོད་འདུག

ཨོ་གླིང་ནི་འཛམ་གླིང་དམག་ཆེན་གཉིས་པའི་རྗེས་ཀྱི་ཞི་བདེ་རྒྱ་མཚོའི་ཁུལ་གྱི་གླིང་ཕྲན་རྒྱལ་ཁབ་རྣམས་ཀྱི་བདེ་འཇགས་ཐད་ཀྱི་མཐུན་གྲོགས་རྒྱལ་ཁབ་གཙོ་ཆེ་ཤོས་དེ་ཡིན་ནའང་། དབྱེ་ཞིབ་པས་ཨོ་གླིང་གི་གཞུང་འཛིན་གོང་མས་གླིང་ཕྲན་རྒྱལ་ཁབ་དེ་དག་དང་འབྲེལ་ལམ་འཇོག་རྒྱུ་ཉུང་དུ་བཏང་བའི་རྐྱེན་གྱིས། གླིང་ཕྲན་རྒྱལ་ཁབ་དེ་དག་རྒྱ་ནག་ལ་ཁ་མ་ཕྱོགས་ཀ་མེད་ཆགས་ཡོད་སྐོར་རྗོད་ཀྱིན་འདུག་ལ། ད་ལྟའི་གཞུང་འཛིན་གསར་པས་ཀྱང་སྲིད་བློན་སི་ཁོ་ཊི་མོ་རི་སིས་ཕྱི་འབྲེལ་སྲིད་ཇུས་ཁྲོད་དུ་གླིང་ཕྲན་རྒྱལ་ཁབ་རྣམས་གཙིགས་ཆེར་མ་བཟུང་བ་དེ་སྐྱོན་ཚབས་ཆེ་ཤོས་ཤིག་ཡིན་སྐོར་སྐྱོན་བརྗོད་བྱས་ཡོད་པ་ལྟར། ད་ལན་རྒྱ་ནག་གི་བློ་འཚབ་རང་བཞིན་གྱི་གྲོས་ཆོད་ཕྱིར་གྱར་བྱུང་བ་དང་བསྟུན། ཁ་སང་ཧྥི་ཇི་ནང་སྐོར་སྐྱོད་བྱེད་བཞིན་པའི་ཨོ་གླིང་ཕྱི་སྲིད་བློན་ཆེན་གསར་པ་ལྕམ་པེ་ནི་ཝོང་ (Penny Wong) གིས། ཨོ་གླིང་ནི་གཞན་ལ་དཔལ་འབྱོར་གྱི་ཁུར་པོ་འགེལ་མཁན་ཞིག་དང་། ཞི་བདེ་རྒྱ་མཚོའི་ཁུལ་གྱི་ཁེ་ཕན་དང་རྩ་འཛུགས་ཉམས་དམས་སུ་གཏོང་མཁན་ཞིག་མིན་སྐོར་བརྗོད་ཡོད་ཅིང་། ཨོ་གླིང་གི་སྲིད་བློན་གསར་པ་ཨེན་ཐོ་ནི་ཨལ་བྷེ་ནི་སི་(Anthony Albanese)མཆོག་གིས། རྒྱ་ནག་གིས་འཛམ་གླིང་དམག་ཆེན་གཉིས་པ་ནས་བཟུང་ཨོ་གླིང་མཐུན་གྲོགས་རྒྱལ་ཁབ་ཆེ་ཤོས་ཡིན་པའི་ཞི་བདེ་རྒྱ་མཚོའི་ཁུལ་དུ་དབང་ཤུགས་སྐྱེད་ཐབས་བྱེད་བཞིན་པར་བརྟེན། ཨོ་གླིང་ངོས་ནས་གླིང་ཕྲན་རྒྱལ་ཁབ་དེ་དག་ལ་རྒྱབ་སྐྱོར་སྔར་ལྷག་བྱ་དགོས་སྐོར་བརྗོད་འདུག

Australias new PM Anthony Albanese, (Far left) US’s Joe Biden, apanese Prime Minister Fumio Kishida and Indian PM Modi at the Quad Summit on 24th May, 2022. Photo: AFP3

ཟླ་འདིའི་ཕྱི་ཚེས་ ༢༤ ཉིན་ཉི་ཧོང་དུ་ཨ་རི་དང་ཨ་གླིང་། ཉི་ཧོང་། རྒྱ་གར་བཅས་ལས་གྲུབ་པའི་རྒྱལ་ཁབ་བཞིའི་ལྷན་ཚོགས་ (Quad Summit) དེ་བསྡུས་ཡོད་ཅིང་། ལྷན་ཚོགས་ཐོག་ཨ་རིས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་ཁུལ་དུ་རྒྱ་ནག་གི་དཔལ་འབྱོར་དང་ཆབ་སྲིད་ཀྱི་ཤུགས་རྐྱེན་ལ་ཁ་གཏད་གཅོག་ཆེད། རྒྱ་གར་ཞི་བདེ་རྒྱ་མཚོ་ཁུལ་གྱི་ཚོང་འབྲེལ་ལས་འཆར་ (Indo-Pacific Economic Framework for Prosperity) ཟེར་བ་ཞིག་མགོ་འཛུགས་བྱས་ཏེ། ད་ལྟའི་ཆར་ཚོང་དོན་མཉམ་ལས་དེའི་ནང་རྒྱ་གར་དང་། ཉི་ཧོང་། ལྷོ་ཀོ་རི་ཡ། ཨོ་གླིང་། ཝི་ཐི་ནམ། ཐའེ་ལེན་ཌི། སིང་གྷ་པུར་ཚུད་པའི་ཡ་གླིང་གི་རྒྱལ་ཁབ་ ༡༣ ཞུགས་ཡོད་པ་རེད་འདུག

འདས་པའི་ལོ་ངོ་དུ་མའི་གོང་ནས་རྒྱ་ནག་གིས་ཞི་བདེ་རྒྱ་མཚོའི་ཁུལ་དུ་རྒྱ་བསྐྱེད་ཀྱི་སྲིད་ཇུས་ཤིག་ལག་བསྟར་བྱེད་མགོ་བརྩམས་ཏེ། ཁུལ་དེའི་གླིང་ཕྲན་རྒྱལ་ཁབ་བྷུ་རུ་ནའེ་ (Brunei) དང་། ཨིན་ཌོ་ནེ་ཤི་ཡ། མ་ལེ་ཤི་ཡ། ཧྥི་ལི་པིན་སི། ཐའེ་ཝན། ཝེ་ཐི་ནམ་བཅས་དང་རྩོད་གཞི་ཡོད་ཅིང་། སྣུམ་གྱི་ཐོན་ཁུངས་ཆེ་བའི་ལྷོ་བརྒྱུད་རྒྱ་ནག་རྒྱ་མཚོའི་ཆ་ཤས་ཕལ་ཆེ་བ་རང་གི་ཡིན་ཚུལ་བསྒྲགས་ཏེ། ཁུལ་དེའི་གླིང་ཕྲན་རྣམས་དམག་དོན་ས་ཚིགས་སུ་བསྒྱུར་ཐབས་བྱས་ཡོད་པ་རེད། དེ་བཞིན་ཤར་རྒྱ་ནག་རྒྱ་མཚོ་ཁུལ་དུ་ཉི་ཧོང་གི་སྟངས་འཛིན་འོག་ཡོད་པའི་སེན་ཀ་ཀུ་གླིང་ཕྲན་ (Senkaku Islands) རྣམས་རང་གི་ཆ་ཤས་ཡིན་སྐོར་བསྒྲགས་ཏེ། ཞི་བདེ་རྒྱ་མཚོའི་ཁུལ་གྱི་བདེ་འཇགས་དང་བརྟན་བརླིང་ལ་དོ་ཕོག་ཤུགས་ཆེར་ཐེབས་ཡོད་པ་རེད།

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

26 Trade Passes Issued As India-Tibet Border Trade Resumes Photo (ETV Bharat Archives)
Mobile App

འཕགས་བོད་གཉིས་ཀྱི་ལི་པུ་ལེག་ཚོང་ལམ་སྒོ་ཕྱེ་ནས་རྒྱ་གར་གྱི་ཚོང་པ་ཤར་གཏོང་བྱ་རྒྱུ་ཡིན་འདུག 

སྐར་མ ༡༠ སྔོན་ལ།
TTT
Mobile App

སྲི་ཞུའི་ལས་བྱེད་གཉིས་ལ་ཕྱི་ལོ་ ༢༠༢༥ ལོའི་ལས་དོན་གཟེངས་ཐོན་གྱི་གཟེངས་རྟགས་དབུལ་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༩ སྔོན་ལ།
Mobile App

རྒྱ་གར་གྱིས་རྒྱ་ནག་ལ་བརྟེན་མི་དགོས་པར་རང་སྐྱ་འཕེར་བའི་ཉི་གློག་བཟོ་སྐྲུན་གྱི་སྲིད་ཇུས་གསར་པ་ཞིག་སྤེལ་རྒྱུ་རེད།

ཆུ་ཚོད་ ༢༠ སྔོན་ལ།
TT
Mobile App

ཚོགས་གཙོ་སྒྲོལ་མ་ཚེ་རིང་མཆོག་གིས་ཨ་རིའི་གཞུང་ཚབ་ཁང་གི་ཆབ་སྲིད་སྡེ་ཚན་གྱི་ལས་བྱེད་དང་མཇལ་འཕྲད་གནང་།

ཆུ་ཚོད་ ༢༠ སྔོན་ལ།
Sakkar Tashi’s profile on X. Screenshot taken on 24 June 2026.
Mobile App

རྒྱ་ནག་གཞུང་གིས་ས་དཀར་བཀྲ་ཤིས་ལགས་ཀྱི་བོད་ནང་གི་ནང་མི་རྣམས་ནག་ཉེས་ཅན་གྱི་ཐོ་གཞུང་དུ་བཅུག་འདུག

ཆུ་ཚོད་ ༢༠ སྔོན་ལ།
སྲིད་སྐྱོང་མཆོག་གི་ཨ་རི་དང་ཡུ་རོབ་ཀྱི་གཞུང་འབྲེལ་ཕྱོགས་ཕེབས་མཇུག་བསྒྲིལ། བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས། ༢༠༢༦།༦།༢༤
Mobile App

སྲིད་སྐྱོང་མཆོག་གི་ཨ་རི་དང་ཡུ་རོབ་ཁུལ་གྱི་ཕྱོགས་ཕེབས་མཇུག་བསྒྲིལ། 

༢༠༢༦/༠༦/༢༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese