མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཧོང་ཀོང་གི་བདམས་ཐོན་སྤྱི་ཁྱབ་པེ་ཅིན་དུ་ཕྱིན་ཏེ་ཞི་ཅིན་ཕིང་ལ་ཐུག་འཕྲད་བྱས།

བོད་ཀྱི་དུས་བབ།
༢༠༢༢/༠༥/༣༡
Share on FacebookShare on TwitterShare on EmailShare on Whatsapp

ཧོང་ཀོང་གི་བདམས་ཐོན་སྤྱི་ཁྱབ་ཇོན་ལི་ལ་ཞི་ཅིང་ཕིན་གྱིས་ཐུག་འཕྲད་བྱས་ཏེ་རྒྱ་ནག་དབུས་གཞུང་ནས་ཇོན་ལིས་སྣེ་ཁྲིད་པའི་ཧོང་ཀོང་གི་སྲིད་གཞུང་གསར་པ་ལ་ཡིད་ཆེས་བརྟན་པོ་ཡོད་པ་མ་ཟད་ཧོང་ཀོང་ཡར་རྒྱས་ཀྱི་ཕྱོགས་སུ་འཁྲིད་ཐུབ་པའི་གདེང་ཚོད་ཡོད་སྐོར་བརྗོད་འདུག

Chinese President Xi Jinping with Hong Kong Chief Executive-elect John Lee in Beijing. Photo: Handout

ཧོང་ཀོང་གི་བདམས་ཐོན་སྤྱི་ཁྱབ་ཇོན་ལིས་པེ་ཅིན་དུ་ཕྱིན་ཡོད་པ་དང་། ཁ་སང་ཕྱི་ཚེས་ ༣༠ ཉིན་ཞི་ཅིན་ཕིང་གིས་ཐུག་འཕྲད་བྱས་ཏེ།  ཇོན་ལི་ཡིས་ཕྱི་ལོ་ ༢༠༡༩ ལོའི་ཧོང་ཀོང་གི་དམངས་གཙོའི་ལས་འགུལ་ཆེན་མོའི་སྐབས་དང་། རྒྱ་ནག་གཞུང་གིས་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ཡིག་ལག་བསྟར་བྱེད་སྐབས་གྲོང་ཁྱེར་གྱི་བདེ་འཇགས་དཔོན་གྱི་ལས་འགན་ཁུར་བའི་རྒྱབ་ལྗོངས་ལ་གཞིགས་ཏེ། ཁྱེད་རང་རྒྱལ་ཁབ་དང་ཧོང་ཀོང་ལ་དགའ་ཞེན་འདུག ཁྱེད་ཀྱིས་ལས་གནས་འདྲ་མིན་ཐོག་རང་གི་འོས་འགན་རྣམས་བསྒྲུབ་རྒྱུར་བློ་རྩ་བརྟན་ཞིང་ཆོད་སེམས་ཆེན་པོ་འདུག ཅེས་དང་། ཁྱེད་ཀྱིས་རྒྱལ་ཁབ་ཀྱི་བདེ་འཇགས་དང་ཧོང་ཀོང་གི་ཡར་རྒྱས་བརྟན་བརླིང་ལ་ཞབས་འདེགས་བསྒྲུབས་ཡོད། དབུས་གཞུང་ངོས་ནས་ཁྱེད་ཀྱི་བྱས་པ་ལ་ངོས་འཛིན་བྱེད་ཀྱི་ཡོད། ཅེས་བསྔགས་བརྗོད་བྱས་ཡོད་འདུག

སྤྱི་ཁྱབ་གསར་པ་ཇོན་ལི་ཡིས་ཞི་ཅིན་ཕིང་ལ་ཐུག་འཕྲད་མ་བྱས་གོང་རྒྱ་ནག་གི་སྲིད་བློན་ལི་ཁེ་ཆང་ (Li Keqiang) ལ་ཐུག་ཡོད་ཅིང་། ཐུག་འཕྲད་སྐབས་ལི་ཁེ་ཆང་གིས་ཇོན་ལི་ལ་ཧོང་ཀོང་གི་སྤྱི་ཁྱབ་ཏུ་བསྐོ་གཞག་བྱུང་བའི་གཞུང་འབྲེལ་ངོས་འཛིན་ལག་འཁྱེར་སྤྲད་ཡོད་པ་མ་ཟད། ཞི་ཅིན་ཕིང་ལྟར་ཁོས་ཀྱང་ཇོན་ལི་ལ་དབུས་གཞུང་གི་རྒྱབ་སྐྱོར་ཆེན་པོ་ཡོད་ཚུལ་དང་། སྤྱི་ཁྱབ་གསར་པའི་ངོས་ནས་གཙོ་བོ་ཧོང་ཀོང་གི་དཔལ་འབྱོར་དང་མང་ཚོགས་ཀྱི་འཚོ་བ་ཡར་རྒྱས་གཏོང་དགོས་པ་མ་ཟད། ཧོང་ཀོང་དེ་ཉིད་རྒྱལ་སྤྱིའི་དཔལ་འབྱོར་དང་ཚོང་དོན། སྐྱེལ་འདྲེན་གྱི་ས་ཚིགས་སུ་གྱུར་བའི་གནས་བབ་མཐོར་འདེགས་གཏོང་དགོས་སྐོར་བརྗོད་ཡོད་འདུག སྤྱི་ཁྱབ་གསར་པ་ཇོན་ལིས་རྒྱ་ནག་གི་སྲིད་འཛིན་དང་སྲིད་བློན་གཉིས་ལ་ཐུག་འཕྲད་བྱེད་སྐབས། རྒྱ་ནག་གི་སྲིད་བློན་གཞོན་པ་ཧན་ཀྲིན་ (Han Zheng) ཟེར་བ་དང་། རྒྱ་ནག་གི་བློན་ཆེན་རིམ་པའི་ཧོང་ཀོང་དང་ཨོ་མིན་ལས་དོན་ལྷན་ཁང་གི་འགན་འཛིན་ཤཱ་བྷོ་ལང་(Xia Baolang) ཟེར་བ་གཉིས་ཀྱང་མཉམ་ཞུགས་བྱས་ཡོད་འདུག

Chinese Premier Li Keqiang (right) presents the certificate of appointment to Hong Kong Chief Executive-elect John Lee. Photo: Handout

ད་ལྟ་རང་ལོ་ ༦༤ ཡིན་པའི་ཧོང་ཀོང་གི་ཉེན་རྟོག་པ་དང་བདེ་འཇགས་དཔོན་ཟུར་པ་ཇོན་ལི་ཟླ་འདིའི་ཕྱི་ཚེས་ ༨ ཉིན་ཚོགས་མི་ ༡༥༠༠ ལས་གྲུབ་པའི་ཧོང་ཀོང་གྲོང་ཁྱེར་གྱི་འོས་བསྡུའི་ཚོགས་ཆུང་གིས་སྤྱི་ཁྱབ་གསར་པར་བདམས་ཐོན་བྱུང་སྟེ། ད་ལན་དངོས་སུ་རྒྱ་ནག་དབུས་གཞུང་གིས་གཞུང་འབྲེལ་ཐོག་ནས་ཁོ་པ་སྤྱི་ཁྱབ་གསར་པར་ངོས་འཛིན་བྱས་ཡོད་ཅིང་། ཡོང་རྒྱུའི་ཕྱི་ཟླ་ ༧ ཚེས་ ༡ ཉིན་དབྱིན་གཞུང་གིས་ཧོང་ཀོང་རྒྱ་ནག་ལ་རྩིས་སྤྲོད་བྱས་ཏེ་ལོ་ངོ་ ༢༥ ཏག་ཏག་འཁོར་བའི་ཉིན་མོ་ཡིན་ཞིང་། ཉིན་དེར་ཇོན་ལིས་འདས་པའི་ལོ་ངོ་ ༢༠ ལྷག་གི་རིང་“རྒྱལ་ཁབ་གཅིག་དང་ལམ་ལུགས་གཉིས་”ཀྱི་དམིགས་བསལ་སྲིད་ཇུས་འོག་རྒྱ་ནག་གི་ས་ཁུལ་གཞན་ལས་རང་དབང་ཅུང་ཆེ་བའི་ཧོང་ཀོང་གི་སྤྱི་ཁྱབ་ཐེེངས་དྲུག་པའི་ལས་འཁུར་དམ་བཅའ་འབུལ་གཏན་ཁེལ་ཡོད་པ་རེད།

རྒྱ་ནག་གི་གཞུང་འབྲེལ་དྲ་བ་གོ་ལའི་དུས་བབ་སྟེང་དུ། ཁ་སང་གི་ཐུག་འཕྲད་སྐབས་སྲིད་འཛིན་ཞི་ཅིན་ཕིང་གིས། ཧོང་ཀོང་དེ་རྒྱ་ནག་ལ་ཕྱིར་ལོག་བྱུང་རྗེས་ཀྱི་འདས་པའི་ལོ་ངོ་ ༢༥ རིང་གདོང་ལེན་བྱ་དགོས་པའི་གནད་དོན་དུ་མར་ཕྲད་ཡོད་ཀྱང་། འཛམ་གླིང་ཁྱོན་དུ་རྒྱལ་ཁབ་གཅིག་དང་ལམ་ལུགས་གཉིས་ལག་བསྟར་ཚགས་ཚུད་བྱས་པའི་ངོས་འཛིན་ཐོབ་ཡོད་སྐོར་བརྗོད་འདུག་ཀྱང་། རྒྱ་ནག་གཞུང་གིས་ཕྱི་ལོ་ ༡༩༩༧ ལོར་ཧོང་ཀོང་རྩིས་ལེན་བྱེད་སྐབས། འབྱུང་འགྱུར་ལོ་ངོ་ ༥༠ རིང་ཧོང་ཀོང་ནང་གཞི་རྩའི་རང་དབང་རྣམས་མུ་མཐུད་རྒྱུན་སྐྱོང་བྱ་རྒྱུའི་ཁས་ལེན་དེ་ཡལ་བར་དོར་ཏེ། ཕྱི་ལོ་ ༢༠༡༤ ལོའི་ཆར་གདུགས་ལས་འགུལ་དང་། ཕྱི་ལོ་ ༢༠༡༩ ནས་ ༢༠༢༠ བར་གྱི་དོགས་ཡོད་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་ལ་ངོ་རྒོལ་གྱི་དམངས་གཙོའི་ལས་འགུལ་ཐོག་དམ་དྲག་ཆེན་པོ་བྱས་ཡོད་པ་མ་ཟད། ཕྱི་ལོ་ ༢༠༢༠ ལོར་རྒྱ་ནག་དབུས་གཞུང་གིས་རྒྱལ་ཁབ་བདེ་འཇགས་ཁྲིམས་ཡིག་ (National Security Law) ཟེར་བ་དེ་གཏན་འབེབས་ལག་བསྟར་བྱས་ཏེ། རྒྱལ་ཁབ་གཅིག་དང་ལམ་ལུགས་གཉིས་ཟེར་བའི་སྲིད་ཇུས་དེའི་འོག་གི་སྨྲ་བརྗོད་དང་འདུ་འཛོམས་རང་དབང་བཅས་པར་རྡོག་རོལ་ཚབས་ཆེན་བཏང་ཡོད་པ་མ་ཟད། ཧོང་ཀོང་གྲོང་ཁྱེར་ལ་ངོམས་སུ་ཆོག་པའི་དམངས་གཙོ་དོན་གཉེར་བའི་ལས་འགུལ་བ་དང་ཁྲིམས་རྩོད་པ་རྣམས་ཁྲིམས་ཡིག་དེའི་འོག་ནས་འཛིན་བཟུང་བྱས་ཡོད་ལ། རེ་འགའ་རྒྱལ་ཁབ་ཕྱི་ལ་བྲོས་བྱོལ་དུ་འགྲོ་དགོས་བྱུང་། དེ་བཞིན་ཧོང་ཀོང་གི་དམངས་གཙོ་དོན་གཉེར་བའི་སྲིད་དོན་ཚོགས་པ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ཙམ་དུ་མ་ཟད། དམངས་གཙོའི་ལས་འགུལ་བ་དང་ཕྱུག་བདག་ཇི་མི་ལའེ་ (Jimmy Lai) ཡིས་གཙོ་གཉེར་བྱས་པའི་ཀུ་ཤུ་ཉིན་རེའི་ཚགས་པར་ལྟ་བུ་དུས་རྒྱུན་རྒྱ་ནག་གཞུང་གི་སྲིད་ཇུས་ལ་སྐྱོན་བརྗོད་བྱེད་མཁན་གྱི་བརྒྱུད་ལམ་ཡོངས་སུ་རྫོགས་པ་བཙན་གྱིས་སྒོ་བརྒྱབ་སྟེ། འདས་པའི་ལོ་གཉིས་ནང་ཧོང་ཀོང་གི་དམངས་གཙོ་དང་སྨྲ་བརྗོད་རང་དབང་གིས་མཚོན་པའི་གཞི་རྩའི་རང་དབང་གི་ངོ་བོ་དང་རྣམ་པ་ཐམས་ཅད་རྨེག་མེད་དུ་བཏང་ཡོད་པ་རེད།

Crowd of pro-democracy protesters in Hong Kong on Sept. 30. Photo by Flickr user Pasu Au Yeung.

འདས་ལོར་རྒྱ་ནག་དམར་ཤོག་ཚོགས་པས་རྒྱལ་ཁབ་བདེ་འཇགས་ཁྲིམས་ཡིག་ཐོག ད་དུང་ཧོང་ཀོང་གི་མགོ་འཁྲིད་ཁྲོད་དུ་རྒྱ་ནག་ལ་དགའ་ཞེན་ཅན་མ་གཏོགས་མི་སླེབས་པའི ཆེད་དུ། རྒྱལ་སྤྱིའི་ཚོགས་སྡེ་དང་རྒྱལ་ཁབ་མང་པོའི་སྐྱོན་བརྗོད་ལ་མ་ལྟོས་པར་ཧོང་ཀོང་གི་འོས་བསྡུའི་ཁྲིམས་སྒྲིག་ཁག་ལ་བསྐྱར་བཅོས་བྱས་ཏེ། དམངས་གཙོ་དོན་གཉེར་བ་དང་རྒྱ་ནག་དང་ཧོང་ཀོང་གཞུང་ལ་སྐྱོན་བརྗོད་དང་ངོ་རྒོལ་བྱེད་མཁན་ཞིག་ཧོང་ཀོང་གི་གྲོང་སྡེའི་ལྷན་ཚོགས་ཀྱི་ཚོགས་མི་ནས་སྤྱི་ཁྱབ་བར་གྱི་འོས་མིར་ལངས་མི་ཆོག་པ་ལྟ་བུ་བཟོས་ཡོད་པ་རེད། ཁ་སང་ཞི་ཅིན་ཕིང་གིས་ཁྲིམས་སྒྲིག་དེའི་འོག་ནས་ད་བར་ཧོང་ཀོང་གི་འོོས་བསྡུའི་ཚོགས་ཆུང་དང་། གྲོས་ཚོགས་འཐུས་མི། སྤྱི་ཁྱབ་བཅས་འདེམས་ཐུབ་ཡོད་པ་དང་། ཁྲིམས་སྒྲིག་དེས་རྒྱལ་ཞེན་པས་ཧོང་ཀོང་སྐྱོང་རྒྱུའི་ཐད་ལམ་ལྷོངས་ཆེན་པོ་བྱུང་ཡོད་སྐོར་དང་། དེ་ནི་རྒྱལ་ཁབ་གཅིག་དང་ལམ་ལུགས་གཉིས་ཀྱི་སྲིད་ཇུས་དེ་ཉིད་ད་ལྟའི་ཧོང་ཀོང་གི་གནས་སྟངས་དང་མཐུན་པའི་ཐོག་ནས་ལག་བསྟར་བྱ་རྒྱུའི་དམངས་གཙོའི་ལམ་སྲོལ་ཞིག་ཡིན་པ་དང་། དེ་ཉིད་མུ་མཐུད་དེ་ཕུགས་རྒྱང་རིང་པོར་ལག་བསྟར་བྱ་དགོས་སྐོར་བརྗོད་ཡོད་འདུག

ཧོང་ཀོང་ནང་རྒྱལ་ཁབ་བདེ་འཇགས་ཟེར་བའི་ཁྲིམས་ཡིག་ལག་བསྟར་བྱས་རྗེས་ཀྱི་གྲོས་ཚོགས་འཐུས་མིའི་འོས་བསྡུ་ཐོག་མ་དེ་འདས་ལོའི་ཕྱི་ཟླ་ ༡༢ ནང་བསྡུས་ཡོད་ཅིང་། རྒྱ་ནག་གཞུང་གིས་རྒྱལ་ཞེན་ཅན་གྱིས་ཧོང་ཀོང་སྐྱོང་དགོས་པའི་ཁྲིམས་ཡིག་དེ་ལ་བརྟེན་ནས་སྐབས་དེར་གྲོས་ཚོགས་འཐུས་མི་ ༡༥༣ ཁྲོད་ནས་དམངས་གཙོ་དོན་གཉེར་བའི་འོས་མི་ ༣ མ་གཏོགས་བྱུང་མེད་ལ། ཧོང་ཀོང་གི་ལོ་ངོ་ ༢༠ ལྷག་གི་ལོ་རྒྱུས་ནང་ཐེངས་དང་པོར་མང་ཚོགས་ལ་རང་གི་འདོད་མོས་ལྟར་འོས་ལྡུག་རྒྱུའི་ཐོབ་ཐང་མེད་པར་གྱུར་ཡོད། དེའི་ཐོག་ལོ་དེའི་ཕྱི་ཟླ་ ༣ ཚེས་ ༣༠ ཉིན་རྒྱ་ནག་རྒྱལ་ཡོངས་མི་མང་འཐུས་མིའི་ཚོགས་ཆེན་གྱིས་ཧོང་ཀོང་གི་གཞི་རྩའི་བཅའ་ཁྲིམས་ (The Basic Law of Hong Kong) ལ་བསྐྱར་བཅོས་བྱས་པ་བརྒྱུད། གྲོས་ཚོགས་འཐུས་མིའི་སྒྲོམ་གཞི་ལ་བསྒྱུར་བཅོས་ཆེན་པོ་བཏང་ཡོད། དེ་སྔ་གྲོས་ཚོགས་ནང་ཞབས་བཀྱག་ ༧༠ ཡོད་པ་དེ་ ༩༠ ལ་སྤར་ཡོད་ནའང་། མི་མང་གིས་ཐད་ཀར་འོས་འདེམས་བྱ་ཆོག་པའི་འཐུས་མིའི་ཞབས་བཀྱག་ ༣༥ དེ་ ༢༠ ལ་ཉུང་འཕྲི་བྱས། ཚོང་དོན་ཚན་པ་རྣམས་ལ་ཞབས་བཀྱག་ ༣༠ སོར་བཞག་ཐོག དེ་སྔ་ཡིན་ན་ཞབས་བཀྱག་ ༧༠ ཁྲོད་ནས་ལྷག་འཕྲོ་ ༥ དེ་ཧོང་ཀོང་གི་ས་གནས་གྲོང་སྡེ་ལྷན་ཚོགས་ (District Councillors) ཀྱི་ལག་ཏུ་ཡོད་ནའང་ད་ལན་རྦད་དེ་མེད་པར་བཟོས་ཏེ། ཁྱོན་ཞབས་བཀྱག་ ༩༠ ཁྲོད་ནས་ཕྱེད་ཀ་ཙམ་སྟེ་ ༤༠ རྣམས་རྒྱ་ནག་གཞུང་གི་སྟངས་འཛིན་འོག་ཡོད་པའི་ཚོགས་མི་ ༡༥༠༠ ལས་གྲུབ་པའི་འོས་བསྡུའི་ཚོགས་ཆུང་(Election Committee) གི་ལག་དུ་བཞག་པ་སོགས། ཧོང་ཀོང་གི་འཐུས་མིའི་ཁྲོད་དུའང་དམངས་གཙོའི་འཐུས་ཚབ་ཡོང་རྒྱུར་བཀག་འགོག་བྱས་ཡོད་པ་རེད།

Mr Lee (centre) became one of the faces of the local government in 2019 when police clashed with protesters in the streets. Photo: GETTY IMAGES

ཨ་རི་གཞུང་གི་དཔལ་འབྱོར་ཉེས་ཆད་ཕོག་པའི་ཧོང་ཀོང་གི་མགོ་འཁྲིད་གྲས་སུ་ཡོན་པའི་ཇོན་ལི་ནི། རྒྱ་ནག་དམར་ཤོག་གཞུང་གི་སྲིད་ཇུས་ཀུན་ལ་ཁ་ཞེ་གཉིས་མེད་ཀྱིས་རྒྱབ་སྐྱོར་བྱེད་མཁན་གྱི་ཉེན་རྟོག་དཔོན་ཟུར་པ་ཞིག་ཡིན་པ་མ་ཟད། འདི་ལོར་ཁོ་རང་ཧོང་ཀོང་སྤྱི་ཁྱབ་ཀྱི་འོས་བསྡུའི་ནང་གི་འོས་མི་གཅིག་པུ་དེ་ཡིན་པ་མ་ཟད། རྒྱ་ནག་གཞུང་གིས་ཁོ་པ་སྤྱི་ཁྱབ་ཏུ་ངོས་འཛིན་བྱས་པ་དེས་རྒྱལ་སྤྱིའི་སྤྱི་ཚོགས་ནང་རྒྱ་ནག་གཞུང་གིས་ཧོང་ཀོང་དེ་མུ་མཐུད་སྟངས་འཛིན་ནན་པོ་བྱེད་འདོད་ཡོད་པའི་བརྡ་ལན་སྤྲད་ཡོད་པ་རེད། ཇོན་ལི་ནི་ཧོང་ཀོང་གི་སྤྱི་ཁྱབ་ཟུར་པ་གཞན་ལྟར་ཚོང་པའི་རྒྱབ་ལྗོངས་ནས་སླེབས་པ་ཞིག་མིན་པར། ཕྱི་ལོ་ ༡༩༧༧ ནང་རང་ལོ་ ༢༠ ཐོག་ཧོང་ཀོང་གི་ཉེན་རྟོག་པའི་ཁོངས་སུ་ཞུགས་ཤིང་། ཁོ་པར་དབྱིན་ཇིའི་མི་སེར་ལག་འཁྱེར་ཡོད་ནའང་། ཕྱི་ལོ་ ༢༠༡༢ ལོར་ཧོང་ཀོང་གི་བདེ་འཇགས་དྲུང་ལས་སུ་མ་བསྐོས་གོང་དུ་མི་སེར་ལག་འཁྱེར་དེ་དོར་ཡོད་འདུག  ད་ལྟའི་སྤྱི་ཁྱབ་ལས་ཐོག་ཁེ་རི་ལེམ་གྱི་གཞུང་འཛིན་སྐབས་ཁོ་པས་བདེ་འཇགས་དྲུང་ཆེའི་ལས་འགན་ཁུར་ཏེ། ཧོང་ཀོང་གི་དོགས་ཡོད་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་ལ་ངོ་རྒོལ་གྱི་དམངས་གཙོའི་ལས་འགུལ་བའི་ཐོག་ཚད་ལས་བརྒལ་བའི་དམ་དྲག་བྱས་ཏེ། རྒྱ་ནག་གཞུང་གི་སྣང་ངོར་རྒྱལ་ཞེན་ཅན་དང་དམར་ཤོག་ཚོགས་པར་བློ་དཀར་བའི་རྣམ་པ་མངོན་གསལ་དུ་བཏང་ཡོད་འདུག་ལ། འདས་ལོའི་ཕྱི་ཟླ་ ༦ པའི་ནང་ཇོན་ལི་ཧོང་ཀོང་གི་སྤྱི་ཁྱབ་གཞོན་པར་བསྐོ་གཞག་བྱས་ཡོད་ནའང་། འདི་ལོའི་སྤྱི་ཁྱབ་ཀྱི་འོས་མིིའི་ནང་ཞུགས་ཆེད་ལས་གནས་དེ་ནས་རྩ་དགོངས་ཞུས་ཡོད་པ་རེད།

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

The G20 Summit 2023 is being held in New Delhi from September 9 to 10. Here is more about the first G20 Summit and the world leaders who will be attending or won’t be showing up this year. (Photo: PTI)
Mobile App

སང་ཉིན་ནས་རྒྱལ་ས་ལྡི་ལིར་འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་ ༢༠ ཡི་ལྷན་ཚོགས་འཚོག་རྒྱུ་རེད།

༢༠༢༣/༠༩/༠༨
Mobile App

རྒྱ་ནག་གཞུང་གིས་ཕྱི་འབྲེལ་སྲིད་ཇུས་གསར་པ་ཞིག་གཏན་འབེབས་བྱས།

༢༠༢༣/༠༧/༠༡
The Gokarla Tunnel was completed on Wednesday after seven years of construction.
Mobile App

རྒྱ་གཞུང་གིས་གོང་དཀར་ལ་ཕུག་ལམ་གསར་རྒྱག་འགྲུབ་ཚར་ཡོད་ཟེར།  

༢༠༢༣/༠༦/༢༩
པར་དབང་། བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ།
Mobile App

འཛམ་གླིང་རྒྱལ་ཁབ་ཁག་གིས་བོད་དེ་རྒྱའི་ཁོངས་གཏོགས་ཡིན་ཟེར་རྒྱུ་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུས།

༢༠༢༣/༠༦/༢༩
འདི་ལོའི་ཕྱི་ཟླ་ ༧ ཚེས་ ༡ ནས་ལག་བསྟར་བྱ་རྒྱུ་ཡིན་པའི་རྒྱ་ནག་གི་གསང་ཉུལ་བ་འགོག་རྒོལ་གྱི་ཁྲིམས་དེབ། དྲ་ལམ་གྱི་པར།
Mobile App

རྒྱ་ནག་གཞུང་གིས་ཨ་རིའི་མི་སེར་ཞིག་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད།

༢༠༢༣/༠༥/༡༥
Tourists Trekking around Mount Kailash
Mobile App

རྒྱ་ནག་གཞུང་གིས་གངས་རིན་པོ་ཆེའི་གནས་མཇལ་བར་སྔར་ལྷག་དམ་དྲག་བྱེད་ཀྱིན་འདུག 

༢༠༢༣/༠༥/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese