མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

རྒྱ་ནག་གཞུང་གིས་ཕྱི་འབྲེལ་སྲིད་ཇུས་གསར་པ་ཞིག་གཏན་འབེབས་བྱས།

བོད་ཀྱི་དུས་བབ།
༢༠༢༣/༠༧/༠༡
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་ཕྱི་འབྲེལ་སྲིད་ཇུས་གསར་པ་ཞིག་གཏན་འབེབས་བྱས་ཏེ་ཞི་ཅིན་ཕིན་གྱི་ཕྱི་འབྲེལ་དབང་ཤུགས་རྒྱ་སྐྱེད་དང་ཨ་རི་སོགས་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་ཁ་གཏད་གཅོག་རྒྱུ་ཡིན་འདུག

ཁ་སང་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིན་གྱི་དབང་ཚད་རྒྱ་སྐྱེད་གཏོང་བ་དང་། ཨ་རིའི་སྟོབས་ཤུགས་ལ་ཁ་གཏད་གཅོག་ཐབས་སོགས་ལ་དམིགས་ཏེ། རྒྱ་ནག་གཞུང་གིས་ཕྱི་སྲིད་དང་འབྲེལ་བའི་ཁྲིམས་གསར་པ་ཞིག་གཏན་འབེབས་བྱས་ཡོད་འདུག

བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གཞུང་གིས་ཕྱི་སྲིད་དང་འབྲེལ་བའི་ཁྲིམས་གསར་ཞིག་གཏན་འབེབས་བྱས་ཏེ། འཛམ་གླིང་ཐོག་ཞི་ཅིན་ཕིན་གྱི་དབང་ཤུགས་རྒྱ་སྐྱེད་གཏོང་ཐབས་བྱེད་བཞིན་ཡོད་པ་དང་། ཁྲིམས་གསར་དེ་བརྒྱུད་ནས་མི་སུ་ཞིག་གིས་རྒྱ་ནག་གི་ཁེ་ཕན་ལ་གནོད་འཚེ་བཏང་ཚེ་ཉེས་ཆད་གཅོད་རྒྱུ་ཡིན་པའི་འཇིགས་སྐུལ་བྱས་ཡོད་ཀྱང་། ཁྲིམས་གསར་དེའི་ནང་དོན་རྒྱས་པ་དང་རྒྱ་ནག་གི་མངོན་འདོད་གང་ཡིན་སོགས་ཁ་གསལ་བཀོད་མེད་པ་རེད་ལ། རྒྱ་ནག་ཐོག་ཆེད་མཁས་པ་ཚོས། ཁྲིམས་གསར་དེས་རྒྱ་ནག་གི་དྲག་རྩུབ་ཆེ་བའི་ཕྱི་འབྲེལ་སྲིད་ཇུས་ཁག་མངོན་གསལ་དོད་པོས་སྟོན་བཞིན་ཡོད་ཀྱང་། ཕྱི་ཟླ་ ༧ ཚེས་ ༡ ཉིན་ནས་ཁྲིམས་དེ་ལག་བསྟར་བྱེད་མགོ་བཙུགས་པ་ནས་དེའི་ཤུགས་རྐྱེན་ཇི་ཙམ་སྤྲོད་མིན་ད་དུང་ལྟ་རྒྱུ་ལྷག་བསྡད་ཡོད། ཅེས་བརྗོད་ཡོད་འདུག

ད་དུང་པེན་སིལ་ཝེ་ནི་ཡའི་མཐོ་རིམ་སློབ་གཉེར་ཁང་ (University of Pennsylvania) གི་ཁྲིམས་དང་ཆབ་སྲིད་རིག་པའི་སློབ་དཔོན་ཇེག་སི་ (Jacques deLisle) ཡིས། ཁྲིམས་དེ་ནི་སྦོམ་ཚིག་དང་ལད་ཟློས་ཁེངས་ཡོད་ཀྱང་། ཕྱི་འབྲེལ་སྲིད་ཇུས་མཁྲེགས་པོ་ཞིག་ཡིན་པ་མ་ཟད། ཨ་རིའི་ཁ་གཏད་དུ་འགོག་རྒོལ་ཤུགས་ཆེན་བྱེད་ཆེད་ཡིན་སྐོར་བརྗོད་འདུག

རྒྱ་ནག་གཞུང་འབྲེལ་གོ་ལའི་དུས་བབ་ཀྱིས། ཁྲིམས་གསར་དེ་ནི་ཁྲིམས་མཐུན་གྱི་ཐོག་ནས་ནུབ་ཕྱོགས་པའི་དབང་སྒྱུར་ལ་ཁ་གཏད་གཅོག་པའི་གོམ་སྟབས་གཙོ་བོ་ཞིག་ཡིན། ཞེས་བརྗོད་ཡོད་པ་དང་། ཡང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཟུར་པ་དང་ད་ལྟའི་རྒྱལ་སྲིད་ལྷན་ཁང་གི་ཕྱི་འབྲེལ་འགན་འཛིན་ཝང་ཡི་ (Wang Yi) ཡིས། ཁྲིམས་གསར་དེ་ནི་ཕྱི་སྲིད་ལས་དོན་ཐོག་རྒྱ་ནག་དམར་ཤོག་ཚོགས་པའི་སྣེ་འཁྲིད་ཀྱི་ལས་དོན་སྲ་བརྟན་དང་གཅིག་གྱུར་ཡོང་བར་གལ་ཆེན་ཞིག་ཆགས་ཡོད་སྐོར་རྒྱ་ནག་ཉིན་རེའི་ཚགས་པར་སྟེང་བཀོད་ཡོད་འདུག

ཉེ་ལམ་འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་གཉིས་ཏེ། ཨ་རི་དང་རྒྱ་ནག་གིས་ཕན་ཚུན་ཚོང་འབྲེལ་གྱི་ཉེས་ཆད་གཏོང་རེས་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ཇེ་སྡུག་ཏུ་ཕྱིན་ཡོད་པ་དང་། འདི་ལོར་རྒྱ་ནག་གཞུང་གིས་ནུབ་ཕྱོགས་པའི་ཁེ་གཉེར་ཁང་མང་པོ་ཞིག་གི་ཐོག་ཁ་གཏད་ཀྱི་བྱ་སྤྱོད་མང་པོ་སྤེལ་ཡོད་ཅིང་། དམིགས་བསལ་ཨ་རིའི་ཁེ་གཉེར་ཁང་དག་གི་དབུས་ལས་ཁུངས་འགའ་ཤས་ལ་སྔོག་བཤེར་དང་གཏོར་བཤིག་བཏང་ཡོད་པ་རེད། དེ་དག་ནི་ཨ་རིའི་ཚོང་འབྲེལ་དང་འཕྲུལ་རིགས་ཡར་རྒྱས་སོགས་ལ་འགོག་རྐྱེན་སློག་པ་ཞིག་ཡིན་པ་དང་། ཕྱི་ཟླ་ ༥ བའི་ནང་རྒྱ་ནག་གིས་ཨ་རིས་བཟོས་པའི་གསོག་འཇོག་བྱང་བུ་ (Memory chip) བཀག་སྡོམ་བྱས་ཡོད་སྐོར་སོགས་བྷི་བྷི་སི་གསར་ཁང་གིས་བརྗོད་འདུག

གཞན་ཡང་། ཉེ་ལམ་རྒྱལ་སྤྱིའི་སྟེང་གྲགས་ཆེ་བའི་ཨ་རིའི་ཚོང་པ་ཨེ་ལོན་མ་སེཀ་ (Elon Musk) དང་ཇེ་མི་ (Jamie Dimon) སོགས་རྒྱ་ནག་ཏུ་ཕྱིན་ཏེ། རྒྱ་ནག་ནི་ཨ་རིའི་ཚོང་ལས་ཐོག་དགོས་གལ་ཆེ་སྐོར་ནན་བརྗོད་བྱས་པ་མ་ཟད། ཨ་རིའི་རྒྱལ་སྲིད་དྲུང་ཆེ་ཨན་ཐོ་ནེ་བྷི་ལིན་ཀན་ (Antony Blinken) མཆོག་རྒྱ་ནག་ཏུ་ཕེབས་ཏེ། ཨ་རྒྱ་གཉིས་བར་བྱུང་དང་འབྱུང་བཞིན་པའི་དཀའ་རྙོག་སོགས་ཀྱི་ཐོག་གྲོས་མོལ་གནང་བ་བརྒྱུད། ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་བརྟན་པོར་ཚུགས་པར་མཉམ་ལས་མུ་མཐུད་བྱེད་པར་གྲོས་མཐུན་བྱུང་ཡོད་སྐོར་གྱི་གནས་ཚུལ་ཐོན་ཡོད།

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

The G20 Summit 2023 is being held in New Delhi from September 9 to 10. Here is more about the first G20 Summit and the world leaders who will be attending or won’t be showing up this year. (Photo: PTI)
Mobile App

སང་ཉིན་ནས་རྒྱལ་ས་ལྡི་ལིར་འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་ ༢༠ ཡི་ལྷན་ཚོགས་འཚོག་རྒྱུ་རེད།

༢༠༢༣/༠༩/༠༨
Travellers walk with their luggage at Beijing Capital International Airport. (Reuters)
Mobile App

ཨ་རིའི་མི་སེར་ཚོ་རྒྱ་ནག་ཏུ་འགྲོ་བར་ཉེན་ཁ་ཡོད་པའི་བརྡ་བཏང་འདུག

༢༠༢༣/༠༧/༠༤
པར་དབང་། བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ།
Mobile App

འཛམ་གླིང་རྒྱལ་ཁབ་ཁག་གིས་བོད་དེ་རྒྱའི་ཁོངས་གཏོགས་ཡིན་ཟེར་རྒྱུ་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུས།

༢༠༢༣/༠༦/༢༩
Chinese President Xi Jinping with Hong Kong Chief Executive-elect John Lee in Beijing. Photo: Handout
Mobile App

ཧོང་ཀོང་གི་བདམས་ཐོན་སྤྱི་ཁྱབ་པེ་ཅིན་དུ་ཕྱིན་ཏེ་ཞི་ཅིན་ཕིང་ལ་ཐུག་འཕྲད་བྱས།

༢༠༢༢/༠༥/༣༡

མཆན། 1

  1. གཞུང་པ་ཚེ་དབང་བསོད་ནམས། says:
    ཟླ་བ། 3 སྔོན།

    ཨ་རི་ལ་དགོས་པ་རྒྱ་ནག་རེད། ཨ་རིས་ཚོང་ཤག་གལ་ཆེན་དེ་རྒྱ་ནག་རེད།རྒྱ་ནག་ལ་དགོས་པ་དེ་ཨ་རི་རེད། ཨ་རྒྱ་གཉིས་ནས་འཛམ་གླིང་མི་མང་ལྐུག་པ་བཟོས་པ་ཏེད། ཕྱི་ལ་ཨ་རྒྱ་གཉིས་ཁ་དམག་རྒྱབ། ནང་དོན་ཨ་རྒྱ་གཉིས་གཅིག་ཕན་གཅིག་གྲོགས་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist