མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

རྒྱ་གཞུང་གིས་གོང་དཀར་ལ་ཕུག་ལམ་གསར་རྒྱག་འགྲུབ་ཚར་ཡོད་ཟེར།  

བོད་ཀྱི་དུས་བབ།
༢༠༢༣/༠༦/༢༩
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་མི་ལོ་བདུན་གྱི་རྗེས་སུ་གོང་དཀར་ལ་ཕུག་ལམ་གསར་རྒྱག་བྱས་ནས་མི་མང་གི་འགྲིམ་འགྲུལ་སྟབས་ཇེ་བདེར་བཏང་ཡོད་ལུགས་སོགས་སྒྲོག་གིན་འདུག 

The Gokarla Tunnel was completed on Wednesday after seven years of construction.

རྒྱ་ནག་གཞུང་ཕྱོགས་ཀྱི་ཉིན་རེ་རྒྱ་ནག་ (CHINADAILY) གསར་ཁང་ཟེར་བས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་ས་ནས་ལྷོ་ཁ་གཉིས་མཐུད་པའི་གོང་དཀར་ལ་ཕུག་ལམ་གསར་རྒྱག་གི་ལས་གཞི་ཡོངས་སུ་གྲུབ་ཟིན་ཡོད་ཅིང་། དེ་ནི་འཛམ་གླིང་གི་ཆེས་མཐོ་བའི་ཕུག་ལམ་རིང་ཤོས་སུ་གྱུར་ཡོད་པ་མ་ཟད། ཚོང་འབྲེལ་དང་འགྲིམ་འགྲུལ་སོགས་སྟབས་ཇེ་བདེར་བཏང་ཡོད་ལུགས་ཀྱི་དྲིལ་བསྒྲགས་བྱས་འདུག 

དེའི་ཐད་ཕུག་ལམ་གསར་རྒྱག་གི་ལས་གཞིའི་སྤྱི་གཉེར་བ་ཞིག་གིས། ད་ལྟ་རྒྱ་ནག་གཞུང་གིས་གསར་རྒྱག་བྱས་པའི་གོང་དཀར་ལ་ཕུག་ལམ་ནི་མི་ལོ་བདུན་གྱི་རྗེས་སུ་ལེགས་འགྲུབ་བྱུང་ཡོད་ཅིང་། ཕུག་ལམ་དེ་ནི་བོད་ཀྱི་རྒྱལ་ས་ལྷ་སའི་སྟག་རྩེ་རྫོང་གི་བདེ་ཆེན་གྲོང་བརྡལ་ནས་ལྷོ་ཁའི་གྲ་ནང་རྫོང་གི་བསམ་ཡས་གྲོང་བརྡལ་བར་མཐུད་ཡོད་ལ། དེའི་རྒྱ་ཁྱོན་ལ་མི་ཊར ༡༣།༠༠༠ ལྷག་དང་མཐོ་ཚད་མི་ཊར་ ༤༣༠༠ ལྷག་ཡིན་སྐོར་བརྗོད་འདུག 

རྒྱ་ནག་གཞུང་ཕྱོགས་ཀྱིས་བསྒྲགས་པའི་གསར་འགྱུར་ལྟར་ན།  གོང་དཀར་ལ་ཕུག་ལམ་དེའི་རྒྱལ་སྒོ་ལ་རྒྱ་མཚོའི་ངོས་ནས་མཐོ་ཚད་མེ་ཊར་ ༤༢༤༨ དང་ཐོན་སྒོ་ལ་མེ་ཊར ༤༡༡༧ འདུག་ལ།  མཐོ་ཚད་ལ་མི་ཊར་ ༤༣༠༠ ལྷག་ཡོད་ཅིང་། ཕུག་ལམ་དེ་གསར་འཛུགས་བྱས་པར་མི་ལོ་བཞི་ཙམ་ལས་མི་འགོར་ཡང་། བོད་དུ་གནམ་གཤིས་གྲང་ངར་ཆེ་བ་དང་། སྲོག་རླུང་གིས་མི་འདང་བ་སོགས་ཀྱི་དབང་གིས་མི་ལོ་ ༧ ལྷག་འགོར་འདུག་ལ། རྒྱ་ནག་གཞུང་གིས་བོད་ནང་གི་ས་གནས་མང་དག་ཅིག་ཏུ་མེ་འཁོར་འབབ་ཚུགས། མེ་འཁོར་ལྕགས་ལམ། དེ་བཞིན་གནམ་གྲུའི་ས་ཚིགས་སོགས་གསར་འཛུགས་བྱས་དང་བྱེད་མུས་ཡིན་པ་ལྟར། ད་བར་རྒྱ་ནག་གཞུང་གིས་བོད་ནང་གི་ས་ཁུལ་མང་པོ་ཞིག་ཏུ་ཕུག་ལམ་མི་འདྲ་བ་ ༦༩ ལྷག་གསར་འཛུགས་བྱས་ཡོད་ཅིང་། རྒྱ་ནག་གཞུང་ཕྱོགས་ཀྱིས་ཕུག་ལམ་དེ་དག་ནི་མི་མང་གི་འགྲིམ་འགྲུལ་དང་ཡུལ་སྐོར་སྟབས་ཇེ་བདེ་གཏོང་སླད་ཡིན་ལུགས་བཤད་ཀྱི་ཡོད་ཀྱང་། དོན་དངོས་སུ་རྒྱ་ནག་གིས་སྟབས་བདེའི་འགྲུལ་བཞུད་ཀྱི་ལམ་ནས་བོད་ནང་དུ་རྒྱ་རིགས་མང་དག་ཅིག་གནས་སྤོར་བྱེད་དུ་བཅུག་སྟེ། བོད་མི་རྣམས་རྒྱ་རིགས་ཀྱི་ཁོངས་སུ་སིམ་ཐབས་བྱེད་ཀྱི་ཡོད་པ་རེད། 

རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༡༤ ལོ་ནས་བཟུང་ལོ་ལྔ་རེའི་འཛུགས་སྐྲུན་ལས་གཞི་ ༡༣ པའམ་ལྔ་ཚན་བཅུ་གསུམ་ཞེས་པ་མགོ་འཛུགས་ཏེ། ཕྱི་ལོ་ ༢༠༣༠ བར་བོད་ཁུལ་གྱི་ས་ཆ་གང་སར་གཞུང་ལམ་དང་མེ་འཁོར་ལྕགས་ལམ། ཟམ་ཆེན་དང་ཕུག་ལམ་སོགས་ཀྱི་ལས་གཞི་འབོར་ཆེན་ལག་བསྟར་བྱེད་བཞིན་ཡོད་པ་དང་། ཕྱི་ལོ་ ༢༠༡༨ ལོ་གཅིག་པུར་རྒྱ་ནག་ཁྲིན་ཏུའུ་ནས་ལྷ་ས་བར་གྱི་ཁྲོན་བོད་ལྕགས་ལམ་ལས་མགོ་ཚུགས་པ་དང་ལྷ་སའི་སྣེའུ་གདོང་ཟམ་ཆེན་བཟོ་བསྐྲུན། དེ་བཞིན་རྒྱལ་མོ་རྔུལ་ཆུའི་ཁྲོན་བོད་ཟམ་ཆེན་དང་། ལྷ་ས་ནས་ཉིང་ཁྲི་བར་གྱི་མེ་འཁོར་ཕུག་ལམ་སོགས་འཛུགས་སྐྲུན་བྱེད་ཀྱི་ཡོད་ལ།  འཛུགས་སྐྲུན་གྱི་ལས་གཞི་དེ་དག་ནི་མི་མང་གི་དཔལ་འབྱོར་ཡར་རྒྱས་དང་འགྲོ་སྐྱོད་སྟབས་བདེ་ཡོང་ཆེད་ཡིན་ལུགས་ཀྱི་དྲིལ་བསྒྲགས་བྱེད་ཀྱི་འདུག

གསར་འགོད་པ། དཔལ་ལྡན། 

འབྲེལ་ཡོད་གསར་འགྱུར།

བདེན་པའི་འཐབ་རྩོད་པ་ཨ་ཅག་མགོན་པོ་སྐྱིད་ལགས་ཀྱིས་ཡང་བསྐྱར་ཞི་རྒོལ་བྱས་པར་བརྟེན་བཙན་འཁྲིད་བྱས་འདུག ༢༠༢༣།༠༥།༡༦
Mobile App

བདེན་པའི་འཐབ་རྩོད་པ་མགོན་པོ་སྐྱིད་ཡང་བསྐྱར་བཙན་འཁྲིད་བྱས་འདུག

༢༠༢༣/༠༥/༡༦
འདི་ལོའི་ཕྱི་ཟླ་ ༧ ཚེས་ ༡ ནས་ལག་བསྟར་བྱ་རྒྱུ་ཡིན་པའི་རྒྱ་ནག་གི་གསང་ཉུལ་བ་འགོག་རྒོལ་གྱི་ཁྲིམས་དེབ། དྲ་ལམ་གྱི་པར།
Mobile App

རྒྱ་ནག་གཞུང་གིས་ཨ་རིའི་མི་སེར་ཞིག་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད།

༢༠༢༣/༠༥/༡༥
Tourists Trekking around Mount Kailash
Mobile App

རྒྱ་ནག་གཞུང་གིས་གངས་རིན་པོ་ཆེའི་གནས་མཇལ་བར་སྔར་ལྷག་དམ་དྲག་བྱེད་ཀྱིན་འདུག 

༢༠༢༣/༠༥/༡༠
The Heishanxia section of the Yellow River in China’s Ningxia Hui autonomous region. Photo: Xinhua
Mobile App

རྨ་ཆུའི་རྒྱུད་དུ་ཆུ་མཛོད་ཆེན་པོ་ཞིག་གསར་དུ་བརྒྱག་རྒྱུ་ཡིན་འདུག

༢༠༢༣/༠༥/༠༨
བོད་ཀྱི་གློག་བརྙན་འཁྲབ་ཁྲིད་གྲགས་ཅན་པདྨ་ཚེ་བརྟན་ལགས།
Mobile App

གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་པདྨ་ཚེ་བརྟན་ལགས་སྐུ་གྲོངས། 

༢༠༢༣/༠༥/༠༨
Covid global health emergency is over, WHO says. Photo ;Reuters
Mobile App

རྒྱལ་སྤྱིའི་ནང་ཏོག་དབྱིབས་ཛ་དྲག་གི་གནས་སྟངས་ཡོལ་ཟིན་པའི་ཡོངས་ཁྱབ་གསལ་བསྒྲགས་སྤེལ། 

༢༠༢༣/༠༥/༠༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist