མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་སྐུ་དངོས་སུ་ཕེབས་མ་དགོས་པར་གསུང་གི་མཛད་པ་འཛམ་གླིང་གང་སར་ཁྱབ་བཞིན་ཡོད་པ་རེད།

བོད་ཀྱི་དུས་བབ།
༢༠༢༢/༠༦/༡༣
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་ནས་རྒྱ་ནག་གུང་ཁྲན་རིང་ལུགས་མར་ཉམས་རྒུད་དུ་འགྲོ་གི་ཡོད་པ་དང་སངས་རྒྱས་པའི་ལྟ་གྲུབ་དང་ལྷག་པར་དུ་བོད་ཀྱི་ནང་པ་སངས་རྒྱས་པའི་ལྟ་གྲུབ་ཚད་མ་རིག་པ་ལྟ་བུ་འཛམ་གླིང་འདིའི་སྒང་ལ་དོ་སྣང་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པའི་སྐོར་གསུངས་སོང་།

བོད་ཟླ་ ༤ ཚེས་ ༡༤ ཉིན་གྱི་སྔ་དྲོར་ཐེག་ཆེན་གཙུག་ལག་ཁང་དུ་སྦྱན་རས་གཟིགས་རྒྱལ་བ་རྒྱ་མཚོའི་བཀའ་དབང་སྟ་གོན་མཛད། ༢༠༢༢།༠༦།༡༣

དེ་རིང་ས་ག་ཟླ་བའི་བོད་ཚེས་ ༡༤ ཉིན་གྱི་སྔ་དྲོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ཏཱའི་སི་ཏུ་རིན་པོ་ཆེ་མཆོག་གིས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། ཕྱི་ནང་གི་སེར་སྐྱ་མི་མང་ལ་སྤྱས་རས་གཟིགས་རྒྱལ་བ་རྒྱ་མཚོའི་བཀའ་དབང་གི་སྟ་གོན་དང་། ལམ་རིམ་བསྡུས་དོན་གྱི་བཀའ་ཁྲིད་སྩལ་གནང་མཛད་སྐབས། བཀའ་འགྱུར་དང་བསྟན་འགྱུར་མཆོད་གཤོམ་ཐོག་སྒྲིག་རྒྱུ་ཞིག་མིན་པར་སློབ་སྦྱོང་བྱ་དགོས་སྐོར་གསུངས་སོང་།

དེ་ཡང་༧གོང་ས་མཆོག་གིས། དེ་རིང་རྐང་རིན་པོ་ཆེ་(སི་ཏུ་རིན་པོ་ཆེ་)དང་ཁོང་ཚོ་མང་པོ་ཞིག་གིས་སྤྱན་རས་གཟིགས་རྒྱལ་བ་རྒྱ་མཚོའི་དབང་ཞིག་བྱུང་ན་ཞེས་གསུངས་པ་དང་། གསང་སྔགས་རྡོ་རྗེ་ཐེག་པ་ལ་བྱ་རྒྱུད་དང་། སྤྱོད་རྒྱུད། རྣལ་འབྱོར་རྒྱུད། རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཟེར་ནས་བཞི་ཡོད་པའི་ནང་ནས། སྤྱན་རས་གཟིགས་སྒྲུབ་ཐབས་ལ་བྱ་རྒྱུད་ལྟར་དུ་སྒྲུབ་རྒྱུ་དང་། སྤྱོད་རྒྱུད་ལྟར་དུ་སྒྲུབ་རྒྱུ། རྣལ་འབྱོར་རྒྱུད་ལྟར་དུ་སྒྲུབ་རྒྱུ་བཅས་ལས། ད་ལྟ་སྤྱན་རས་གཟིགས་རྒྱལ་བ་རྒྱ་མཚོ་དེ་བླ་མེད་ལྟར་དུ་སྒྲུབ་རྒྱུ་ཆགས་ཡོད་པ་རེད། དེ་རིང་ཁྱེད་རང་ཚོས་ཐུགས་འདུན་འདྲ་བོ་གནང་ནས་སྤྱན་རས་གཟིགས་རྒྱལ་བ་རྒྱ་མཚོའི་དབང་འབུལ་རྒྱུ་བྱེད། སྤྱིར་འཕགས་པ་སྤྱན་རས་གཟིགས་སྙིང་རྗེའི་ལྷ་མཆོག་རེད། སྒྲུབ་ཐབས་དེ་བླ་མེད་ལྟར་དུ་སྒྲུབ་རྒྱུ་ཆགས་ཡོང་དུས། དམིགས་བསལ་ཞིག་ཆགས་སྡོད་ཀྱི་འདུག་ག སངས་རྒྱས་ཀུན་གྱིས་རབ་ཏུ་བསྔགས། །ཡོན་ཏན་དམ་པ་ཀུན་བསགས་པ། །སྤྱན་རས་གཟིགས་ཞེས་མཚན་གསོལ་བ། །རྟག་པར་བརྩེ་ལ་ཕྱག་འཚལ་ལོ། །ཞེས་དང་། ཕྱག་སྟོང་འཁོར་ལོས་བསྒྱུར་བའི་རྒྱལ་པོ་སྟོང། །སྤྱན་སྟོང་བསྐལ་པ་བཟང་པོའི་སངས་རྒྱས་སྟོང། །གང་ལ་གང་འདུལ་དེ་ལ་དེར་སྟོན་པ། །བཙུན་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ཞེས་ཇི་ལྟར་བསྟོད་པ་ནང་བཞིན། འཕགས་པ་སྤྱན་རས་གཟིགས་དགེ་ཀུན་སྙིང་རྗེའི་རང་གཟུགས་ཆགས་བསྡད་དུས། འཕགས་པ་སྤྱན་རས་གཟིགས་ཀྱི་ཐུགས་བརྩེ་བས་མ་ཁྱབ་པ་ཁྱོན་ནས་ཡོད་པ་མ་རེད། བྱེ་བྲག་དུ་ང་ཚོ་བོད་གངས་ཅན་ལ་ཆོས་རྒྱལ་གྱི་སྐབས་ནས་བཟུང་འཕགས་པ་སྤྱན་རས་གཟིགས་ཀྱི་ལས་འབྲེལ་ཐུན་མོང་མ་ཡིན་པ་ཡོད་བསྡད་པ་རེད་འདུག དེ་རིང་འདིར་སྤྱན་རས་གཟིགས་ཀྱི་དབང་དང་། དེའི་ནང་ནས་བླ་མེད་ལྟར་དུ་སྒྲུབ་རྒྱུའི་སྤྱན་རས་གཟིགས་རྒྱལ་བ་རྒྱ་མཚོའི་དབང་འབུལ་རྒྱུ་རེད། ཅེས་གསུངས་སོང་ལ། མནྜལ་འདེགས་འབུལ་སྐབས་མགོན་པོ་མཆོག་གིས། རིན་པོ་ཆེ་(སི་ཏུ་རིན་པོ་ཆེ་མཆོག་)ངེད་གཉིས་ངོ་ཤེས་ནས་ཡུན་རིང་པོ་ཕྱིན་པ་རེད། འགྱུར་བ་མེད་པར་ལྷག་བསམ་རྣམ་དག་གནང་སོང་།  ཐུགས་རྗེ་ཆེ་ཨ། ཞེས་གསུངས་སོང་།

དེའི་རྗེས་༧གོང་ས་མཆོག་ནས་ལམ་རིམ་བསྡུས་དོན་གྱི་བཀའ་ཁྲིད་སྩལ་སྐབས། སངས་རྒྱས་བཅོམ་ལྡན་འདས་སྨྲ་བ་ཟླ་མེད་པ་ཞེས་པ་དེ་རེད་བཞག འཛམ་གླིང་འདིའི་སྒང་ལ་ཆོས་ལུགས་མང་པོ་ཡོད་རེད། རང་རང་གི་གདུལ་བྱ་དེ་ཚོ་ལ་ཕན་གྱི་ཡོད་པ་རེད། ཡག་པོ་ཞེ་དྲག་རེད། ང་ཚོ་རྒྱ་གར་ལ་ཆོས་ལུགས་ཚང་མར་གུས་ཞབས་བྱ་རྒྱུ་དེ་གལ་ཆེན་པོ་ཞེ་དྲག་རེད། དཔེ་ཡག་པོ་འདུག ངའི་ངོས་ནས་ཆ་བཞག་ནའང་། ང་རང་ནང་པའི་དགེ་སློང་ཞིག་རེད། ཚད་མ་རིག་པའི་གཞུང་སྦྱངས་ནས། དཔེར་ན་ནང་པའི་གཞུང་ནང་ལ་སེམས་ཙམ་པའི་གཞུང་གི་གཟུགས་འཛིན་གཉིས་མཐོང་གསུངས་བཞག་པ་དེ་ལ་སྐྱོན་ག་རེ་འདུག་བཙལ་ནས། དེ་ལྟར་རིགས་པ་ལྡན་པའི་ཐོག་ནས་འགྲོ་རྒྱུ་འདུག་ག དེར་བརྟེན་དེང་སང་ཚན་རིག་པའི་ནང་ནས་སངས་རྒྱས་པའི་ཆོས་ཀྱི་འགྲོ་སྟངས་དེར་དགའ་པོ་བྱེད་ཀྱི་འདུག་ག ལྷག་དོན་སེམས་ཁམས་རིག་པ་(ལ་དགའ་བོ་འདུག) སྤྱིར་མུ་སྟེགས་པའི་གཞུང་ནང་ལོགས་ལ་སེམས་ཁམས་རིག་པ་གསུངས་ཡོད་རེད་དེ། ཡིན་ནའང་། ནང་པའི་གཞུང་ནང་ལ་སེམས་ཁམས་རིག་པ་གསུངས་པ་དེ་ཞེ་པོ་རྒྱ་ཆེན་པོ་དང་གཏིང་ཟབ་པོ་ཞིག་རེད་བསྡད་བཞག དཔེར་ན་ང་ཚོས་ཆུང་ཆུང་སྐབས་བློ་རིག་སློབ་ཀྱི་ཡོད་པ་རེད། བློ་རིག་ནང་ལ་སེམས་སེམས་བྱུང་དང་། སེམས་བྱུང་ལྔ་བཅུ་རྩ་གཅིག  གཙོ་སེམས་དྲུག་ཟེར་རྒྱུ་དེ་ཚོ་ཆུང་ཆུང་སྐབས་ནས་སློབ་ཀྱི་ཡོད་རེད། དེར་བརྟེན། བཅོམ་ལྡན་འདས་ཀྱི་ཆོས་དང་། ལྷག་པར་དུ་ལེགས་སྦྱར་གྱི་ཆོས་བརྒྱུད་དེ་རྦད་དེ་དཔྱད་པ་བྱས་ནས་འགྲོ་རྒྱུ་དེ་ཞེ་པོ་ཤུགས་ཆེན་པོ་གསུངས་འདུག ཅེས་གསུངས་སོང་།

དྷ་ས་ཐེག་ཆེན་གཙུག་ལག་ཁང་དུ་སྦྱན་རས་གཟིགས་རྒྱལ་བ་རྒྱ་མཚོའི་བཀའ་དབང་སྟ་གོན་མཛད་པ། ༢༠༢༢།༠༦།༡༣

ཡང་མགོན་པོ་མཆོག་གིས། ང་ཆུང་ཆུང་སྒང་ལ་མངོན་རྟོགས་རྒྱན་དང་དབུ་མ་འཇུག་པ་དེ་ཚོ་བློ་ལ་བཟུང་ནས་ཡོངས་འཛིན་རིན་པོ་ཆེའི་སྐུ་མདུན་ལ་དེ་དག་བསྐྱོར་གྱི་ཡོད་པ་རེད། འཕྲལ་གྱི་འདུ་ཤེས་མ་གཏོགས་དེ་ཙམ་གྱིས་དོ་སྣང་མེད། དེ་ནས་ཚུར་ག་ལེར་ག་ལེར་ན་ཚོད་ལྟ་བུ་ཡར་སླེབས་ཡོང་དུས། གཞུང་དེ་དག་ཞེ་པོ་གལ་ཆེན་པོ་རེད་བཞག དབུ་ཕར་གྱི་གཞུང་དེ་ཞེ་པོ་གལ་ཆེན་པོ་རེད། ད་ང་རང་ཚོས་དཔལ་ན་ལེནྜའི་ཆོས་བརྒྱུད་ཀྱི་ཆོས་དེ་ཉམས་ལེན་བྱེད་ཡོང་དུས་ཟབ་པ་དང་རྒྱ་ཆེ་བ་གཉིས་ཀྱི་སྒོ་ནས་འགྲོ་རྒྱུ་རེད། ཟབ་པ་ཟེར་དུས་སྟོང་ཉིད་སྐོར་བཤད་ཀྱི་ཡོད་པ་རེད། སྟོང་ཉིད་ཀྱི་ལྟ་བ་དང་འབྲེལ་བའི་ཐོག་ནས་དག་པའི་ཞིང་ཞེས་བྱང་ཆུབ་སེམས་ཀྱི་ཉམས་ལེན་ཞེས་དེ་ལྟར་འགྲོ་རྒྱུ་དེ་ཉམས་ལེན་གྱི་གཙོ་བོ་རེད་འདུག་ག རྗེ་རིན་པོ་ཆེས་རྟེན་འབྲེལ་བསྟོད་པའི་གཞུག་གུ་དེར། སྟོན་པའི་རྗེས་སུ་འབྲང་མཁན་གྱི་དགེ་སློང་ཞིག བཅོམ་ལྡན་འདས་ཀྱིས་ལེགས་པར་གསུངས་པའི་ཆོས་ལ་སློབ་སྦྱོང་གང་ལ་གང་འཚམ་བྱེད་མཁན་གྱི་དགེ་སློང་ཞིག་ཡིན་ཞེས་(གསུངས་ཡོད།) དེར་བརྟེན། ང་ཚོ་བོད་ལ་ཡོད་བསྡད་པའི་དཔེ་ཆ་ལ་བལྟས་ནས་ཡར་ཡོང་བཞག་པ་དེ་ཚོ། དངོས་གནས་བསྟན་པའི་ངང་ཚུལ་ཤེས་ནས་སྟོན་པ་ལ། །ཡིད་ཆེས་རྙེད་པས་རྟག་ཏུ་གང་བར་ཤོག །ཅེས་པ་དེ་ཏན་ཏན་ཆགས་བསྡད་ཡོད་པ་རེད། དེ་ནས་ང་ཚོ་བཙན་བྱོལ་ཆགས་ནས་རྒྱ་གར་ལ་བསླེབས། འདིར་ཆོས་ལུགས་འདྲ་མི་འདྲ་ཐུག་གི་ཡོད་པ་རེད། ངས་ཚང་མ་ལ་གུས་ཞབས་ཞུ་ཡི་ཡོད། རྟགས་གསལ་གཏོང་རྒྱུའི་སྐད་ཆ་མ་རེད། ང་ཚོས་རྟགས་གསལ་གཏོང་རྒྱུའི་རིགས་དེ་གལ་ཆེན་པོ་ཞེ་དྲག་ཡིན་དུས། ང་ཚོར་གདན་སའི་དགེ་འདུན་པ་ཧྲག་ཧྲག་ཅིག་ཡོད་པ་དེ་དག་ལྷོ་ཕྱོགས་ཀྱི་འབྲས་སྤུངས་དང་། སེ་ར། དགའ་ལྡན། བཀྲ་ཤིས་ལྷུན་པོར་གང་ལ་གང་འཚམ་ཡོད་པ་རེད། ཐོག་མར་ང་ཚོ་རྒྱ་གར་ལ་བསླེབས་དུས། པནྜི་ཏ་ནེ་རུ་ལ་ང་ཚོར་ཡི་གེ་ཟུར་དུ་ཡོད་རེད། སྐད་ཅིག་ཡོད་རེད། དེར་བརྟེན་ང་ཚོ་བོད་པའི་ཕྲུ་གུ་ལ་བོད་ཡིག་སློབ་རྒྱུ་ཡོད་པའི་སློབ་གྲྭ་ཟུར་དུ་དགོས་ཀྱི་འདུག་ཞུས་ནས། ནེ་རུས་རྒྱབ་སྐྱོར་གཙང་མ་གནང་རྗེས་དེ་ལྟར་ང་ཚོས་སློབ་གྲྭ་བཙུགས་པ་རེད། ཅེས་གསུངས་སོང་།

མགོན་པོ་མཆོག་གིས། བོད་ཀྱི་སངས་རྒྱས་པའི་ཆོས་དེ་རིག་པ་དང་ལྡན་པ་གཏིང་ཟབ་པོ་ཡོད་པར་བརྟེན། བར་སྐབས་རྒྱ་ནག་གུང་ཁྲན་ཏང་གིས་ཆོས་ལུགས་ལ་དགག་བྱ་བྱས་ཏེ་ཆོས་ལུགས་མེད་པར་བཟོ་རྒྱུ་དང་དབང་ཡོད་བཤད་རྒྱུ་དེ་འདྲ་མང་པོ་བྱས་ཡོད་རེད་དེ། བོད་རྒྱ་ཆེ་མི་མང་གི་སེམས་ཀྱི་ནང་ལ་ཆོས་དད་དེ་བརླག་ཐུབ་རྒྱུ་མི་འདུག་ག གང་རེད་ཟེར་ན། རྒྱ་མི་གུང་ཁྲན་གྱི་ལྟ་གྲུབ་འཁྱེར་རྒྱུ་དེ་དང་ང་ཚོ་ལོ་སྟོང་ཕྲག་རིང་གི་ནང་པ་སངས་རྒྱས་པའི་ལྟ་གྲུབ་གཉིས་དེ་བསྡུར་ཡོང་ན། ང་ཚོའི་ལྟ་གྲུབ་དེ་ཞེ་པོ་ཞིག་རྒྱ་ཆེན་པོ་གཏིང་ཟབ་པོ། ཚན་རིག་པའི་མཉམ་དུའང་འབྲེལ་བ་བྱེད་ཐུབ་རྒྱུ་ཡོད་པ་ཞིག་རེད། བཅོམ་ལྡན་འདས་ཀྱི་འདུལ་བའི་འགྲོ་སྟངས་དེ་ཚོ་དམངས་གཙོ་རང་རེད། མང་བ་དེ་གཙོ་ཆེ་བ་བརྩི་རྒྱུ་དེ་རེད། དེ་འདྲ་ཡིན་དུས། གང་ལྟར་ང་ཚོ་བོད་ལ་དཀའ་ངལ་ཞེ་པོ་ཕྲད་ཡོད་རེད་དེ། ཡིན་ནའང་སངས་རྒྱས་པའི་ཆོས་དེ་བརྟན་པོ་ཞེ་པོ་ཞིག་སྡོད་ཀྱི་འདུག་ག དེ་ནས་ང་ཚོ་བཙན་བྱོལ་བ་ཆགས་ནས་སངས་རྒྱས་པའི་ཆོས་ཀྱི་འགྲོ་སྟངས་དེ་བཤད་ཡོང་དུས། མི་ཚང་མས་དགའ་པོ་ཞེ་དྲག་བྱེད་ཀྱི་འདུག་ག ཞེས་གསུངས་སོང་།

ཨ་རིའི་ནང་ཐེངས་དང་པོ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་སྐབས་ཨ་རིའི་གྲོས་ཚོགས་འཐུས་མི་ཞིག་གིས་ལུང་བསྟན་ལྟ་བུ་གསུངས་ཡོད་པའི་སྐོར་ལ་༧གོང་ས་མཆོག་གིས། ་ ཨེ་མི་རི་ཀའི་མི་ཞིག་གིས་གཏམ་བཤད་བྱེད་སྐབས། ༧རྒྱལ་བ་རིན་པོ་ཆེ་མི་གཅིག་རེད། རྒྱ་ནག་བཅིངས་གྲོལ་དམག་མི་ས་ཡ་མང་པོ་ཡོད་རེད། བཅིངས་གྲོལ་དམག་ས་ཡ་མང་པོ་དེ་དག་གིས་མི་གཅིག་གླགས་འཁེལ་གྱི་ཡོད་མ་རེད། དེ་འདྲ་བཤད་སོང་། དེ་གང་འཚམ་བདེན་པ་ཡོད་རེད་ད། གང་ལྟར་གུང་ཁྲན་རིང་ལུགས་མར་རྒུད་འགྲོ་གི་འདུག་ག སངས་རྒྱས་པའི་ལྟ་གྲུབ་དང་ལྷག་པར་དུ་བོད་ཀྱི་ནང་པ་སངས་རྒྱས་པའི་ལྟ་གྲུབ་ཚད་མ་རིག་པ་ལྟ་བུ་འཛམ་གླིང་འདིའི་སྒང་ལ་ཚན་རིག་པས་དོ་སྣང་བྱ་རྒྱུ་ཆགས་པ་རེད། འདི་འདྲ་བསམ་བློ་གཏོང་དུས། ང་རང་བོད་ལ་མུ་མཐུད་ནས་བསྡད་ཡོད་ན། དེ་ཙམ་འགྲོ་དོན་ལྟ་བུ་ཡོང་ཐུབ་རྒྱུ་ཡོད་པ་མ་རེད། འདིར་བཙན་བྱོལ་བ་ཆགས་ནས་རྒྱ་གར་ལ་བསླེབས་རྗེས། བར་སྐབས་ངས་ཆབ་སྲིད་ཀྱི་ལས་ཀ་དེ་ཚོ་བཞག་པ་རེད། དེར་ང་ཚོས་སྤྱི་འཐུས་བསྐོས་ནས་གྲོས་ཚོགས་ཀྱི་སྤྱི་ཁྱབ་དང་སྲིད་སྐྱོང་ཡར་བསྐོས་ཡོད་པ་རེད། ང་འདིར་གཙོ་བོ་ཆོས་ཕྱོགས་ཀྱི་ཐོག་ནས་སྐད་ཆ་བཤད་ནས་འགྲོ་སྡོད་ཀྱི་ཡོད་པ་རེད། བོད་གངས་ཅན་ལྗོངས་ཀྱི་ནང་ལའང་ངས་སྐད་ཆ་བཤད་པ་དེ་ཚོར་དོ་སྣང་བྱས་ནས་ཉན་མཁན་ཇེ་མང་ཇེ་མང་འགྲོ་ཡི་འདུག རྒྱ་མིའི་ནང་ལའང་ཇེ་མང་ཇེ་མང་འགྲོ་ཡི་འདུག ཏཱ་ལའི་བླ་མའི་འགྲོ་དོན་དེ་སྐད་ཆ་བཤད་ནས་འགྲོ་ཡི་ཡོད་པ་རེད། གཟུགས་པོ་དེ་བསླེབས་དགོས་པ་ཡོད་པ་མ་རེད། དེང་སང་འཛམ་གླིང་འཕྲུལ་ཆས་ཡག་པོ་རེད་པཱ། ཏཱ་ལའི་བླ་མ་ཨ་མདོ་ལྷ་མོ་དོན་འགྲུབ་ཟེར་བ་དེ་དྷ་རམ་ས་ལར་ལྷོད་ལྷོད་བྱས་ནས་བསྡད། ཤེས་སོང་ངམ། ངའི་བསམ་བློ་དང་དང་གཏམ་བཤད་དེ་དག་འཛམ་གླིང་གང་ས་གང་ལ་དང་། རྒྱ་ནག བོད་གངས་ཅན་ལྗོངས་ལ་འགྲོ་སྡོད་ཀྱི་འདུག ཅེས་གསུངས་པ་དང་འབྲེལ། རྒྱ་ནག་དང་བོད་ནང་ཡོད་པའི་དད་ལྡན་མི་མང་རྣམས་མགོན་པོ་མཆོག་གི་དམིགས་འོག་ཏུ་བཅུག་གནང་ཡོད་སྐོར་བཀའ་སློབ་སྩལ་སོང་།

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese