མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

བོད་མི་ཞིག་ལ་ལོ་བཞི་དང་ཟླ་ལྔ་ཡི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག

བོད་ཀྱི་དུས་བབ།
༢༠༢༢/༠༦/༢༠
Share on FacebookShare on TwitterShare on EmailShare on Whatsapp

རྒྱལ་ཁབ་ཁ་བྲལ་གྱི་ཉེས་མིང་འོག་བོད་རིགས་གཞོན་སྐྱེས་བློ་གྲོས་ལགས་སུ་ལོ་བཞི་དང་ཟླ་ལྔའི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག

དེ་རིང་འདི་ག་བོད་ཀྱི་དུས་བབ་གསར་ཁང་ལ་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། རྒྱ་ནག་གཞུང་གིས་རྫ་སེལ་ཤུལ་རྫོང་འབུམ་རྙིང་སྡེ་བ་ནས་ཡིན་པའི་བོད་མི་བློ་གྲོས་ལགས་སུ། ཆབ་སྲིད་དང་འབྲེལ་བའི་རྩོམ་ཡིག་བྲིས་ཡོད་སྐོར་བརྗོད་ནས་ལོ་བཞི་དང་ཟླ་ལྔ་ཡི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་། ད་ལྟའི་ཆར་རྒྱ་ནག་གཞུང་གིས་ཁོང་ཁྲིན་ཏུའུ་རུ་བཙན་ཁྲིད་བྱས་ཡོད་པ་ལས། བཙོན་ཁང་གང་དུ་བཙོན་འཇུག་བྱས་ཡོད་སྐོར་སོགས་གསལ་ཁ་མེད་སྐོར་བརྗོད་བྱུང་།

གནས་ཚུལ་མཁོ་སྤྲོད་པས་བརྗོད་པ་ལྟར་ན། ཟླ་འདིའི་ཕྱི་ཚེས་  ༡༣  དང་  ༡༤  ཉིན་གང་རུང་ཞིག་ལ་རྒྱ་ནག་གཞུང་གིས། བློ་གྲོས་ལགས་སུ་རྒྱལ་ཁབ་ཁ་བྲལ་དང་སྤྱི་ཚོགས་ཟིང་འཁྲུག་ཟེར་བའི་ཉེས་མིང་འོག་ཁྲིམས་ཐག་བཅད་ཡོད་པ་དང་། ཁྲིམས་ཐག་གཅོད་དོན་གཙོ་བོ་ནི་དེ་སྔ་ཁོང་གིས་རྒྱ་ནག་གི་སྤྱི་ཚོགས་དྲ་ལམ་ཝེ་པོ་སོགས་སུ་རྩོམ་ཡིག་བྲིས་པའི་རྐྱེན་གྱིས་ཡིན་སྐོར་བརྗོད་བྱུང་བ་དང་།  བློ་གྲོས་ལགས་འདས་ལོའི་ཕྱི་ཟླ་ ༡༠ པའི་ཟླ་མཇུག་ཙམ་ནང་འཛིན་བཟུང་གིས། ད་སྔ་བར་ཟླ་ ༨ ཙམ་རིང་གང་བྱུང་བཀག་ཉར་འོག་བཅུག་ཡོད་པ་རེད།

བློ་གྲོས་ལགས་ཀྱི་དངོས་མིང་ལ་ཐུབ་བསྟན་བློ་གྲོས་དང་དྲ་མིང་ལ་ས་བུ་ཆེ་ཞེས་འབོད་ཀྱི་ཡོད་པ་དང་། ཁོང་དེ་སྔ་སློབ་མཐར་ཕྱིན་རྗེས་ཕྱིར་ཕ་ཡུལ་དུ་ལོག་སྟེ་ལོ་ཤས་རིང་དགེ་རྒན་བྱས་ཡོད་འདུག་ལ། རྗེས་སུ་ས་གནས་སྲིད་གཞུང་གི་ལས་དོན་གཉེར་ཡོད་ཀྱང་། ཁོང་གིས་རྩོམ་ཡིག་བྲིས་པ་དང་དམིགས་བསལ་ཆབ་སྲིད་དང་འབྲེལ་བའི་རྩོམ་ཡིག་བྲིས་ཡོད་པར་བསྙད་ནས་གནོན་ཤུགས་གང་མང་ཕོག་པ་ལ་བརྟེན་ལས་གནས་དེ་གཡུགས་ཡོད་པ་དང་། ད་ལྟ་རང་ལོ་ ༣༠ ཙམ་ཡིན་པའི་བློ་གྲོས་ལགས་འཛིན་བཟུང་བྱས་པའི་གནས་ཚུལ་དང་འབྲེལ། རྒྱ་ནག་གཞུང་གིས་ཁོང་གི་ནང་མི་ཚོར་གནོན་ཤུགས་སྤྲོད་མུས་ཡིན་པ་ལྟར། ད་ལྟ་ཁོང་གི་བུ་ཕྲུག་གཉིས་སློབ་གྲྭར་འགྲོ་མི་ཆོག་པ་སོགས་བྱེད་བཞིན་ཡོད་འདུག

སྤྱིར་རྒྱ་ནག་གཞུང་གིས་དམར་ཤོག་ཚོགས་པ་དང་ལྟ་ཕྱོགས་མི་མཐུན་པ་ཚོར་དམ་དྲག་དོ་ནན་བྱེད་བཞིན་ཡོད་པ་ལྟར། རྒྱ་ནག་གཞུང་གིས་འདས་པའི་ལོ་ཤས་ནང་བོད་མི་ཤེས་ཡོན་པ་སྒོ་ཤེས་རབ་རྒྱ་མཚོ་ལགས་དང་དྷི་ལྷ་ལྡན་ལགས། དེ་བཞིན་རོང་བོ་དགེ་འདུན་ལྷུན་འགྲུབ་སོགས་བོད་ནང་གི་ཤེས་ཡོན་པ་དང་བསམ་བློ་བ་མང་པོ་ཞིག་འཛིན་བཟུང་བཙོན་འཇུག་བྱས་ཡོད་ཅིང་། ཐེངས་འདིར་བློ་གྲོས་ལགས་སུའང་རྒྱ་ནག་གཞུང་གི་ཆབ་སྲིད་དང་འགལ་བའི་རྩོམ་ཡིག་བྲིས་སྐོར་གྱི་ཉེས་མིང་གཡོགས་ཡོད་པ་རེད་འདུག

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist