མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལོ་ངོ་ ༣༤༠༠ ཡར་སྔོན་གྱི་གནའ་བོའི་གྲོང་ཁྱེར་ཞིག་གི་ཤུལ་ལྷག་རྣམས་ཕྱིར་མངོན།

བོད་ཀྱི་དུས་བབ།
༢༠༢༢/༠༧/༡༠
Share on FacebookShare on TwitterShare on EmailShare on Whatsapp

གོ་ལའི་གནམ་གཤིས་འགྱུར་ལྡོག་གི་རྐྱེན་པས་དཀྱིལ་ཤར་ཨེ་ཤ་ཡའི་ཁ་ཆེ་རྒྱལ་ཁབ་ཨི་རག་ (Iraq) ནང་ཐན་པ་དྲག་པོ་བྱུང་སྟེ། ཆུ་ལ་ནུབ་པའི་ཟངས་ཆས་དུས་རབས་(ཕྱི་ལོ་སྔོན་གྱི་ལོ་ ༣༣༠༠ ནས་ ༡༢༠༠ བར་ལ་གོ) ཀྱི་གྲོང་ཁྱེར་ཞིག་ཕྱིར་བུད་འདུག

གསར་འགོད་པ་པ་སངས་ཚེ་རིང་གིས་བོད་སྒྱུར་བྱས།

Aerial view of the excavation site, with Bronze Age architecture partly submerged.Universities of Freiburg and Tübingen, KAO

འདས་ལོའི་ཕྱི་ཟླ་ ༡༢ ནང་ས་ཁུལ་དེར་ཐན་པ་ཤུགས་ཆེན་པོ་བྱུང་རྗེས། ས་གནས་ཀྱི་སོ་ནམ་པ་ཚོས་ཡུལ་དེའི་ཀར་ཌི་སི་ཐན་ཁུལ་དུ་ཡོད་པའི་ཊིག་རི་སི་གཙང་པོ་ནས་ཞིང་སར་ཆུ་ཕོན་ཆེན་དྲངས་པའི་རྐྱེན་གྱིས། གཙང་པོ་དེའི་རྒྱུད་དུ་ཆགས་པའི་ལོ་ངོ་ ༣༤༠༠ ཡར་སྔོན་གྱི་གནའ་བོའི་གྲོང་ཁྱེར་ཞིག་གི་ཤུལ་ལྷག་རྣམས་ཕྱིར་མངོན་ཡོད་པ་རེད།

འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ལྟར་ན། ཨི་རག་ནི་འཛམ་གླིང་ནང་གི་གནམ་གཤིས་འགྱུར་ལྡོག་གི་ཤུགས་རྐྱེན་ཐེབས་སླ་ཤོས་ཀྱི་རྒྱལ་ཁབ་ཨང་ལྔ་པ་དེ་ཡིན་ཞིང་། ཁུལ་དེར་ཚ་དྲོད་རྒྱས་པའི་དབང་གིས་ཡུལ་ལུང་ཡོངས་རྫོགས་སྐམ་གཤིས་ཆེ་རུ་ཕྱིན་པར་བརྟེན། ས་གནས་མི་མང་གི་འཚོ་གནས་དང་ཞིང་ལས་ཐོན་ཁུངས་ལ་ཉེན་ཁ་ཆེན་པོ་ཡོད་འདུག། འདི་ལོའི་ཕྱི་ཟླ་ ༤ པའི་ནང་ཨི་རག་གི་ཆུའི་ཐོན་ཁུངས་ལྷན་ཁང་གི་སློབ་སྟོན་པ་རྒན་པ་ཞིག་གིས་ཨེ་ཨེབ་པི་ (AFP) གསར་ཁང་ལ་འདི་ལྟར་བརྗོད་ཡོད་དེ། ང་ཚོས་ཟུར་འཇོག་བྱས་པའི་ཆུ་དེ་འདས་ལོ་དང་བསྡུར་ན་བརྒྱ་ཆ་ལྔ་བཅུས་མར་ཆག་ཡོད་པ་དང་། དེའི་རྒྱུ་རྐྱེན་གཙོ་བོ་ནི་ཕྱི་ལོ་ ༢༠༢༠ ནས་ལོ་གསུམ་བསྟུད་མར་ཐན་པ་བརྒྱབ་པས་ཡིན་པར་བཤད།

གནའ་ཤུལ་ཞིབ་འཇུག་པ་རྣམས་ཆུར་ནུབ་པའི་གནའ་གྲོང་དེར་སྔར་ནས་ཆ་རྒྱུས་ཡོད་ནའང་། ཆུ་ལས་ཕྱིར་མ་ཐོན་བར་དུ་ཞིབ་འཇུག་བྱེད་ཐུབ་མེད་པ་རེད། ཁོ་ཚོར་ཞིབ་འཇུག་གི་གོ་སྐབས་ཐོག་མ་དེ་ཕྱི་ལོ་ ༢༠༡༨ ལོའི་ཐན་སྐྱོན་སྐབས་སུ་བྱུང་ཡོད་ཀྱང་། སྐབས་དེར་བསྐྱར་དུ་གོ་སྐབས་དེ་འདྲ་འཐོབ་རྒྱུ་ཡིན་མིན་བཤད་ཚོད་ཐིག་མེད་པ་རེད།

འདི་ལོའི་ཕྱི་ཟླ་དང་པོ་དང་གཉིས་པའི་ནང་ཀར་ཌི་ཤི་དང་འཇར་མན་གྱི་གནའ་ཤུལ་ཞིབ་འཇུག་པ་རྣམས་བྲེལ་འཚུབ་ཀྱིས་ཀེ་མུན་ (Kemune) ཟེར་བའི་གནའ་ཤུལ་ས་ཚིགས་སུ་འབྱོར་ཏེ། ས་བྲུས་ནས་ཧྥི་ཊི་ ༢༠ ཅན་གྱི་རྩིག་གྱང་དང་ཐོག་བརྩེགས་གཉིས་ཡན་གྱི་ཕོ་བྲང་ཡོད་པའི་གྲོང་ཁྱེར་ཞིག་ཕྱིར་མངོན་ཐབས་དང་ས་ཁྲ་བཟོ་རྒྱུའི་ལས་ལ་ཞུགས་པ་རེད།

གནའ་ཤུལ་ཞིབ་འཇུག་པ་རྣམས་ཀྱིས་ད་ཐེངས་ཕྱིར་ཐོན་པའི་གྲོང་ཁྱེར་དེ་ནི། ཕྱི་ལོ་སྔོན་གྱི་ལོ་ ༡༥༥༠ ནས་ ༡༣༥༠ བར་མེ་སོ་པོ་ཊེ་མི་ཡ་བྱང་མ་ (Mesopotamia) (དེང་སྐབས་ཀྱི་ཨི་རག་དང་ཀུ་ཝཌ། ཨི་རན་དང་སི་རི་ཡ། ཊར་ཀི་བཅས་ཀྱི་ཆ་ཤས་རྣམས་ཚུད་ཡོད) དང་སི་རི་ཡ་ (Syria) ཁུལ་ཕལ་ཆེ་བ་དབང་བསྒྱུར་བྱས་པའི་མི་ཊ་ནིའི་རྒྱལ་རབས་ (Empire of Mittani) སྐབས་ཀྱི་ཡིན་པར་བཤད། ཕྱི་ལོ་སྔོན་གྱི་ལོ་ ༡༣༥༠ ཡས་མས་སུ་མི་ཊ་ནི་གྲོང་ཁྱེར་ལ་ས་འགུལ་ཆེན་པོ་ཞིག་རྒྱུག་སྟེ། རྩིག་གྱང་མཐོ་ས་ནས་མར་ཞིག་སྟེ་འོག་ཤོད་རྣམས་ས་འོག་ཏུ་བསྣན་ཡོད་པར་ཚོད་དཔག་དང་སྦྲགས། གནའ་གྲོང་དེ་ལོ་མང་རིང་ཆུར་ནུབ་ཡོད་ཀྱང་ད་ལྟའང་བཟོ་བཀོད་རང་སོར་གནས་ཐུུབ་ཡོད་པའི་རྐྱེན་རྩ་གཙོ་བོའང་དེ་ཡིན་པར་ངོས་འཛིན་བྱས་འདུག

ཀར་ཌི་སི་ཐན་གྱི་གནའ་ཤུལ་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་དང་། ད་ལན་ཆུ་ནས་ཐོན་པའི་གནའ་བོའི་གྲོང་ཁྱེར་སྔོག་འདོན་ལས་དོན་གྱི་འགན་འཁུར་བ་གཙོ་བོའི་གྲས་སུ་ཡོད་པའི་གནའ་ཤུལ་ཞིབ་འཇུག་པ་ཧ་སན་ཨ་མེཌ་ཁ་སིམ་ (Hasan Ahmed Qasim) གྱིས། ཞིབ་འཇུག་གི་གྲུབ་དོན་ལྟར་ན་གནའ་གྲོང་འདི་ནི་མི་ཊ་ནི་རྒྱལ་རབས་ཀྱི་ལྟེ་གནས་གལ་འགངས་ཆེན་པོ་ཞིག་ཡིན་པ་ཤེས་རྟོགས་བྱུང་ཡོད། ཅེས་བརྗོད་འདུག

གནའ་ཤུལ་དེ་ནས་རྫ་མ་ཆེན་པོ་ལྔ་རྙེད་པའི་ནང་གནའ་བོའི་གཟེར་གཟུགས་ཡི་གེ་ (Cuneiform) འཁོད་པའི་སའི་བྱང་བུ་ ༡༠༠ ལས་མང་བ་བླུགས་ཡོད་ཅིང་། བྱང་བུ་གཅིག་ནི་ད་དུང་འདམ་ལས་གྲུབ་པའི་ཤུགས་ཀྱིས་ཐུམས་ནས་ཡོད་པ་དང་། དབྱེ་ཞིབ་བྱས་རྗེས་བྱང་བུ་དེ་དག་གནའ་གྲོང་འཐོར་ཞིག་ཏུ་མ་སོང་གོང་གི་ཡིན་པ་ཤེས་རྟོགས་བྱུང་ཡོད་འདུག (གཟེར་གཟུགས་ཡི་གེ་ནི་ཟངས་ཀྱི་དུས་རབས་སྐབས་ཨ་སི་རི་ཡ་ Assyria དང་པར་ཤི་ཡ parsia། བྷེ་བྷི་ལོ་ནི་ཡ་Babyloniaབཅས་ཀྱི་ནང་བཀོལ་སྤྱོད་བྱས་པའི་འཛམ་གླིང་གི་ཡིག་རིས་སྔ་ཤོས་ཤིག་ཡིན་འདུག)

གནའ་ཤུལ་སྔོག་འདོན་རུ་ཁག་ཁོངས་སུ་ཡོད་པའི་འཇར་མན་གྱི་ཐུ་བིན་གྷན་སློབ་གྲྭ་ཆེན་མོའི་ (University of Tübingen) གནའ་ཤུལ་རིག་པ་བ་པི་ཊར་ཕལ་ཛི་ནར་ (Peter Pfälzner) གྱིས།  མེས་སྲེག་སྦྱོར་བྱས་མེད་པའི་འདམ་གྱིས་བཟོས་པའི་གཟེར་གཟུགས་ཡི་གེའི་བྱང་བུ་དེ་དག་ལོ་ངོ་དེ་འདྲ་མང་པོར་ཆུའི་ནང་འཕྲོ་བརླག་མ་སོང་བར་ལུས་པ་དེ་རྫུ་འཕྲུལ་ལྟ་བུ་རེད་ཅེས་བརྗོད་འདུག

ད་ལྟ་གནའ་བོའི་གྲོང་ཁྱེར་དེ་བསྐྱར་དུ་ཆུར་ནུབ་ཟིན་ཡང་། གནའ་ཤུལ་ཞིབ་འཇུག་པ་རྣམས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བ་ལྟར་ན། འདི་ལོའི་ཕྱི་ཟླ་ ༢ པའི་ནང་གནའ་ཤུལ་སྔོག་འདོན་གྱི་ལས་ཀ་རྣམས་ཚར་རྗེས། འབྱུང་འགྱུར་ཆུར་ནུབ་སྐབས་གལ་གངས་ཆེ་བའི་གནའ་ཤུལ་རྣམས་ཉམས་ཉེས་སུ་མི་འགྲོ་བའི་ཆེད་དུ། ས་ཚིགས་ཡོངས་ལ་འགྱིག་ཤོག་གཡོགས་ཡོད་འདུག

ད་ལན་གྱི་གནའ་ཤུལ་ཞིབ་འཇུག་པའི་རུ་ཁག་དེ་ནི། གོ་ལའི་གནམ་གཤིས་འགྱུར་ལྡོག་གི་རྐྱེན་པས་འཇིག་ཉེན་ལ་ཐུག་པའི་གནའ་ཤུལ་སྲུང་སྐྱོབ་བྱེད་མཁན་གྱི་རུ་ཁག་གཅིག་པུ་དེ་མ་རེད། བྲི་བཞིན་པའི་ཆུ་མོ་དང་། འཁྱག་རོམ་ཞུ་བ། རྒྱ་མཚོ་རྒྱས་པ་སོགས་ཀྱི་འགྱུར་ལྡོག་ནི་རྟག་པ་བརྟན་པ་མེད་པའི་ཐོག མཚམས་རེར་གནོད་འཚེ་ཅན་ཞིག་ཏུ་གྱུར་ཡོད། དཔེ་མཚོན་ལྟ་བུར། ཨ་རིའི་ནེ་ཝ་ཌ་མངའ་སྡེའི་མིཌ་རྒྱུག་ཆུུ་ (Lake Mead) བྲི་བའི་རྐྱེན་གྱིས་ཆུར་ནུབ་པའི་མིའི་ཕུང་པོ་རྙེད་སོན་བྱུང་ཡོད་པ་དང་། ཡང་ཨ་རིའི་མངའ་ཁོངས་ཧ་ཝའེ་ (Hawaii) གླིང་ཕྲན་དུ། གནའ་བོའི་གོམས་སྲོལ་ལྟ་བུར་རང་གི་མེས་པོ་རྣམས་ཀྱི་ཕུང་པོ་མཚོ་ཁར་སྦེད་སྲོལ་ཡོད་ནའང་། ད་ལྟ་མཚོ་ཁར་ས་རུད་བརྒྱབ་པ་དང་རྒྱ་མཚོ་རྒྱས་པའི་དབང་གིས་ཉེན་ཁ་སྤྲོད་སྲིད་པ་ཞིག་རེད་འདུག

ཁྲིམས་དོན་མིའི་རིགས་རིག་པ་སྨྲ་བ་ཇེ་ནི་ཧྥར་བྷིེར་ནེ་སི་ (Jennifer Byrnes) གྱིས་ཨིན་སའེ་ཌར་གསར་ཁང་ལ་འདི་ལྟར་བརྗོད་ཡོད་དེ། རྒྱས་བཞིན་པའི་རྒྱ་མཚོས་དུར་ས་རྣམས་རིམ་གྱིས་ཟད་དེ་མིའི་ཕུང་པོ་རྣམས་མུ་མཐུད་ཕྱིར་ཐོན་རྒྱུ་རེད་ཅེས་བརྗོད་འདུག

མ་ཡིག་གི་འབྲེལ་ཐག https://www.businessinsider.in/science/news/iraqs-extreme-drought-reveals-a-3400-year-old-city/articleshow/91971928.cms

འབྲེལ་ཡོད་གསར་འགྱུར།

Launch of Tibetan Arts Council. Photo: Tibetan Art Council
Mobile App

བོད་ཀྱི་སྒྱུ་རྩལ་མཐུན་ཚོགས་གསར་འཛུགས་གནང་བའི་གསར་འགོད་བསྒྲགས་གཏམ་སྤེལ།

ཆུ་ཚོད་ ༢ སྔོན་ལ།
Advertisement for App

ཨ་ཀྱཱ་བློ་བཟང་བསྟན་འཛིན་མཆོག་གི་ཕྱག་དེབ་“ཕྱིར་དྲན་”ཞེས་པའི་བོད་ཡིག་དེབ།

ཆུ་ཚོད་ ༣ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྐབས་བཅུ་བདུན་པའི་སྤྱི་འཐུས་གྲོས་ཚོགས་ལ་བསྩལ་བའི་བཀའ་ཡིག་རིན་པོ་ཆེ། ༢༠༢༡།༡༠།༠༦
Mobile App

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོར་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་གྱིས་གཙོས་ད་ལྟའི་ཆོས་བརྒྱུད་སྤྱི་འཐུས་ཕལ་ཆེ་བས་སྒྲོ་འདོགས་དང་སྐུར་འདེབས་མཚན་སྨད་ཚབས་ཆེན་ཞུས་པའི་དངོས་ཡོད་གནས་ཚུལ་སྙིང་བསྡུས་ངོ་སྤྲོད།

ཆུ་ཚོད་ ༤ སྔོན་ལ།
བལ་ཡུལ་གྱི་ནང་སྲིད་བློན་ཆེན་གྷུ་རུང་དང་བལ་ཡུལ་རྒྱ་ནག་གཞུང་ཚབ་ཀྲང་མོ་མིན། ༢༠༢༦།༠༤།༡༣
Mobile App

བལ་ཡུལ་གཞུང་གིས་རྒྱ་ནག་ལ་རྒོལ་བའི་ལས་འགུལ་རིགས་ལ་བཀག་སྡོམ་བྱ་རྒྱུ་ཡིན་པའི་ཁས་ལེན་གནང་།

ཆུ་ཚོད་ ༥ སྔོན་ལ།
China's Vice Minister of Foreign Affairs Sun Weidong in Tokyo, Japan in 2023 [File: Issei Kato/Pool via Reuters]
Mobile App

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པ་གནས་དབྱུང་བཏང་།

ཆུ་ཚོད་ ༥ སྔོན་ལ།
བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ལ་རྒྱལ་སྤྱིའི་བྱ་དགའ་གཉིས་ཐོབ། དྲ་ལམ་གྱི་པར།
Mobile App

བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ལ་རྒྱལ་སྤྱིའི་བྱ་དགའ་གཉིས་ཐོབ།

༢༠༢༦/༠༤/༡༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese