མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རེ་སྒུག་ཁྲོད་ཀྱི་རྒྱལ་སྤྱིའི་རྐང་སྤོལ་འགྲན་སྡུར།

བོད་ཀྱི་དུས་བབ།
༢༠༢༢/༠༧/༡༦
Share on FacebookShare on TwitterShare on EmailShare on Whatsapp

འདི་ལོའི་རྒྱལ་སྤྱིའི་རྐང་རྩེད་སྤོ་ལོའི་རྩེད་འགྲན་(FIFA World Cup)དེ་དཀྱིལ་ཤར་གྱི་རྒྱལ་ཕྲན་ཁོ་ཊར་(Qatar)འཚོག་རྒྱུར་དེ་རིང་ད་དུང་ཉིན་གྲངས་ ༡༢༦ ཡོད་ཀྱང་འཛམ་གླིང་ཡུལ་ལུང་གང་ས་ནས་རྩེད་འགྲན་དེར་རེ་སྒུག་བྱེད་བཞིན་ཡོད་ངེས།

དཔལ་ལྡན། དུས་བབ་གསར་འགོད་པ།

དེང་སང་འཛམ་གླིང་ས་ཕྱོགས་གང་སར་ཡོད་པའི་མི་གྲངས་ས་ཡ་མང་པོས་ས་ཁྱོན་སྤྱི་ལེ་གྲུ་བཞི་མ་ཆིག་ཁྲི་ལྷག་དང་མི་འབོར་ས་ཡ་ ༢ ལྷག་ལས་མེད་པའི་དཀྱིལ་ཤར་གྱི་རྒྱལ་ཕྲན་ཁོ་ཊར་(Qatar)ཞེས་པ་འདི་ཤུགས་ཆེན་གླེང་བཞིན་འདུག རྒྱལ་ཕྲན་འདི་གློ་བུར་དུ་གླེང་གཞི་ཞིག་ཏུ་གྱུར་བའི་རྒྱུ་མཚན་ནི། འདི་ལོའི་ཕྱི་ཟླ ༡༡ ཚེས ༢༢ ཉིན་རྒྱལ་སྤྱིའི་སྐྱེས་པའི་རྐང་རྩེད་སྤོ་ལོའི་འགྲན་ཚོགས་(FIFA World Cup)རྒྱལ་ཁབ་དེའི་ནང་བསྡུ་རྒྱུ་ཡིན་པས་རེད།

ཕྱི་ལོ ༢༠༡༩ ལོའི་རྐང་སྤོལ་འགྲན་སྡུར་སྐབས་སུ་དྷ་སའི་རི་གྲོང་གི་ཟ་ཁང་དང་ཇ་ཁང་ཁག་ཅིག་གིས་གོ་སྐབས་བཟུང་སྟེ་ཡོང་འབབ་ཡག་པོ་བཟོས་ཡོད་རབས་འདུག་ལ། རླུང་རྟ་ཅན་མང་པོ་ཞིག་ལ་རྒྱན་ཐོབ་སྟེ་ཉུང་མཐར་ཧིན་སྒོར་ཆིག་སྟོང་དང་མང་ཤོས་ལ་ཁྲི་ཚོ་ཁ་ཤས་རེ་ཐོབ་ཡོད་འདུག ད་ལོར་རྩེད་འགྲན་དངོས་སུ་མགོ་འཛུགས་རྒྱུར་ད་དུང་ཉིན་གྲངས་ ༡༢༦ ཡོད་ནའང་རྐང་སྤོལ་ལ་དགའ་བའི་ངོ་ཤེས་ཁག་ཅིག་གིས་རང་ཁྱིམ་དུ་བརྙན་འཕྲིན་ཆེན་པོ་ཞིག་ཉོ་ཐུབ་རྒྱུར་ཐབས་ཤེས་གཏོང་བཞིན་ཡོད་པ་མ་ཟད། ད་ལྟ་ནས་རྐང་སྤོལ་རུ་ཁག་རེ་རེར་རྒྱན་འཛུགས་པའི་སྟ་གོན་བྱེད་བཞིན་འདུག

ང་ཡི་ཀློག་པ་པོ་ལགས། ཁྱེད་ཅག་གིས་ཀྱང་རྒྱལ་ཁབ་གང་ཞིག་རྩེད་འགྲན་ལས་རྣམ་པར་རྒྱལ་བར་ཚོད་དཔག་བྱེད་བཞིན་རྩེད་འགྲན་དེར་ཉིན་ཞག་རེ་རེ་བྱས་ནས་སྒུག་བཞིན་ཡོད་པ་གོར་མ་ཆག  ད་དུང་རྒྱལ་སྤྱིའི་རྩེད་འགྲན་གྱི་སྡིངས་ཆ་གྲགས་ཅན་དེར་བོད་ཀྱི་རུ་ཁག་ཅིག་ཡོད་ན་ཅི་མ་རུང་སྙམ་གྱིན་འདུག་གམ།

གང་ལྟར། ཁོ་ཊར་རྒྱལ་ཁབ་ཀྱིས་ཕྱི་ལོ་༢༠༢༢ ཟླ་ ༡༡ ཚེས་ ༢༡ ནས་ཉིན་གྲངས་ ༢༨ ཀྱི་རིང་ལ་ཨ་རབ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཚབ་བྱས་ཏེ་རྒྱལ་སྤྱིའི་སྐྱེས་པའི་རྐང་རྩེད་སྤོ་ལོའི་འགྲན་ཚོགས་སྟེ་གོ་སྒྲིག་བྱེད་བཞིན་འདུག མཚོ་གླིང་རྒྱལ་ཁབ་དེ་ནི་ཨ་རབ་ཀྱི་པིར་ཤིན་གྷོལ་ཧྥི་(Persian Gulf)མཚོ་མོའི་འགྲམ་ངོགས་སུ་ཆགས་ཤིང་། བཟོ་བཀོད་ལྟ་ན་སྡུག་ཅིང་རྒྱས་སྤྲོས་ཀྱི་རྣམ་པས་ཁེངས་བའི་རྒྱལ་ས་ཌོ་ཧཱ་(Doha)ནི་ཡུལ་སྐོར་སྤྲོ་འཆམ་པའི་ལྟེ་བ་ཞིག་ཀྱང་ཡིན་འདུག་ལ། འདི་ལོའི་རྐང་སྤོལ་རྩེད་འགྲན་གྱིས་རྒྱལ་ཕྲན་དེ་སྔར་ལས་འདུ་འཛི་རྒོད་ཅིང་འབྱོར་ཕྱུག་གི་ལམ་དུ་བསྐྱོད་པར་བཤད།

  གྲགས་ཆེ་བའི་རྐང་རྩེད་སྤོ་ལོའི་འགྲན་ཚོགས་དེ་ནི་ཕྱི་ལོ ༡༩༣༠ ལོར་ལྷོ་ཨ་མེ་རི་ཁའི་རྒྱལ་ཁབ་ཡུ་གྷེ་རུ་ ( Uruguay ) རུ་ཐོག་མའི་ས་བོན་འབུས། དེ་ནས་བཟུང་ལོ་བཞི་རེའི་འཚམས་སུ་ལོ་ལྟར་རྩེད་འགྲན་དེ་བསྡུ་འཆར་ཡོད་ཀྱང་། འཛམ་གླིང་དམག་ཆེན་གཉིས་པའི་རྐྱེན་གྱིས་ཕྱི་ལོ ༡༩༤༢ དང་ ༡༩༤༦ གཉིས་སུ་རྩེད་འགྲན་བསྡུ་ཐུབ་མེད་པ་རེད་འདུག ཕྱིས་སུ་ཕྱི་ལོ ༡༩༥༠ ལོར་ལྷོ་མེ་རི་ཁའི་བྷི་རཱ་ཛིལ ( Brazil ) གྱིས་རྩེད་འགྲན་གོ་སྒྲིག་བྱས་རྗེས། ད་བར་ལོ་བཞི་རེའི་མཚམས་སུ་གཅིག་ཀྱང་མ་ཆད་པར་ལུ་གུ་རྒྱུད་དུ་བསྡུས་ཡོད་དེ། ཡུ་རོབ་ཀྱི་རྒྱལ་ཁབ་ཧྥ་རན་སི  ( france ) དང་འཇར་མི་ནི་(Germany ) ཨི་ཊ་ལི (Italy ) བཅས་ཀྱིས་ཐེངས་གཉིས་རེར་རྩེད་འགྲན་གོ་སྒྲིག་བྱས་འདུག  དེ་བཞིན་སི་པེན( Spain ) དང་དབྱིན་ཡུལ། ཨར་འཇན་ཊི་ན་( Argentina )  སོགས་ཀྱིས་ཐེངས་གཅིག་རེར་གོ་སྒྲིག་བྱས་འདུག ལྷག་པར་དུ་ཕྱི་ལོ་ ༢༠༠༢ ལོའི་རྩེད་འགྲན་དེ་ཉི་ཧོང་དང་ལྷོ་ཀོ་རི་ཡར་འཚོགས་ཡོད་ཅིང་། དེ་ནི་ཨེ་ཤ་ཡའི་ནང་དུ་རྒྱལ་སྤྱིའི་སྐྱེས་པའི་རྐང་སྤོལ་འགྲན་ཚོགས་བསྡུ་ཐེངས་དང་པོར་གྱུར་ཡོད་འདུག་ལ། འདི་ལོར་ཡང་བསྐྱར་རྩེད་འགྲན་ཐེངས་ ༢༢ པ་དེ་ཨེ་ཤ་ཡའི་ཁོ་ཊར་རྒྱལ་ཁབ་ཏུ་འཚོག་འཆར་ཡོད་ཅིང་། དེ་ནི་ཨེ་ཤ་ཡའི་ནང་བསྡུ་ཐེངས་གཉིས་པ་དེ་ཆགས་ཡོད་པ་རེད་འདུག

 ཕྱི་ལོ ༢༠༡༨ འཛམ་གླིང་གསེར་གྱི་རྟགས་མའི་རྐང་སྤོལ་རྩེད་འགྲན་ཐེངས་ ༢༡ པ་དེ་ནི་ཨུ་རུ་སུར་འཚོགས་པའི་འཛམ་གླིང་རྐང་སྤོལ་རྩེད་འགྲན་ཐོག་མ་དང་། རྐང་སྤོལ་རྩེད་འགྲན་དེར་འཛམ་གླིང་གླིང་ཆེན་ལྔའི་རྒྱལ་ཁབ་ ༣༢ ཀྱིས།  ཨུ་རུ་སུའི་གྲོང་ཁྱེར་ ༡༡ གི་རྩེད་ཐང་༡༢ ནང་ཁྱོན་བསྡོམས་རྩེད་འགྲན་ཐེངས་ ༦༥ བྱས་པ་བརྒྱུད་འཛམ་གླིང་གསེར་གྱི་རྟགས་མ་འགྲན་རྩོད་བྱས་པའི་ཁྲོད། ཡུ་རོབ་ཀྱི་ཧྥ་རན་སི་དང་ཁོ་རོ་ཤི་ཡ( Croatia ) རྒྱལ་ཁབ་གཉིས་ཀྱིས་ཆེས་མཐའ་མའི་རྟིང་རྩོད་འགྲན་སྡུར་བྱས། མི་མང་པོ་ཞིག་གིས་ཁོ་རོ་ཤི་ཡ་ཞེས་པའི་རྒྱལ་ཁབ་འདིའི་རྩེད་འགྲན་པ་ཚོར་རེ་བ་གསར་པ་ཞིག་བརྒྱབ་ཡོད་ཀྱང་། མཐའ་མར་ཀུན་གྱི་རྨི་ལམ་དུ་འཁོར་བཞིན་པའི་གསེར་བུམ་ཆེན་མོ་དེ་ཧྥ་རན་སིའི་རུ་ཁག་གིས་བཀྱགས་སོང་བ་དང་། དེ་ནི་མི་ལོ་ཉི་ཤུ་ཡི་རྗེས་སུ་སླར་ཡང་གསེར་བུམ་ཆེན་མོ་དེ་ཧྥ་རན་སིར་ཐོབ་པ་རེད་འདུག རྩེད་འགྲན་དེའི་ཁྲོད་ཁོ་རོ་ཤི་ཡ( Croatia ) ཡི་རུ་དཔོན་ལུ་ཁ་མོ་ཌེ་ཆི (Luka  Modric’) ལ་རྩེད་འགྲན་པ་ཡག་ཤོས་ཀྱི་གསེར་གྱི་སྤོ་ལོའི ( golden ball) བྱ་དགའ་ཐོབ་ཡོད་པ་དང་། དབྱིན་ཡུལ་གྱི་རུ་དཔོན་ཧེ་རི་ཀེན་( Harry Kane ) ལ་གསེར་ལྷམ ( golden boots) དང་། སྦེལ་འཇམ་གྱི་སྒོ་ར་བ་ཁོ་ཊར་ཌོ ( Courtois ) ལ་གསེར་གྱི་ལག་ཤུབ་ (  golden gloves) བཅས་ཐོབ་ཡོད་པ་རེད།

 ལོ་དེའི་རྩེད་འགྲན་ཆེད་ཨུ་རུ་སུ་གཞུང་གིས་གྲོང་ཁྱེར་ཁག་གི་མཛེས་ལྗོངས་དང་མི་མང་འདུ་གནས་ཀྱི་མཐུན་རྐྱེན་ཡར་རྒྱས།  མེ་འཁོར་ལམ་དང་གཞུང་ལམ་འཛུགས་སྐྲུན་སོགས་ཀྱི་ཆེད་དུ་ཨ་སྒོར་ཐེར་འབུམ་ ༡༥ ལྷག་དང་། ལྟད་མོ་བ་ཚོའི་ཆེད་དུ་རྒྱལ་ཁབ་མི་འདྲ་བ་ ༣༢ ཀྱི་སྐད་ནང་འགྲན་ཚོགས་ཀྱི་གནས་ཚུལ་ཐད་གཏོང་བྱས་ཡོད་ལ། རྩེད་འགྲན་གྱི་བྱ་དགའི་དངུལ་འཕར་སྣོན་གྱིས་མཐའ་མའི་རྒྱལ་ཁ་ཐོབ་མཁན་ཨང་དང་པོར་ཨ་སྒོར་ས་ཡ་ ༣༨ དང་། ཨང་གཉིས་པར་ཨ་སྒོར་ས་ཡ་ ༢༨། ཨང་གསུམ་པར་ཨ་སྒོར་ས་ཡ་ ༢༤ བཅས་རྩེད་འགྲན་གྱི་བྱ་དགའ་ཁོ་ནར་ཨ་སྒོར་ས་ཡ་ ༤༠༠ བཅས། རྩེད་འགྲན་ཧྲིལ་པོར་ཨུ་རུ་སུ་གཞུང་གིས་ཁྱོན་བསྡོམས་ཨ་སྒོར་ཐེར་འབུམ་ ༧༩༡ བཏང་ཡོད་པར་གྲགས། འགྲོ་གྲོན་དེ་ནི་ཕྱི་ལོ་ ༡༩༣༠ ལོར་འཛམ་གླིང་རྐང་སྤོལ་རྩེད་འགྲན་མགོ་བཙུགས་ནས་ད་ལྟའི་བར་གྱི་འགྲོ་སོང་ཆེ་ཤོས་དེ་ཆགས་ཡོད་འདུག

  ད་ལྟ་རྒྱལ་སྤྱིའི་སྐྱེས་པའི་རྐང་སྤོལ་འཚོག་པར་དུས་ཡུན་གང་ཙམ་ཞིག་ཡོད་ཀྱང་། རྩེད་རིགས་ཆེད་མཁས་པ་རྣམས་ཀྱིས། དྲ་ཐོག་སོགས་སུ་རྐང་རྩེད་དང་འབྲེལ་བའི་གནད་དོན་མང་པོ་ཞིག་དབྱེ་ཞིབ་དང་ཚ་གླེང་བྱེད་མུས་རེད། འོན་ཀྱང་། མཚམས་ལན་རེར་བསམ་པའི་ཡུལ་ལས་འདས་པའི་དོན་དངོས་རེའང་འབྱུང་གི་ཡོད་པ་རེད། དཔེར་ན། ཕྱི་ལོ་ ༢༠༡༨ ལོའི་རྩེད་འགྲན་སྐབས་སུ་ལྷོ་ཀི་རི་ཡ་དང་འཇར་མི་ནི་བར་གྱི་རྩེད་འགྲན་ལས་ལྷོ་ཀོ་རི་ཡར་རྣམ་པར་རྒྱལ་བ་དེས། ལྟད་མོ་བ་དང་རྩེད་རིགས་ཆེད་མཁས་པ་རྣམས་ཀྱིས་ཚོད་དཔག་གི་མཚམས་ལས་བརྒལ་ནས། ཚང་མའི་བློ་ཡུལ་དུ་གཤོང་དཀའ་བའི་གྲུབ་འབྲས་ཤིག་ཐོན་ཡོད་པ་རེད།

འདི་ལོར་ཁོ་ཊར་དུ་འཚོག་འཆར་ཡོད་པའི་རྩེད་འགྲན་ཁྲོད། རྩེད་རིགས་དབྱེ་ཞིབ་པ་མང་པོ་ཞིག་གིས། ཐོག་མའི་རྩེད་འགྲན་གྱི་རིམ་པ་དང་།   རྩེད་འགྲན་པ་རྣམས་ཀྱི་ནུས་རྩལ་དང་དྲག་འདེམས་ཀྱི་རིམ་པ། རུ་ཁག་གི་སྤྱི་ཡོངས་ཀྱི་རྩེད་འགྲན་པ་རྣམས་ལ་གཞིགས་ནས།  འདི་ལོའི་རྒྱལ་སྤྱིའི་ཧྥི་ཧྥ་གསེར་གྱི་རྟགས་མ་དེ། ཧྥ་རན་སི་ ( France )དང་། བྷི་རཱ་ཛིལ  (Brazil ) འཇར་མ་ནི( Germany) སི་པེན (Spain) ཨར་ཇིན་ཊི་ན( Argentina) དབྱིན་ཡུལ་གང་རུང་ཞིག་ལ་འཐོབ་རྒྱུའི་ཚོད་དཔག་བྱེད་ཀྱི་ཡོད་ཀྱང་། དེ་ནི་རྩེད་རིགས་ཆེད་མཁས་པ་རྣམས་ཀྱིས་ཐོག་མའི་ཚོད་དཔག་ཙམ་ལས། དོན་དངོས་ཀྱིས་ཐག་གཅོད་བྱ་ཁག་པོར་གྱུར་ཡོད་ཀྱང་། ལྟད་མོ་བ་ས་ཡ་མང་པོས་རང་རང་གི་རྒྱལ་ཁབ་དེ་རྩེད་འགྲན་ལས་རྣམ་པར་རྒྱལ་བར་ནུས་པ་ཡོད་རྒུ་རྩལ་སྤྲུགས་ཀྱིས་འབད་བརྩོན་བྱེད་བཞིན་པ་གདོན་མི་ཟའོ།། ད་དུང་རྐང་སྤོལ་རྩེད་མོས་མྱོས་བར་བྱས་པའི་ལྟད་མོ་བ་གྲངས་ལས་འདས་པ་ཞིག་གིས་འགྲོ་སོང་དང་ལམ་ཐག་གི་ངལ་བ་ཁྱད་དུ་བསད་དེ་ཡུལ་ལུང་ཆུང་ཆུང་དེའི་ནང་བསླེབ་ཐུབ་པར་འབད་ཀྱི་ཡོད་ངེས་རེད་ལ། ལྟད་མོ་བའི་ཀི་སྒྲ་དང་ཤུགས་སྒྲ། དགའ་སྤྲོའི་མཉམ་གླུ་སོགས་ནི་རྩེད་འགྲན་པར་ངར་ཤུགས་སློང་ཞིང་སྙིང་སྟོབས་རྒྱས་པའི་སྨན་མཆོག་ལྟ་བུ་ཞིག་ཅི་ལ་མིན།

འཛམ་གླིང་གི་རྩེད་འགྲན་འདི་ནི་རྐང་སྤོལ་བ་ཞིག་གི་མི་ཚེའི་གོ་སྐབས་ཡག་ཤོས་ཤིག་ཡིན་ཡང་། འདི་ལོར་ཆེས་ཕུལ་བྱུང་རྩེད་འགྲན་པ་ཁ་ཤས་ཀྱི་རུ་ཁག་རྣམས་མཐའ་མའི་རུ་ཁག་ ༣༢ ཀྱི་ནང་མ་ཚུད་པར་བརྟེན།  ཨི་ཊ་ལི ( Italy ) གྱི་རྩེད་འགྲན་པ་གྲགས་ཅན་( Jorginho) དང་སྒོ་ར་བ (Gianluigi Donnarumma) འདི་ལོའི་གསེར་གྱི་ལྷམ་ཀོག་ཐོབ་མཁན་ཨི་ཇིབ (  Egypt) ཀྱི་རྩེད་མོ་བ་གྲགས་ཅན་ (Mohamed Salah) དང་། ནོར་ཝེ་ཡི་ལོ་ཆུང་ཕུལ་བྱུང་རྩེད་མོ་བ་གྲགས་ཅན་(Erling Haaland) དབུས་ཡོ་རོབ་ཀྱི་( Slovenia) རྒྱལ་ཁབ་ཀྱི་འཛམ་གླིང་རྐང་རྩེད་སྤོལ་སྒོ་ར་བ་ཆེས་ཡག་ཤོས་ཀྱི་གྲས་སུ་ཡོད་པའི་ (Jan Oblak) བཅས་སོགས་ཀྱིས་མཉམ་ཞུགས་ཐུབ་མེད་ཅིང་།  འདི་ལོར་ཕྱི་ལོ ༢༠༡༨ ལོར་མཐའ་མའི་རྩེད་འགྲན་གྱི་ཁྲོད་ཚུད་པའི་ཨི་ཇིབ (  Egypt)དང་ཁོ་ལོམ་བྷི་ཡ( Colombia) ན་ཇི་རི་ཡ་( Nigeria) པཱ་ནཱ་མ་( Panama ) སུ་ཌན་( Sweden ) རྒྱལ་ཁབ་སོགས་མཐའ་མའི་རྩེད་འགྲན་དུ་ཚུད་མེད་ཀྱང་། ད་ལོར་༢༠༡༨ ལོའི་རྩེད་འགྲན་དུ་ཚུད་མེད་པའི་ཨི་ཁ་ཌོར( Ecuador) དང་། ཨ་རི། གྷ་ན( Ghana) ཁེ་མ་ན( Cameroon) ནེ་ཐར་ལན་ཊི ( Netherlands) རྒྱལ་ཁབ་སོགས་མཐའ་མའི་རྩེད་འགྲན་རུ་ཁག ༣༢ ནང་ཚུད་ཡོད་འདུག

 ད་ལྟ་རྒྱལ་སྤྱིའི་རྩེད་རིགས་གསར་ལམ་ཁག་ཏུ་སྤེལ་བའི་གནས་ཚུལ་ལྟར་ན། འདི་ལོའི་ཁོ་ཊར་གྱི་རྒྱལ་སྤྱིའི་རྐང་སྤོལ་འགྲན་ཚོགས་དེ་ནི། རྒྱལ་སྤྱིའི་རྐང་སྤོལ་རྩེད་མོའི་ཉེ་རབས་ལོ་རྒྱུས་ཁྲོད་དུ་རྐང་སྤོལ་རྒྱལ་སྲས་སུ་གྲགས་པའི་མེ་སི་( Lionel Messi  ) དང་རོ་ནལ་ཌོ ( Cristiano Ronaldo) གཉིས་ལོ་ཚད་ཀྱི་དབང་གིས་མཐའ་མའི་རྩེད་འགྲན་དེ་ཡིན་པའི་ཚོད་དཔག་བྱེད་ཀྱིན་འདུག་སྟབས། རྐང་སྤོལ་དང་འགྲོགས་པའི་ཁོང་གཉིས་ཀྱི་མི་ཚེ་དེ་ནི་དགའ་སྐྱོ་ཆགས་སྡང་ཁྲི་མ་འབུམ་གྱིས་བསྐྲུན་ཞིང་། སྙན་གྲགས་ཀྱི་རྩེ་མོར་སོན་པ་མ་ཟད། སྐྱོ་གདུང་གི་དམྱལ་བ་ལའང་ཐེངས་མང་སྐྱེས་ཡོད་ངེས། འདི་ལོ་ནི་ཁོང་གཉིས་ཀྱི་མི་ཚེའི་ནང་གི་ཧྥི་ཧྥ་རྩེད་འགྲན་གྱི་གོ་སྐབས་ཆེས་མཐའ་མ་དེ་ཡིན་པའི་ཚོད་དཔག་བྱེད་དུས། ཁོང་གཉིས་ཀྱི་ཚོར་བ་དེ་ངས་ཤེས་ཀྱི་མི་འདུག་ཀྱང་། ང་དང་ང་འདྲ་བའི་ལྟད་མོ་བ་ས་ཡ་མང་པོའི་སེམས་ལ་གས་ཆག་ཤོར་ཡོད་པ་ཐག་གིས་ཆོད། གང་ལྟར་རྐང་སྤོལ་གྱི་རྒྱལ་སྲས་རྣམ་གཉིས་ཚོགས་ར་གཅིག་ལ་མཉམ་དུ་འཛོམས་ཏེ་གསར་འགོད་པའི་དྲི་བར་ལན་འདེབས་བྱེད་སྐབས་ཤིག་ལ། རོ་ནལ་ཌོ་ཡིས་མེ་སི་ཡི་གདོང་ལ་ལྟ་བཞིན། ང་ཁོང་ལས་ལོ་ཆེ་བ་ཡིན་ཡང་། བལྟས་ཚོད་ལ་ང་གཞོན་ཉམས་ཆེ་བ་ཡོད་པ་མ་ཟད། ངའི་ལུས་སེམས་གཉིས་སྟོབས་ཤུགས་ཀྱིས་ཁེངས་ཡོད་ཅེས་ལབ་པ་དེར་བལྟས་ན། རོ་ནལ་ཌོ་ཡིས་ད་དུང་ཧྥི་ཧྥ་རྩེད་འགྲན་དུ་མ་ཞིག་ལ་མཉམ་ཞུགས་བྱ་རྒྱུའི་རྨི་ལམ་གཏོང་བཞིན་ཡོད་པ་འདྲ་ཡང་། མེ་སི་ནི་ད་དུང་ཡང་རྩེད་འགྲན་པ་དང་། རྩེད་རིགས་ཆེད་མཁས་པ་རྣམས་ཀྱི་མིག་ཟུང་ནས་ཡལ་མ་མྱོང་བའི་རྐང་སྤོལ་གྱི་རྒྱལ་སྲས་ཤིག་ཡིན་པར་སྨྲ་ཅི་ལ་དགོས།

 ཧྥི་ཧྥ་རྩེད་འགྲན་ཕྱི་ལོ ༡༩༣༠ ལོར་མགོ་བརྩམས་པ་ནས་བཟུང་ད་བར་གྱི་རྩེད་འགྲན་ནང་། བྷི་རཱ་ཛིལ  (Brazil ) གྱིས་གསེར་གྱི་རྟགས་མ་ཐེངས་ ༥ བཀྱགས་ཡོད་པ་དང་། འཇར་མ་ནི( Germany) དང་( Italy ) ཡིས་ཐེངས་ ༤ རེ། ཡུ་རུ་གྷེ་ཡ( Uruguary) ཧྥ་རན་སི། ཨར་ཇན་ཊི་ན་བཅས་ཀྱིས་ཐེངས་ ༢ རེར་བཀྱགས་ཡོད་ཅིང་། ཕྱི་ལོ ༢༠༢༦ ལོའི་རྒྱལ་སྤྱིའི་སྐྱེས་པའི་རྐང་རྩེད་སྤོ་ལོའི་འགྲན་ཚོགས་དེ་བྱང་ཨ་མི་རི་ཁའི་ཨ་རི་དང་། ཁེ་ན་ཊ། ཁེ་སི་ཁོ་(Mexico) གང་རུང་ཞིག་ཏུ་འཚོག་འཆར་ཡོད་པ་རེད་འདུག

འབྲེལ་ཡོད་གསར་འགྱུར།

Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

ཆུ་ཚོད་ ༡༨ སྔོན་ལ།
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

ཆུ་ཚོད་ ༡༩ སྔོན་ལ།
པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

ཆུ་ཚོད་ ༢༣ སྔོན་ལ།
Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

༢༠༢༦/༠༨/༡༢
Mobile App

ཁ་མཆུ་ཨང་ ༢༣ པའི་གཏན་འབེབས་ཀྱི་ཉན་ཞིབ་འཚོགས། 

༢༠༢༦/༠༨/༡༢
Mobile App

ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་ཀྱི་མ་འོངས་འགན་སྲུང་ཁྲིམས་འཆར་ངོ་སྤྲོད་གནང་།

༢༠༢༦/༠༨/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese