མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

༨༠ འཁྲུངས་སྐར་བསུ་ཞེས་པའི་ཚོགས་པ་བཙུགས་རྐྱེན་བོད་མི་བློ་ཚེ་འཛིན་བཟུང་བྱས།

བོད་ཀྱི་དུས་བབ།
༢༠༢༢/༠༧/༢༥
Share on FacebookShare on TwitterShare on EmailShare on Whatsapp

བོད་སེར་ཤུལ་རྫོང་ཁོངས་ཀྱི་བོད་མི་བློ་ཚེ་ཞེས་པ་ཞིག་གིས་“༨༠ འཁྲུངས་སྐར་བསུ”་ཞེས་པའི་སྐད་འཕྲིན་ཚོགས་པ་ཞིག་བཙུགས་པར་བརྟེན་ས་གནས་ཉེན་རྟོག་པས་འཛིན་བཟུང་བཙན་འཁྲིད་བྱས་ཡོད་འདུག

བོད་སེར་ཤུལ་རྫོང་ཁོངས་ནས་ཡིན་པའི་བློ་ཚེ། པར་བོད་ནས་འདི་གར་མཁོ་སྤྲོད་བྱས།

འདི་གར་བོད་ནས་ཁུངས་ལྡན་གནས་ཚུལ་འབྱོར་བ་ལྟར་ན། དེ་རིང་ཞོགས་པར་བོད་དཀར་མཛེས་ཁུལ་སེར་ཤུལ་རྫོང་འབུམ་རྙིང་དགོན་རུ་མ་ནས་བོད་མི་བློ་ཚེ་ཞེས་པ་ཞིག་འཛིན་བཟུང་བྱས་ཏེ། སེར་ཤུལ་རྫོང་ཐོག་ཏུ་བཙན་འཁྲིད་བྱས་ཡོད་པ་དང་། ཁོང་འཛིན་བཟུང་བྱེད་སྐབས་ཉེ་འགྲམ་གྱི་མི་མང་པོ་ཞིག་ལའང་འདྲི་རྩད་སོགས་བྱས་ཡོད་འདུག

གནས་ཚུལ་མཁོ་སྤྲོད་པས་བརྗོད་པ་ལྟར་ན། ཉིན་ཤས་གོང་དུ་བློ་ཚེ་ལགས་ཀྱིས་“༨༠ འཁྲུངས་སྐར་བསུ་”ཞེས་པའི་སྐད་འཕྲིན་ཚོགས་པ་ཞིག་གསར་འཛུགས་བྱས་སྟེ། ས་གནས་རང་དང་བོད་ཁུལ་གྱི་བླ་ཆེན་རྣམ་པའི་འཁྲུངས་སྐར་སྲུང་གཙི་ཞུ་ས་ཞིག་བཟོས་པར་བརྟེན། ས་གནས་ཉེན་རྟོག་ལས་ཁུངས་ཀྱི་ལས་བྱེད་འགའ་བློ་ཚེ་ལགས་ཀྱི་ཁྱིམ་དུ་ཡོང་ཏེ། ཁྱེད་རང་གིས་ཚོགས་པ་དེ་འདྲ་གསར་འཛུགས་བྱས་པ་རྒྱལ་ཁབ་ཀྱི་ཁྲིམས་དང་འགལ་ཡིན་པ་དང་། ཚོགས་པ་དེ་འདྲ་འཛུགས་པར་ཐོག་མར་ས་གནས་ཉེན་རྟོག་ལས་ཁུངས་སུ་ཐོ་འགོད་བྱེད་དགོས་ཀྱང་ཁྲིམས་ལ་སྣང་མེད་བཏང་ནས་ཚོགས་པ་བཙུགས་ཡོད་སྐོར་ཉེས་འཛུགས་བྱས་ཡོད་འདུག

བོད་མི་བློ་ཚེ་ལགས་ནི་ད་ལྟ་རང་ལོ་ ༥༧ ཙམ་ཡིན་ཞིང་། ཁོང་གི་བཟའ་ཟླ་སྔོན་མ་ནས་འདས་གྲོངས་སུ་ཕྱིན་ཡོད་པ་དང་། ཁོང་གཉིས་ལ་བུ་གཉིས་ཡོད་འདུག  ཁོང་གིས་བཙུགས་པའི་“༨༠ འཁྲུངས་སྐར་བསུ་ཞེས་པའི་སྐད་འཕྲིན་ཚོགས་པ་དེའི་ནང་བོད་ཡུལ་གང་ས་ནས་བོད་མི་ ༡༠༠ ལྷག་ནང་འཇུག་བྱས་ཡོད་འདུག

བོད་ཀྱི་དུས་བབ་གསར་ཁང་ནས་སྤེལ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist