མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་གྱི་སྲིད་འཛིན་གཞོན་པ་གསར་འདེམས་བྱུང་བར་འཚམས་འདྲི་མཛད།

བོད་ཀྱི་དུས་བབ།
༢༠༢༢/༠༨/༠༨
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ནུབ་བྷེང་གྷལ་གྱི་སྲིད་སྐྱོང་ཟུར་པ་སྐུ་ཞབས་ཇག་དྷིབ་ཌན་ཀར་( Jagdeep Dhankhar )མཆོག་རྒྱ་གར་གྱི་སྲིད་འཛིན་གཞོན་པར་བདམས་ཐོན་བྱུང་བར་འཚམས་འདྲི་མཛད་འདུག

ཟླ་འདིའི་ཕྱི་ཚེས  ༦ ཉིན་ནུབ་བྷེང་གྷལ་གྱི་སྲིད་སྐྱོང་ཟུར་པ་སྐུ་ཞབས་ཇག་དྷིབ་ཌན་ཀར་ ( Jagdeep Dhankhar ) མཆོག་རྒྱ་གར་གྱི་སྲིད་འཛིན་གཞོན་པ་སྐབས་ ༡༤ པར་བདམས་ཐོན་བྱུང་ཡོད་པ་ལྟར། དེ་རིང་༧གོང་ས་རྒྱལ་བ་རིན་པོ་མཆོག་ནས་འཚམས་འདྲིའི་གསུང་འཕྲིན་སྩལ་ཏེ། ཇག་དྷིབ་ཌན་ཀར་མཆོག་གི་དུས་ཡུན་རིང་པོའི་ཉམས་མྱོང་བརྒྱུད་མ་འོངས་པར་ཁོང་གིས་རྒྱ་གར་གཞུང་དམངས་གཉིས་སུ་གྲུབ་འབྲས་ལྡན་པའི་སྲི་ཞུ་བསྒྲུབ་ཐུབ་པའི་ཡིད་ཆེས་ཡོད་སྐོར་གསུངས་འདུག

དེ་ཡང་༧རྒྱལ་བ་རིན་པོ་མཆོག་གིས། རྒྱ་གར་གྱིས་ཚན་རིག་དང་འཕྲུལ་རིག་སོགས་ཀྱི་ཐོག་ལ་གོམ་པ་ཆེན་པོ་སྤོས་ཡོད།  ངོས་རང་གི་མི་ཚེའི་དུས་ཡུན་མང་ཆེ་བ་ཞིག་རྒྱ་གར་དུ་བསྐྱལ་ཡོད་སྟབས། ངོས་རང་རྒྱ་གར་གྱི་སྤྱི་ཚོགས་ཀྱི་ཁོངས་སུ་གཏོགས་མཁན་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། ངོས་ནས་ཁྱེད་ཀྱིས་རྒྱ་གར་རང་བཙན་ཐོབ་པའི་ཉིན་མོ་ཐེངས་ ༧༥ པ་དང་བསྟུན་ལས་ཁུར་བྱ་རྒྱུ་ཡིན་པར་རྟེན་འབྲེལ་ཞུ། རྒྱ་གར་ནི་འགྲོ་བ་མིའི་རིགས་ཀྱི་ཐོབ་ཐང་གོང་མཐོར་གཏོང་བར་ཕན་འབྲས་ཆེན་པོ་ཡོད་པའི་འཚེ་བ་མེད་པ་( Ahimsa) དང་བྱམས་སྙིང་རྗེ་( karuna) གཉིས་ཀྱི་ཁྱིམ་གཞིས་ལྟ་བུ་ཞིག་ཡིན་པ་རེད། བདག་ཉིད་ཆེན་པོ་གྷན་དྷི་མཆོག་གིས་འཚེ་མེད་ཞི་བདེའི་ལྟ་གྲུབ་གོ་ལ་ཡོངས་སུ་དར་ཁྱབ་མཛད།  མར་ཊིན་ལུ་ཐར་ཀིང་( Martin Luther King) ནས་ནེལ་སན་མན་ཌེ་ལཱ་( Nelson Mandela ) བར་འཚེ་བ་མེད་པ་ལག་ལེན་དུ་གཞོལ་ནས། སྤྱི་ཚོགས་ཀྱི་དབྱེ་འབྱེད་དང་དཀའ་རྙོག་དེ་དག་སེལ་ཐབས་ཡུན་རིང་གནང་སྟབས། ངོས་རང་གིས་རྒྱ་གར་གྱི་གཅེན་གཅུང་ཕོ་མོ་ཡོངས་གཙོ་བོར་གྱུར་བའི་འཛམ་གླིང་ཡོངས་སུ་བྱམས་བརྩེའི་ནུས་སྟོབས་སྐོར་ལ་གོ་རྟོགས་སྤེལ་རྒྱུའི་དམ་བཅའ་བཞག་ཡོད།  ཅེས་གསུངས་འདུག

ཡང་མགོན་པོ་མཆོག་གིས། ངོས་རང་གནའ་བོའི་རྒྱ་གར་ནི་སེམས་དང་སྲོག དེ་བཞིན་སྲོལ་རྒྱུན་གྱི་ཐབས་ལམ་སྤྱད་དེ། འདི་ཕྱི་གཉིས་ལ་ཕན་པའི་སྒོམ་དང་ཡོ་ག་བཅས་མིའི་རིགས་ཀྱི་ལུས་སེམས་སྦྱོང་བརྡར་བྱེད་པའི་ཤེས་རིག་གི་འབྱུང་ཁུངས་ཤིག་ཡིན་པར་སྤོབས་སེམས་སྐྱེ་ཡི་ཡོད་ལ། དེང་གི་ཆར་རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་རྒྱ་གར་གྱི་ཞི་བདེ་དང་འགྲོ་བ་མིའི་རིགས་ཀྱི་ཐོབ་ཐང་གོང་མཐོར་གཏོང་བར་ཞབས་འདེགས་སྒྲུབ་ཀྱིན་ཡོད་པར་ཤེས་རྟོགས་འབྱུང་གི་ཡོད་པ་དང་། སྐུ་ཉིད་ཀྱིས་དུས་ཡུན་རིང་པོར་སྤྱི་ཚོགས་ཞབས་ཞུ་བསྒྲུབ་པའི་ཉམས་མྱོང་ལ་གཞིགས་ནས། ངོས་རང་ནས་ཁྱེད་ཀྱི་རྒྱ་གར་གཞུང་དམངས་གཉིས་སུ་གྲུབ་འབྲས་ལྡན་པའི་ངང་ནས་སྲི་ཞུ་བསྒྲུབ་རྒྱུའི་ཡིད་ཆེས་ཡོད། ཅེས་གསུངས་འདུག

གཞན་ཡང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་འཚམས་འདྲི་གནང་བའི་ནང་། རྒྱ་གར་གཞུང་མང་གཉིས་ནས་ད་བར་བོད་ཀྱི་འཚེ་མེད་ཞི་བའི་འཐབ་རྩོད་དང་། བོད་མིར་རྒྱབ་སྐྱོར་ཤུགས་ཆེ་གནང་བར་བཀྲིན་ཆེ། རྒྱ་གར་ནི་བོད་མིའི་ཁྱིམ་གཞིས་གཉིས་པར་གྱུར་ཡོད་སྟབས། ང་ཚོས་རྒྱ་གར་གཞུང་མང་གཉིས་ཀྱིས་བོད་མི་རྣམས་ལ་རྒྱབ་སྐྱོར་གནང་བར་བཀྲིན་ཆེ་ཞུ། ཁྱེད་ཀྱིས་རྒྱ་གར་མི་མང་གི་མངོན་འདོད་བཞིན་ལས་དོན་སྒྲུབ་ཐུབ་པ་དང་། མ་འོངས་པའི་བྱ་གཞག་ལམ་ལྷོངས་ཡོང་བའི་སྨོན་འདུན་ཞུ། ཁྱེད་ཀྱི་ཤེས་ཡོན་དང་ཉམས་མྱོང་དེ་དག་རྒྱ་གར་གཞུང་ལ་ཕན་ཐོགས་ཆེན་པོ་ཡོད་པའི་ཡིད་ཆེས་བྱེད་ཀྱི་ཡོད། ཅེས་གསུངས་འདུག

དགུང་ལོ་ ༧༡ ཡིན་པའི་སྐུ་ཞབས་ཇག་དྷིབ་ཌན་ཀར་( Jagdeep Dhankhar ) མཆོག་ནི་བྷི་ཇི་པི་སྲིད་དོན་ཚོགས་པའི་ཚོགས་མི་ཞིག་ཡིན་ཞིང་། ཕྱི་ལོ་ ༡༩༨༩ ནས་ ༡༩༩༡ བར་གྲོས་ཚོགས་འོག་མའི་ར་ཇི་སི་ཐན་མངའ་སྡེའི་འཐུས་མི་དང་མངའ་སྡེའི་ཁྲིམས་བཟོ་ལྷན་ཚོགས་ཀྱི་འཐུས་མི་གནང་མྱོང་ཡོད་པ་དང་། དེ་བཞིན་ཕྱི་ལོ་ ༢༠༡༩ ནས་ ༢༠༢༢ བར་དུ་ནུབ་བྷང་གྷལ་གྱི་སྲིད་སྐྱོང་གི་ཐུགས་འགན་སོགས་བཞེས་ཡོད་འདུག 

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་གསུམ་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༩།༡༨
Mobile App

སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་གཉིས་ཟགས་པ་དང་གཅིག་སྤྱི་མོས་གཏན་འབེབས་བྱུང་། 

ཆུ་ཚོད་ ༢༡ སྔོན་ལ།
ཕྱི་སྲིད་ལྷན་ཁང་གི་པར།
གསར་འགྱུར།

ཊོམ་དང་ཞི་གཉིས་ཀྱི་མཇལ་འཕྲད་སྐབས་གླེང་སློང་བྱེད་སྲིད་པའི་གནད་དོན་བཅུ།

ཆུ་ཚོད་ ༢༣ སྔོན་ལ།
Anthropic-threat-intelligence-report-september-2026
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་བརྒལ་བའི་དྲ་རྒྱའི་དྲག་གནོན་ལག་བསྟར་བྱེད་བཞིན་འདུག

ཆུ་ཚོད་ ༢༣ སྔོན་ལ།
ནང་སྲིད་ལས་ཁུངས་ཀྱི་ལས་སྡོམ་སྙན་སྒྲོན་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

རྩིས་ལོ་ ༢༠༢༥-༢༠༢༦ ནང་རུབ་སྡོད་གཞིས་ཁང་གསར་རྒྱག་ཁྲོད་དེབ་བཀོད་ཟིན་པའི་ཁྱིམ་ཚང་གྲངས་ ༢༠༢༥ བྱུང་འདུག 

༢༠༢༦/༠༩/༡༧
དྲ་ལམ་གྱི་པར།
Mobile App

བོད་རྔ་བ་ཁུལ་མའོ་རྫོང་དུ་ས་རུད་ཀྱི་དོན་རྐྱེན་བྱུང་།

༢༠༢༦/༠༩/༡༧
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གིས་སྲིད་བློན་མུ་དྷི་མཆོག་གི་འཁྲུངས་སྐར་ལ་འཚམས་འདྲི་མཛད།

༢༠༢༦/༠༩/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese