མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁེ་ན་ཌ་རྒྱལ་ཡོངས་ནང་བོད་དོན་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ།

བོད་ཀྱི་དུས་བབ།
༢༠༢༢/༠༨/༡༧
Share on FacebookShare on TwitterShare on EmailShare on Whatsapp

བོད་དོན་ལས་འགུལ་བ་སངས་རྒྱས་སྐྱབས་ལགས་ཀྱིས་བོད་དོན་འབོད་སྐུལ་དོན་ཚན་ལྔ་བཏོན་ནས་ཁེ་ན་ཌ་རྒྱལ་ཡོངས་སུ་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་སྤེལ་མགོ་བཙུགས་གནང་།                                                                                  བོད་དོན་ལས་འགུལ་བ་སངས་རྒྱས་སྐྱབས།

ཟླ་འདིའི་ཕྱི་ཚེས་༡༦ ཉིན་བོད་དོན་ལས་འགུལ་བ་སངས་རྒྱས་སྐྱབས་ལགས་ཀྱིས་དོན་ཚན་ལྔའི་འོག་ན། ཁེ་ན་ཌའི་ཝེན་ཁུའུ་ཝར་དུ་ (vencouver)ས་གནས་ནས་མགོ་བཙུགས་ཏེ། ཁེ་ན་ཌ་རྒྱལ་ཡོངས་སུ་བོད་ནང་གི་གནས་སྟངས་དྲིལ་བསྒྲགས་དང་། རྒྱལ་སྤྱིའི་ཚོགས་སྡེ་ཁག་ཏུ་བོད་དོན་འབོད་སྐུལ་ཞུ་རྒྱུའི་བོད་དོན་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་མགོ་བཙུགས་གནང་སོང་ལ། བོད་རིགས་གཞོན་སྐྱེས་སྟོབས་ལྡན་ལགས་ཀྱིས་ཀྱང་ཁེ་ན་ཌའི་ཁཱ་ཀར་(Calgary ) བར་དུ་སངས་རྒྱས་སྐྱབས་ལགས་དང་མཉམ་དུ་ལས་འགུལ་སྤེལ་རྒྱུ་ཡིན་འདུག

དེའི་ཐད་ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་སངས་རྒྱས་སྐྱབས་ལགས་ཀྱིས་དྲ་ལམ་བརྒྱུད། འདི་ལོའི་༧གོང་ས་མཆོག་གི་འཁྲུངས་སྐར་ཉིན་མོར། ངའི་ཞི་བའི་གོམ་བགྲོད་གསུམ་པ་མཇུག་སྒྲིལ་བ་དང་། ཁེ་ན་ཌའི་རྒྱལ་ཡོངས་སུ་རྐང་འཁོར་སྐོར་སྐྱོད་ལས་འགུལ་སྤེལ་རྒྱུ་ཡིན་པའི་གསལ་བསྒྲགས་བྱས་པ་ཡིན། ལས་འགུལ་འདི་སྤེལ་དགོས་དོན་གཙོ་བོ་ནི་༧གོང་ས་ཡིད་བཞིན་ནོར་བུ་མཆོག་བོད་དུ་ཕེབས་པ་དང་། བོད་མི་ས་ཡ་དྲུག་གི་དཀའ་ངལ་རྣམས་གོ་རྟོགས་སྤེལ་ཆེད། དེ་བཞིན་ཐེངས་འདིའི་རྐང་འཁོར་སྐོར་སྐྱོད་ནི་ཁེ་ན་ཌའི་མངའ་སྡེ་བཅུ་དང་རང་སྐྱོང་ས་ཁུལ་གསུམ་བརྒྱུད་ནས་ལས་འགུལ་སྤེལ་རྒྱུ་ཡིན། ཁེ་ན་ཌ་ནི་འཛམ་གླིང་གི་རྒྱལ་ཁབ་ཆེ་ཤོས་གཉིས་པ་ཡིན་ཡང་།  ཐེངས་འདིར་ཁེ་ན་ཌའི་གྲོང་ཁྱེར་དང་གྲོང་གསེབ་སོགས་ས་ཆ་གང་དུ་སླེབས་ཀྱང་། རྒྱ་ནག་གཞུང་གིས་བོད་ནང་དུ་སྡུག་རྩུབ་ག་འདྲ་གཏོང་བཞིན་ཡོད་པར་ཁྱབ་བསྒྲགས་བྱ་རྒྱུ་ཡིན། ཞེས་འགྲེལ་བརྗོད་བྱས་སོང་།

ཡང་ཁོང་གིས། རང་ཉིད་བོད་མི་ཞིག་ཡིན་པའི་ཆ་ནས་བོད་ཀྱི་རྩ་དོན་གྱི་ཆེད་དུ་ལས་འགུལ་རབ་དང་རིམ་པ་སྤེལ་བཞིན་ཡོད་ལ། བོད་ནང་གི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོས་བོད་ཀྱི་བསྟན་པ་ཆབ་སྲིད་ཀྱི་ཆེད་དུ་རང་ལུས་མེར་བསྲེགས་པའི་རླབས་ཆེན་གྱི་མཛད་རྗེས་རྣམས་རྒྱལ་སྤྱིའི་སྟེང་དུ་དྲིལ་བསྒྲགས་བྱ་རྒྱུ་ནི་ང་ཚོའི་འོས་འགན་ཡིན་པར་དྲན་པའི་ཐོག་ནས་ལས་འགུལ་སྤེལ་བཞིན་ཡོད། ཐེངས་འདིའི་རྐང་འཁོར་སྐོར་སྐྱོད་ལས་འགུལ་ནི་ཝན་ཁུའུ་ཝར་ས་གནས་ནས་མགོ་བཙུགས་ཀྱིས་བོད་དོན་དྲིལ་བསྒྲགས་བྱ་རྒྱུ་དང་།  རྒྱ་ནག་གིས་བོད་ལ་ཁྲིམས་འགལ་གྱིས་བཙན་འཛུལ་བྱེད་པའི་གནས་སྟངས་སོགས་འགྲེལ་བརྗོད་བྱ་རྒྱུ་ཡིན་སྐོར་དང་། ཁོང་གིས། ལམ་ཁར་རྐང་འཁོར་བཏང་ནས་ཤི་སོང་ནའང་སྐྱོན་མི་འདུག ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་བོད་མི་ས་ཡ་དྲུག་ང་རང་གི་སེམས་སུ་བཟུང་ནས་འགྲོ་ཡི་ཡོད། ལག་ཏུ་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་ཡོད། ཤི་སོང་ནའང་དཔེ་སྐྱིད་པོ་ཡོད་སྐོར་འགྲེལ་བྱས་བརྗོད་བྱས་སོང་།

སངས་རྒྱས་སྐྱབས་ལགས་ཀྱིས་ཕྱི་ལོ་༢༠༡༨ ནས་བཟུང་རེས་གཟའ་ལྷག་པ་རྟག་པར་ཁེ་ན་ཌའི་ཊོ་རོན་ཊོའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་ཐང་དུ་ངོ་རྒོལ་ལས་འགུལ་སྤེལ་གྱིན་ཡོད་ཅིང་། ཁོང་གིས་ ཕྱི་ལོ་༢༠༢༠ ནས་འདི་ལོའི་ཕྱི་ཟླ་༨ བར་དུ་ཞི་བའི་གོམ་བགྲོད་ཐེངས་༣ བྱས་ཏེ་རྒྱལ་སྤྱིའི་ཚོགས་སྡེ་ཁག་ཏུ་བོད་དོན་འབོད་སྐུལ་བྱས་པ་མ་ཟད། ཐེངས་འདིའི་ཁེ་ན་ཌ་རྒྱལ་ཡོངས་བོད་དོན་རྐང་འཁོར་སྐོར་སྐྱོད་ལས་འགུལ་ཟླ་བ་གསུམ་རིང་ལེགས་འགྲུབ་ཡོང་རྒྱུ་འཆར་གཞི་འདུག་ལ། ཐེངས་འདིའི་སྐོར་སྐྱོད་ལས་འགུལ་མཇུག་རྫོགས་མཚམས་སུ་མུ་མཐུད་ནས་བོད་དོན་ལས་འགུལ་རབ་དང་རིམ་པ་སྤེལ་བའི་འཆར་གཞི་ཡོད་འདུག

བྱམས་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

TTTT
Mobile App

རྒྱ་ནག་གཞུང་གིས་བོད་མིའི་ནང་ཁུལ་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་ཐབས་སྔར་ལྷག་བྱེད་བཞིན་འདུག

ཆུ་ཚོད་ ༤ སྔོན་ལ།
TTTT
Mobile App

ལ་སྐོར་ལུང་སྐོར་བྱས་ནས་ཨ་རིའི་རོགས་དངུལ་ཨ་སྒོར་ས་ཡ་བདུན་སླར་གསོ་ཐུབ།

ཆུ་ཚོད་ ༤ སྔོན་ལ།
TTT
Mobile App

གདོང་ཐོག་ཚེ་རིང་ལགས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་དྲུང་གཞོན་ལས་རོགས་སུ་བསྐོ་གཞག་གནང་།

ཆུ་ཚོད་ ༥ སྔོན་ལ།
སྲིད་སྐྱོང་དང་དཔལ་འབྱོར་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༣།༡༥
Mobile App

རྩིས་ལོ་ ༢༠༢༦ ་་་ ༢༠༢༧ ལོར་སྔོན་རྩིས་ཧིན་སྒོར་ས་ཡ་ ༣༤༠༧།༤༢ འཆར་འབུལ་ཞུས་འདུག 

༢༠༢༦/༠༣/༡༦
སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༡ པ་འཚོག་བཞིན་པ། ༢༠༢༦།༣།༡༦ བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་བདུན་པའི་སྔོན་རྩིས་གྲོས་ཚོགས་འཚོག་མགོ་བཙུགས།

༢༠༢༦/༠༣/༡༦
བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་མཉམ་འདུས་ཚོགས་སྡེའི་ཚོགས་ཆེན་ཐེངས་གསུམ་པ་འཚོགས། ༢༠༢༦།༣།༡༣ དུས་བབ་ཀྱི་པར།
Mobile App

སྟོབས་དང་ནུས་པ་གང་ཡོད་པ་ངོས་བཟུང་ནས་ང་ཚོའི་ཞན་ཆ་ཉུང་དུ་གཏོང་དགོས་ཞེས་གསུངས།

༢༠༢༦/༠༣/༡༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese