མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་རིག་གཞུང་ནང་ཡོད་པའི་ཞིབ་འཇུག་བྱེད་ཐབས་དང་ནུབ་ཕྱོགས་པའི་དཔྱད་ཐབས་གཉིས་ཟུང་འབྲེལ་བྱ་རྒྱུ་གལ་ཆེན་པོ་རེད།

བོད་ཀྱི་དུས་བབ།
༢༠༢༢/༠༨/༢༣
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བརྒྱད་པའི་ཐོག་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་འགན་འཛིན་མཁན་པོ་འཇུ་བསྟན་སྐྱོང་ལགས་ཀྱིས་ཞེན་ཁོག་གཅིག་པུས་མི་རིགས་ཤིག་སྐྱོང་མི་ཐུབ་པས་བོད་ཀྱི་ཉམས་ཞིབ་པ་ཚོས་བོད་ཀྱི་རིག་གཞུང་ཆེ་ཕྲ་ཆུང་གསུམ་ལའང་སློབ་སྦྱོང་བྱ་རྒྱུ་གལ་ཆེན་པོ་ཡིན་སྐོར་གསུངས་སོང་།

བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བརྒྱད་པ་སཱ་ར་མཐོ་སློབ་ཏུ་འཚོག་བཞིན་པ། ༢༠༢༢།༠༨།༢༣ ནས་ ༢༥ བར། དུས་བབ་ཀྱི་པར།

དེ་རིང་བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག ས་རཱ་མཐོ་རིམ་སློབ་གཉེར་ཁང་དུ་ཉིན་གྲངས་གསུམ་རིང་བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བརྒྱད་པ་མགོ་འཛུགས་བྱས་ཡོད་ཅིང་། འདི་ལོའི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་དེར་གཏམ་བཤད་བྱེད་མཁན་ན་གཞོན་ཉམས་ཞིབ་པ་ ༢༤ དང་ཟུར་ཉན་པ་བཅས་བསླེབས་འདུག  མཛད་སྒོའི་ཐོག་བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་འགན་འཛིན་གཞོན་པ་ཀུན་དགའ་རྒྱལ་མཚན་ལགས་ཀྱིས། ད་བར་བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་གོ་སྒྲིག་གི་འོག་ནས། བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་ ༧ འཚོགས་ཟིན་ཡོད་ཅིང་། བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་ཐོག་མ་འཛུགས་དུས་ནས་ཉམས་ཞིབ་ཀྱི་དགོངས་པ་རྣམས་བཀའ་ཤག་ལ་དབུལ་རྒྱུ་དང་།  བོད་ཀྱི་ན་གཞོན་ཉམས་ཞིབ་པ་རྣམས་ཀྱི་ཉམས་ཞིབ་རྩོམ་ཡིག་རྣམས་རྒྱལ་སྤྱིའི་སྡིངས་ཆར་སྤུངས་འཇོག་བྱེད་སའི་ཤེས་ལྡན་པའི་ལྟེ་གནས་ཤིག་ཡིན་པ་རེད། འདི་ལོའི་བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་དུ་ཐོག་མའི་སྙན་ཞུ་འབུལ་མཁན་ ༥༤ བྱུང་བ་ལས་དཔྱད་རྩོམ་གྱི་སྙིང་དོན་གཞིར་བཞག་གི་ཐོག་ནས་མི་གྲངས་ ༣༡ བདམས་ཡོད་ཀྱང་། འདི་ལོར་ཏཱ་ལའི་བླ་མ་མཐོ་སློབ་ཀྱི་ཞིབ་འཇུག་སློབ་མ་ ༦ གིས་མཉམ་ཞུགས་བྱེད་ཐུབ་མེད་སྐོར་བརྗོད་སོང་།

བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་འབྲེལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་ཀྱིས། དེ་རིང་འདིར་ཕེབས་པའི་ཉམས་ཞིབ་པ་རྣམས་ཀྱིས་བོད་ཀྱི་ཆོས་རིག་དང་སྐད་ཡིག ཁོར་ཡུག་སོགས་ཀྱི་ཐད་ལ་ཉམས་ཞིབ་གནང་མུས་ཡིན་ཡང་། ང་ཚོ་ནི་རང་ཡུལ་རྒྱ་ལག་ཏུ་ཤོར་ནས་བཙན་བྱོལ་དུ་གྱར་བ་ཞིག་ཡིན་དུས། བོད་ཀྱི་རྩ་དོན་ཐོག་ཏུ་ཉམས་ཞིབ་བྱ་རྒྱུ་གཙོ་བོར་གཟུང་དགོས་པ་དང་། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཚོགས་སྡེ་ཁག་དང་ཐ་ན་གྲོང་ཁྱེར་ཆུང་ཆུང་དེ་དག་གི་ནང་དུའང་སིམ་འཛུལ་བྱས་ཏེ། ཐབས་ཤེས་གང་ཡོད་ཀྱིས་བོད་ཀྱི་སྐད་ཡིག་དང་། ཆོས་རིག ལོ་རྒྱུས་སོགས་ཀྱི་ཐོག་ཏུ་འཁྱོག་བཤད་དང་རྫུན་གཏམ་སྒྲོག་མུས་ཡིན་པས། བོད་ཀྱི་ཉམས་ཞིབ་པ་རྣམས་ཀྱིས་རང་རང་གི་བརྗོད་གཞི་འདྲ་མིན་གྱི་ཐོག་ཏུ་ཉམས་ཞིབ་གནང་གི་ཡོད་ཀྱང་། གཙོ་བོ་བོད་མི་རིགས་ཀྱི་རྩ་དོན་དེ་དཀྱིལ་དབུས་སུ་འཇོག་གལ་ཆེན་པོ་ཡིན་པ་དང་། རྒྱ་ནག་གཞུང་གིས་བོད་ཀྱི་ལོ་རྒྱུས་སོགས་ལ་འཁྱོག་བཤད་བྱས་པར། དངོས་ཡོད་དང་བདེན་པའི་ལམ་ནས་བོད་ཀྱི་དངོས་ཡོད་ཀྱི་གནས་སྟངས་བཤད་ནས་རྒྱ་ནག་གཞུང་གི་རྫུན་གཏམ་དང་འཁྱོག་བཤད་བྱས་པར་ཉམས་ཞིབ་ཀྱི་ལམ་ནས་ཁ་གཏད་གཅོག་དགོས་སྐོར་གསུངས་སོང་། 

བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བརྒྱད་པའི་ཐོག་ཕྱི་འབྲེལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་ནས་གསུང་བཤད་གནང་། ༢༠༢༢།༠༨།༢༣། དུས་བབ་ཀྱི་པར།

སྐུ་མགྲོན་གཙོ་བོ་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་འགན་འཛིན་དང་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་མཁན་པོ་འཇུ་བསྟན་སྐྱོང་ལགས་ཀྱིས། འདིར་རྣམ་པ་ཚོས་ཉིན་གཉིས་གསུམ་རིང་ལ་ཞིབ་འཇུག་བྱས་པའི་གྲུབ་དོན་དེ། གཅིག་བྱས་ན་ལོ་མང་པོར་ཞིབ་འཇུག་བྱས་ཡོད་རྒྱུ་རེད། གཅིག་བྱས་ན་ལོ་གཅིག་གཉིས་ལ་ཞིབ་འཇུག་བྱས་ཡིན་རྒྱུ་རེད། མཁས་པ་ཁ་ཤས་ཀྱིས་དུས་ཚོད་ཐུང་ཐུང་ནང་དུ་ཞིབ་འཇུག་གི་གྲུབ་དོན་རྙེད་པ་དེ་འདྲ་ཡོད་རྒྱུ་རེད། བྱས་ཚང་རྣམ་པ་ཚོས་རྣམ་དཔྱོད་ལས་གྲུབ་པའི་རྙེད་དོན་ཞིག་མཁས་པ་རྣམས་མཉམ་དུ་འཛོམས་ནས་ཤེས་རབ་ཀྱི་འགྲེམས་སྟོན་བྱ་རྒྱུའི་དུས་ཚོད་ཁྱད་པར་ཅན་ཞིག་ཡིན་པ་རེད། སྤྱིར་ཞིབ་འཇུག་ནི་ཤེས་རབ་ཀྱིས་དཔྱད་པ་བྱས་ནས་བདེན་དོན་བཙལ་རྒྱུའི་གནད་དོན་ཞིག་ཡིན་པ་རེད། དེར་ཐབས་ལམ་དང་རིག་པའི་རྣམ་གཞག་མི་འདྲ་བ་མང་པོ་ཞིག་ཏན་ཏན་ཡོད་རེད་བསམ་གྱི་ཡོད། ལྷག་པར་དེང་དུས་སམ་ནུབ་ཕྱོགས་པའི་དཔྱད་ཐབས་ཀྱི་རིག་པའམ་ཞིབ་འཇུག་བྱ་རྒྱུའི་ཐབས་ལམ་མང་པོ་ཞིག་བེད་སྤྱོད་གཏོང་གི་ཡོད་རེད་བསམ། དེ་ཧ་ཅང་ཡག་པོ་རེད། ངས་དེ་ཡག་པོ་མ་རེད་ཅེས་ལབ་ཀྱི་མེད། འོན་ཀྱང་། ང་ཚོས་དེའི་ཞོར་དུ་བོད་ཀྱི་ཞིབ་འཇུག་བྱེད་པའི་རིག་པ་ག་རེ་ག་རེ་ཡོད་རེད། ཐབས་ལམ་ག་རེ་ག་རེ་ཡོད་རེད།  དེ་ལ་ཕྱིར་མིག་ཅིག་བལྟ་རྒྱུ་ནི་གལ་ཆེན་པོ་རེད་བསམ་གྱི་འདུག གལ་ཏེ་ང་ཚོས་སོ་སོ་ལ་ཕྱིར་མིག་ཅིག་མ་བལྟས་པར། གཞན་པར་བལྟ་རྒྱུ་མང་དྲགས་ནས་སོ་སོའི་རིག་གཞུང་དང་རིན་ཐང་མ་ཚོར་བ་བྱས་ནས་གཉའ་ཆག་རྒྱུ་དང་། སོ་སོར་ཅི་ཡང་མེད་པ། སོ་སོ་བོད་པ་ཡིན་ལབ་རྒྱུར་ངོ་ཚ་དགོས་པའི་ཉེན་ཁ་ཏན་ཏན་ཡོད་རྒྱུ་རེད་བསམ་གྱི་ཡོད། བོད་པ་ཚོས་སོ་སོའི་རིན་ཐང་ཞིག་མཐོང་དགོས་རེད་མ་གཏོགས། ངས་ནམ་ཡང་ཞེན་ཁོག་གཅིག་པུས་མི་རིགས་ཞིག་སྐྱོབ་ཐུབ་ཀྱི་མ་རེད་བསམ་གྱི་འདུག དེའི་ཕྱིར་ཞིབ་འཇུག་བྱེད་མཁན་ཚོས་ཀྱང་ཞིབ་འཇུག་བྱེད་ཆེད་ཀྱི་ཐབས་ལམ་གཅིག་པུའི་སྒང་ལ་བསམ་བློ་བཏང་ཡོང་ན། བོད་ཀྱི་གཞུང་ལུགས་ཆེ་ཕྲ་ཆུང་གསུམ་གྱི་ནང་ལ་ཞིབ་འཇུག་བྱ་རྒྱུའི་ཐབས་ལམ་ག་རེ་བསྟན་ཡོད་པར་བལྟ་རྒྱུ་གལ་ཆེན་པོ་ཡིན་པ་རེད། ཅེས་གསུངས་སོང་།

བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བརྒྱད་པ་སཱ་ར་མཐོ་སློབ་ཏུ་འཚོག་བཞིན་པ། ༢༠༢༢།༠༨།༢༣ ནས་ ༢༥ བར། དུས་བབ་ཀྱི་པར།

ཡང་ཁོང་གིས། བོད་ཀྱི་ན་གཞོན་ཞིབ་འཇུག་པ་རྣམས་ཀྱིས་བོད་ཀྱི་ཆོས་རིག་གི་གཞུང་ལུགས་ཆེ་ཁག་ལ་ལྟ་ཀློག་མང་ཙམ་བྱས་ཏེ། མཐོང་རྒྱ་སྐྱེད་དགོས་པ་ལས། བརྗོད་གཞི་ཆུང་ཆུང་ཞིག་ལ་མགོ་འཁོར་ཏེ་གཏན་ནས་སྡོད་མི་རུང་བས། བོད་ཀྱི་གནའ་བོའི་དཔེ་རྙིང་དང་བཀའ་འགྱུར་བསྟན་འགྱུར་སོགས་ལ་སྦྱངས་ནས་བསམ་བློའི་རྒྱ་སྐྱེད་དགོས་པ་དང་། མིག་གིས་རིག་ཚད་དང་རྣ་བས་ཐོས་ཚད་ཐམས་ཅད་བདེན་པ་ཡིན་པའི་ངེས་པ་མེད་པས། བོད་ཀྱི་གནའ་བོའི་གཞུང་ལུགས་སུ་དགག་གཞག་སྤོང་གསུམ་གྱི་རྣམ་གཞག་མང་པོ་ཞིག་བཤད་ཡོད་པ་དེ་དག་དང་། དེང་སང་གི་དཔྱད་ཐབས་རིག་པ་དེ་དག་ཟུང་འབྲེལ་གྱི་ཐོག་ནས། དངོས་ཡོད་གནས་ཚུལ་བདེན་པ་ཡིན་མིན་གྱི་དཔྱད་པ་དང་ཞིབ་བསྡུར་བྱ་རྒྱུ་དེ་གལ་ཆེན་པོ་ཡིན་ལ། དེབ་ཏུ་བཤད་པ་ཐམས་ཅད་བདེན་པ་མིན་པས། ང་ཚོས་ཐོས་པ་ཡི་རྗེས་སུ་བསམ་བློ་ངེས་པར་དུ་བཏང་ནས་ཞིབ་འཇུག་པ་ཚོས་རྟོག་ཞིབ་བྱ་དགོས་པ་དང་། རང་དང་རང་གི་ཤེས་རབ་དབྱེར་མེད་དུ་འགྱུར་སླད། སྒོམ་བརྒྱབ་ནས་རང་གི་ཤེས་ཡོན་རྣམས་དབྱེར་མེད་བྱེད་ཐབས་དང་། ཡང་མཚམས་ལན་རེར་ཞིབ་འཇུག་པ་རྣམས་ཀྱི་དཔྱད་ཞིབ་ཀྱི་གྲུབ་དོན་ལ་ནོར་བ་ཡང་མང་པོ་ཞིག་ཡོང་གི་ཡོད་པས། ནོར་བ་དེར་གུ་ཡངས་གཏོང་ཐབས་མེད་ཀྱང་། ཕན་ཚུན་བར་བརྩི་འཇོག་དང་གུ་ཡངས་ཀྱི་ཐོག་ནས་བགྲོ་གླེང་བྱས་ཚེ། རང་རེའི་ཤེས་རིག་ལ་གཟིགས་རྒྱ་སྐྱེད་པ་དང་། བོད་མི་རིགས་ཀྱི་ཤེས་རིག་གི་ལས་དོན་ལ་ཕན་ཐོགས་ཆེན་པོ་ཡོད་སྐོར་སོགས་གསུངས་སོང་།

དེ་རིང་བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་བསྟན་འཛིན་བདེ་ལྡན་ལགས་དང་། རྡོ་རྗེ་དབང་འདུས་ལགས། བསྟན་འཛིན་དགྲ་ལྷ་ལགས། གཙང་ཕྲུག་སྟོབས་ལགས། བསྟན་འཛིན་ཕན་ཐོགས་ལགས། འཇམ་དབྱངས་དོན་གྲུབ་ལགས་སོགས་ཀྱིས་གཏམ་བཤད་བྱེད་ཀྱི་ཡོད་འདུག་ལ། ད་ལན་གྱི་བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་དེར་ཏཱ་ལའི་བླ་མ་མཐོ་སློབ་ནས་སློབ་གཉེར་བ་གྲངས་ ༣ ། ཝཱ་ཎ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་སློབ་གཉེར་བ་ ༤ ། ལ་དྭགས་རྒྱལ་ཡོངས་གསོ་བ་རིག་པའི་མཐོ་སློབ་ནས་ ༢། བོད་མིའི་སྒྲིག་འཛུགས་ནས་ ༡། སམ་བྷོ་ཊ་སོ་ན་ཌ་ཉིན་སློབ་ནས་ ༡། དྷ་ས་མེག་ལོར་ནས་ ༡། བྷ་ན་ར་སི་མཐོ་སློབ་ནས་ ༡། ན་ལེན་ཌ་མཐོ་སློབ་ནས་ ༡། ས་རཱ་མཐོ་སློབ་ནས་ ༢ བཅས་ཕྱི་ལོགས་ནས་མི་གྲངས་ ༡༦ དང་བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་ལས་བྱེད་ ༦ ་མཉམ་ཞུགས་བྱས་ཡོད་འདུག བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་ནས་ད་བར་བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་༧ ཙམ་གོ་སྒྲིག་བྱས་ཡོད་ཀྱང་། ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་གྱིས་ལོ་ངོ་གཉིས་ཙམ་ལ་གོ་སྒྲིག་བྱས་ཐུབ་མེད་པ་རེད་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Politic Re-education propaganda in Tibetan Primary School, Pema County, Golog_2022 Photo:Tibet Times
Mobile App

ཕྱི་ལོ་ ༢༠༢༥ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དང་འབྲེལ་བའི་སྙན་ཐོ་བཏོན།

ཆུ་ཚོད་ ༨ སྔོན་ལ།
ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་། བོད་ཀྱི་དུས་བབ་ཀྱིས་པར་སྒྲིག་སྦྱོར་བྱས།
Mobile App

ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་།

ཆུ་ཚོད་ ༡༠ སྔོན་ལ།
Satellite data reveals long-term groundwater decline in Himalaya and Tibet region
Mobile App

ཨེ་ཤ་ཡའི་ཁུལ་གྱི་ས་འོག་གི་ཆུ་བརྒྱ་ཆ་ ༧༠ ལྷག་ཇེ་ཉུང་དུ་འགྲོ་བཞིན་འདུག

༢༠༢༦/༠༢/༠༥
UN Report Warns China Is Erasing Tibetan Civilisation Photo:CTA
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་རིག་ཤུལ་མེད་བཟོ་ཐབས་བྱེད་མུས་ཡིན་པ་དང་འབྲེལ་བའི་སྙན་ཐོ་བཏོན།

༢༠༢༦/༠༢/༠༥
ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་
Mobile App

ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་ལགས་ཀྱིས་༸གོང་ས་མཆོག་ལ་འཚམས་འདྲི་ཞུས།

༢༠༢༦/༠༢/༠༤
Mobile App

ཨ་རིས་བོད་མི་རྣམས་ལ་ཨ་སྒོར་ས་ཡ་ ༢༣ རོགས་དངུལ་བཀའ་འཁྲོལ་གཏན་འབེབས་བྱས།

༢༠༢༦/༠༢/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese