མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༸གོང་ས་ཏཱ་ལའི་བླ་མ་མཆོག་གི་སྒྲིག་འཛུགས་ཀྱི་གལ་གནད་དང་འབྲེལ་བའི་ཚོགས་འདུ་ཞིག་བསྡུ་བསྐོངས་གནང་།

བོད་ཀྱི་དུས་བབ།
༢༠༢༢/༠༨/༢༤
Share on FacebookShare on TwitterShare on EmailShare on Whatsapp

ལྟ་གྲུབ་དང་ལངས་ཕྱོགས་མི་འདྲ་བ་རྩོད་བསྡད་པ་དེས་བོད་མི་རིགས་ཀྱི་འཕྲལ་ཕུགས་གཉིས་ཀྱི་ལས་དོན་ལ་དོ་ཕོག་འགྲོ་སྲིད་པས། ལངས་ཕྱོགས་མི་འདྲ་བའི་ཚོགས་སྡེ་ཁག་གིས་བོད་ཀྱི་རྩ་དོན་འཐབ་རྩོད་ཀྱི་ཐོག་ཏུ་ནུས་པ་སྤུངས་ཐུབ་པར་འབད་བརྩོན་བྱ་རྒྱུ་གལ་ཆེན་ཡིན་སྐོར་སོགས་གསུངས་སོང་།

༸གོང་ས་ཏཱ་ལའི་བླ་མ་མཆོག་གི་སྒྲིག་འཛུགས་ཀྱི་གལ་གནད་དང་འབྲེལ་བའི་ཚོགས་འདུ།

དེ་རིང་བཞུགས་སྒར་ངྷ་རམ་ས་ལའི་ཉེ་འགྲམ་དུ་ཆགས་པའི་ཨིམ་ཕེ་རིལ་ (Imperial Heights Clarks Inn) གསོལ་མགྲོན་ཁང་དུ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གོ་སྒྲིག་འོག་ཉིན་གཉིས་རིང་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་སྒྲིག་འཛུགས་ཀྱི་གལ་གནད་དང་འབྲེལ་བའི་ཚོགས་འདུ་ཞིག་བསྐོངས་འཚོག་གནང་མགོ་བཙུགས་སོང་། ད་ལན་གྱི་ཚོགས་འདུའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་།  སློབ་དཔོན་བསོད་ནམས་རྒྱལ་མཚན་ལགས་གཙོས་ས་གནས་ཁག་མི་འདྲ་བ་ ༤༢ ནས་ཚོགས་བཅར་བ་མི་གྲངས་ ༡༣༠ ལྷག་མཉམ་ཞུགས་བྱས་ཡོད་འདུག

དབུ་འབྱེད་མཛད་སྒོའི་སྟེང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས།  ༧རྒྱལ་བ་སྐུ་ཕྲེང་རིམ་བྱོན་གྱིས་བོད་ཀྱི་ལོ་རྒྱུས་ནང་དུ་བཀའ་དྲིན་མཛད་པ་ཅི་ཙམ་བསྐྱངས་ཡོད་པ་བོད་མི་ཚོས་ངེས་པར་དུ་ཤེས་དགོས་པ་ཞིག་རེད། ༧སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ་དེབ་གཟུགས་སུ་བཀོད་ནས་གཟིགས་ཆོག་ཆོག་ཡོད་པ་རེད། དེང་སྐབས་ཀྱི་དུས་འདིར་བོད་མི་མང་པོས་དོ་སྣང་བྱེད་ཀྱི་མེད་པའི་བཟོ་ལྟ་ཞིག་འདུག ངས་དུས་རྒྱུན་དུ་བོད་ཀྱི་ལོ་རྒྱུས་ལ་བོད་མི་རང་ཉིད་ཀྱིས་ཡིན་གཅིག་མིན་གཅིག་ཡག་པོ་ལྟ་དགོས་ཀྱི་འདུག་ཅེས་འཆད་བཞིན་ཡོད། ད་ལྟའི་མི་རབས་འདིའི་བོད་ཀྱི་ལོ་རྒྱུས་དང་ཡིག་ཆ་ཚང་མ་དེང་རབས་ཀྱི་འཕྲུལ་རིག་བེད་སྤྱོད་བཏང་ནས་ལྟ་ཀློག་བྱེད་དགོས་པ་མ་ཟད། མ་འོངས་བའི་མི་རབས་གསར་བ་ཚོ་བོད་ཀྱི་ལོ་རྒྱུས་སོགས་འཛིན་སྐྱོང་སྤེལ་གསུམ་བྱེད་པར་དོ་སྣང་ཡོད་པར་བཟོ་རྒྱུ་གལ་ཆེན་རེད། ཅེས་གསུངས་སོང།

༸གོང་ས་ཏཱ་ལའི་བླ་མ་མཆོག་གི་སྒྲིག་འཛུགས་ཀྱི་གལ་གནད་དང་འབྲེལ་བའི་ཚོགས་འདུ།

ཡང་ཁོས་གིས། རྒྱ་ནག་གཞུང་གིས་ག་དུས་ཡིན་ཡང་རྒྱལ་སྤྱིའི་སྟེང་དུ་བོད་ཀྱི་ལོ་རྒྱུས་ལ་འཁྱོག་བཤད་བྱེད་མུས་ཡིན་པ་ལྟར། བོད་མིའི་སྒྲིག་འཛུགས་ཀྱིས་ཕྱི་ལོ་ ༢༠༠༢ ནས་བཟུང་ཨ་རིའི་གྲོས་ཚོགས་སུ་བོད་ཐོག་ཏུ་འཛིན་པའི་སྲིད་ཇུས་ཀྱི་གཏན་འབེབས་དང་། ཕྱི་ལོ་ ༢༠༢༠ ལོར་ཁྲིམས་འཆར་གྱི་ངོ་བོ་སྟེང་དུ་བཞག་པ། ཉེ་ཆར་ཨ་རི་གྲོས་ཚོགས་སུ་བོད་ཀྱི་ལོ་རྒྱུས་གནས་བབ་ལ་མཁས་པའི་ཉན་ཞིབ་ཐེངས་དང་པོ་ཚོགས་ཐུབ་པ་བཅས་ཀྱི་འབད་བརྩོན་བྱེད་ཀྱི་ཡོད་ལ། མ་འོངས་བར་ཨ་རིའི་གྲོས་ཚོགས་སུ་རྒྱ་གཞུང་གིས་བོད་ཀྱི་ལོ་རྒྱུས་ལ་འཁྱོག་བཤད་ཀྱི་ཁྲིམས་འཆར་གཏན་འབེབས་བྱ་འཆར་ཡོད་པའི་སྐོར་དང་། བོད་ཀྱི་སྤྱི་ཚོགས་ནང་དུ་རང་བཙན་དང་དབུ་མའི་ལམ་གཉིས་ཀྱི་ལངས་ཕྱོགས་ཀྱིས་ནང་ཁུལ་མ་མཐུན་པའམ་ཉམས་ཆག་གི་རྣམ་པ་ཞིག་ཡོང་བསྡད་ཡོད། ལྟ་གྲུབ་དང་ལངས་ཕྱོགས་མི་འདྲ་བ་ཡོད་པ་དེས་ང་ཚོའི་མ་འོངས་བའི་ཕུགས་རྒྱང་དང་། བོད་ནང་གི་བོད་མིའི་དཀའ་ངལ་ལ་ལྟ་དགོས་རྒྱུ་མ་གཏོགས། གང་ཟག་དང་སྒེར་པ་ཙམ་ཞིག་རྩོད་བསྡད་ཚེ། ང་ཚོ་བོད་སྤྱི་བའི་དཀའ་ངལ་ལ་དོ་ཕོག་འགྲོ་ངེས་ཡོན་པས།  ལངས་ཕྱོགས་མི་འདྲ་བའི་ཚོགས་སྡེ་གང་ཡིན་རུང་། བོད་སྤྱི་པའི་རྩ་དོན་འཐབ་རྩོད་ཐོག་ཏུ་ནུས་པ་སྤུངས་ཐུབ་པར་འབད་བརྩོན་བྱ་རྒྱུ་གལ་ཆེན་ཡིན་སྐོར་གསུངས་སོང་།

བཀའ་ཟུར་བློ་བཟང་སྙན་གྲགས་ལགས་ཀྱིས་དྲ་ལམ་བརྒྱུད། བོད་མི་རིགས་ཀྱི་འཕྲལ་ཐུགས་རྒྱང་གསུམ་གང་དུ་བལྟས་ཀྱང་སྒྲིག་འཛུགས་གཉིས་ཀྱི་བྱེད་ཕྱོགས་ལ་བརྟེན་དགོས་ཀྱི་འདུག དེ་ནི་མང་གཙོའི་སྒྲིག་འཛུགས་དང་དགའ་ལྡན་ཕོ་བྲང་གི་སྒྲིག་འཛུགས་རེད། མང་གཙོ་སྒྲིག་འཛུགས་ཀྱིས་བོད་ཀྱི་སྤྱི་ཚོགས་ཡོངས་རྫོགས་མང་གཙོའི་ལམ་ལུགས་ཀྱི་ཐོག་ནས་སྲ་བརྟན་གོང་འཕེལ་གཏང་དགོས་པ་དང་། དགའ་ལྡན་ཕོ་བྲང་གི་སྒྲིག་འཛུགས་ནི་༧གོང་ས་སྐུ་ཕྲེང་རིམ་བྱོན་གྱིས་བསྐྱངས་བའི་བོད་མི་རིགས་ཀྱི་སྒྲིག་འཛུགས་ཤིག་ཡིན་པས། སྒྲིག་འཛུགས་འདི་གཉིས་ཀྱི་གལ་གནད་ནི་ད་ཐེངས་ཀྱི་ཚོགས་འདུ་འདི་གླེང་གཞི་གཙོ་བོ་ཡིན་པས།  བོད་མི་རིགས་ཡོངས་ཀྱིས་གལ་ཆེན་དུ་འཛིན་དགོས་པ་ཞིག་ཡིན་སྐོར་གསུངས་སོང་།

དེ་རིང་དགེ་བཤེས་ཐུབ་བསྟན་ཡར་འཕེལ་ལགས་དང་སློབ་དཔོན་ཆེན་མོ་བྱམས་པ་བསམ་གཏན་ལགས་གཉིས་ཀྱིས་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་སྒྲིག་འཛུགས་ཀྱི་བྱུང་རིམ་དང་དེའི་འཕེལ་རིམ། བོད་བརྒྱུད་ནང་བསྟན་གྱི་ཤུགས་རྐྱེན་ཇི་བྱུང་གི་སྐོར་ལ་གཏམ་བཤད་གནང་ཡོད་པ་དང་།  དེ་བཞིན་ལོ་རྒྱུས་སློབ་དཔོན་བསོད་ནམས་རྒྱལ་མཚན་ལགས་ཀྱིས་ས་བབ་སྲིད་ཇུས་ཐོག་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་སྒྲིག་འཛུགས་ཀྱི་གལ་གནད་སྐོར་དང་། བཀའ་ཟུར་བློ་བཟང་སྙན་གྲགས་ལགས་ནས་བོད་མིའི་རང་དབང་འཐབ་རྩོད་ཀྱི་ཐོག་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་གལ་གནད་སྐོར།  དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་དང་བློ་བཟང་བསྟན་འཛིན་ནེགེ་ལགས་གཉིས་ཀྱིས་གོང་ས་ཏཱ་ལའི་བླ་མ་མཆོག་གི་སྒྲིག་འཛུགས་ཀྱི་འབྱུང་འགྱུར་གྱི་གནད་དོན་སྐོར་གཏམ་བཤད་གནང་རྒྱུ་ཡིན་འདུག

    བྱམས་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

TTTT
Mobile App

རྒྱ་ནག་གཞུང་གིས་བོད་མིའི་ནང་ཁུལ་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་ཐབས་སྔར་ལྷག་བྱེད་བཞིན་འདུག

ཆུ་ཚོད་ ༢ སྔོན་ལ།
TTTT
Mobile App

ལ་སྐོར་ལུང་སྐོར་བྱས་ནས་ཨ་རིའི་རོགས་དངུལ་ཨ་སྒོར་ས་ཡ་བདུན་སླར་གསོ་ཐུབ།

ཆུ་ཚོད་ ༣ སྔོན་ལ།
TTT
Mobile App

གདོང་ཐོག་ཚེ་རིང་ལགས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་དྲུང་གཞོན་ལས་རོགས་སུ་བསྐོ་གཞག་གནང་།

ཆུ་ཚོད་ ༤ སྔོན་ལ།
སྲིད་སྐྱོང་དང་དཔལ་འབྱོར་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༣།༡༥
Mobile App

རྩིས་ལོ་ ༢༠༢༦ ་་་ ༢༠༢༧ ལོར་སྔོན་རྩིས་ཧིན་སྒོར་ས་ཡ་ ༣༤༠༧།༤༢ འཆར་འབུལ་ཞུས་འདུག 

༢༠༢༦/༠༣/༡༦
སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༡ པ་འཚོག་བཞིན་པ། ༢༠༢༦།༣།༡༦ བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་བདུན་པའི་སྔོན་རྩིས་གྲོས་ཚོགས་འཚོག་མགོ་བཙུགས།

༢༠༢༦/༠༣/༡༦
བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་མཉམ་འདུས་ཚོགས་སྡེའི་ཚོགས་ཆེན་ཐེངས་གསུམ་པ་འཚོགས། ༢༠༢༦།༣།༡༣ དུས་བབ་ཀྱི་པར།
Mobile App

སྟོབས་དང་ནུས་པ་གང་ཡོད་པ་ངོས་བཟུང་ནས་ང་ཚོའི་ཞན་ཆ་ཉུང་དུ་གཏོང་དགོས་ཞེས་གསུངས།

༢༠༢༦/༠༣/༡༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese