མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་གིས་དབྱིན་ཇིའི་རྒྱལ་མོ་སྐུ་གྲོངས་པར་ཐུགས་གསོ་སྩལ།

བོད་ཀྱི་དུས་བབ།
༢༠༢༢/༠༩/༠༩
Share on FacebookShare on TwitterShare on EmailShare on Whatsapp

དབྱིན་ཇིའི་རྒྱལ་མོ་ཨེ་ལི་ཛེ་བྷེ་ཐི་གཉིས་པ་མཆོག་སྐུ་གྲོངས་པར་༧གོང་ས་མཆོག་དང་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག དེ་བཞིན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་བཅས་ཀྱིས་ཐུགས་གསོ་སྩལ་འདུག

ཁ་སང་ཕྱི་ཚེས་ ༨ ཉིན་དབྱིན་ཡུལ་གྱི་རྒྱལ་སྲིད་ཡུན་རིང་ཤོས་སྐྱོང་མཁན་རྒྱལ་མོ་ཨེ་ལི་ཛེ་བྷེ་ཐི་གཉིས་པ་ (Queen Elizabeth II) མཆོག་དགུང་གྲངས་ ༩༦ ཐོག་སྐུ་གྲོངས་བའི་གནས་ཚུལ་ཐོན་ཡོད་པ་ལྟར། དེ་རིང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་རྒྱལ་མོ་དམ་པ་དེའི་སྲས་དང་ད་ལྟའི་དབྱིན་ཇིའི་རྒྱལ་པོ་ཆའར་ལེ་སི་ (Charles III) ལགས་ཀྱི་མཚན་ཐོག་ཏུ་ཐུགས་གསོའི་གསུང་འཕྲིན་སྩལ་ཏེ། ༧གོང་ས་མཆོག་གིས་རྒྱལ་མོ་དམ་པ་དེ་ཉིད་ཀྱི་སླད་དུ་ཐུགས་སྨོན་སྐྱབས་འཇུག་གནང་གི་ཡོད་པ་གསུངས་འདུག

དེ་རིང་ཞོགས་པ་དབྱིན་ཡུལ་གྱི་རྒྱལ་མོ་ཨེ་ལི་བྷེ་ཐི་གཉིས་པ་མཆོག་སྐུ་གྲོངས་པ་མཁྱེན་རྟོགས་བྱུང་བར་བརྟེན། ༧གོང་ས་མཆོག་ནས་རྒྱལ་མོ་མཆོག་གི་རྒྱལ་སྲས་ཆའར་ལེ་སི་གསུམ་པ་ (Prince Charles III) ལགས་གཙོས་པའི་རྒྱལ་བཙུན་སྟོན་འཁོར་དང་དབྱིན་ཡུལ་མི་མང་ཡོངས་ལ་ཐུགས་གསོའི་གསུང་འཕྲིན་སྩལ་བའི་ནང་། ངོས་རང་ཆུང་དུས་བོད་ནང་དུ་ཡོད་པའི་སྐབས། རྒྱལ་མོ་མཆོག་གསེར་ཁྲིར་མངའ་གསོལ་གྱི་མཛད་སྒོའི་སྐུ་པར་མཇལ་མྱོང་། ཁོང་དབྱིན་ཡུལ་གྱི་རྒྱལ་མོའི་དུས་ཡུན་རིང་ཤོས་གནང་བ་དེས་མི་མང་པོའི་སེམས་ནང་རྟག་བརྟན་གྱི་རྟེན་འབྲེལ་དང་སེམས་འགུལ་ཐེབས་པ། དེ་བཞིན་རྒྱུན་གནས་འདུ་ཤེས་ཀྱི་བློ་སྤོབས་སྦྱིན་ཡོད་པ་རེད། སྐུ་ཉིད་ཀྱི་ཡུམ་ཆེན་མཆོག་གིས་གཟི་བརྗིད་ཆེ་མཐོང་ལྡན་ཞིང་། ང་ཚོ་ཚང་མས་གཅེས་པར་འོས་པའི་གཞན་ཕན་ལྷག་བསམ་གྱི་ཞབས་ཞུ་དང་ཐུགས་རྒྱུད་གཤིས་བཟང་གི་མི་ཚེ་དོན་དང་ལྡན་པ་ཞིག་བསྐྱལ་ཡོད། ཅེས་དང་། མཐར་༧གོང་ས་མཆོག་གིས་ཞིང་གཤེགས་རྒྱལ་མོ་མཆོག་ལ་ཐུགས་སྨོན་བསྔོ་བ་མཛད་ཡོད་ཅེས་གསུངས་འདུག

དེ་རིང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཐུགས་གསོའི་གསུང་འཕྲིན་སྩལ་བའི་ནང་། དབྱིན་ཡུལ་གྱི་རྒྱལ་མོ་ཨེ་ལི་ཛེ་བྷེ་ཐི་གཉིས་པ་མཆོག་སྐུ་གྲོངས་པར་བློ་ཕམ་ཆེན་པོ་ཡོད་པ་དང་། འཛམ་གླིང་ས་ཕྱོགས་གང་སར་བཞུགས་པའི་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ། ངས་ཁོང་མོའི་ནང་མི་གཉེན་ཉེ་ཡོངས་ལ་ཐུགས་གསོ་ཞུ་རྒྱུ་ཡིན། ཁོང་མོ་སྐུ་གྲོངས་པར་འཛམ་གླིང་ས་ཕྱོགས་གང་སར་བཞུགས་པའི་བོད་མི་རྣམས་ཀྱིས་དབྱིན་ཡུལ་གྱི་མི་མང་དང་དབྱིན་ཇིའི་རྒྱལ་པོའི་མངའ་ཐང་འོག་གི་མི་མང་ཡོངས་དང་ལྷན་དུ་གདུང་སེམས་མཉམ་སྐྱེད་དང་བསྔོ་སྨོན་གནང་གི་ཡོད། དེང་རབས་ལོ་རྒྱུས་ཁྲོད་ཁོང་མོ་ནི་སྟོབས་ཤུགས་ཆེ་ཤོས་དང་དུས་ཡུན་རིང་ཤོས་ཀྱི་རྒྱལ་སྲིད་སྐྱོང་མཁན་ཞིག་ཡིན་པ་ནམ་ཡང་དྲན་གྱི་རེད་ལ། ཁོང་མོའི་མཛད་རྗེས་ལོ་རྒྱུས་ནང་མུ་མཐུད་དུ་གནས་ཀྱི་རེད། ཁོང་མོ་འདས་གྲོངས་སུ་ཕྱིན་པར་འཛམ་གླིང་མི་མང་གིས་སེམས་སྡུག་བྱེད་ཀྱི་ཡོད། ཁོང་མོའི་བཀའ་དྲིན་དང་གཟི་བརྗིད། གཞན་ཕན་གྱི་བསམ་བློ་དེ་དག་མི་རབས་ནས་མི་རབས་བར་རྗེས་སུ་དྲན་གྱི་རེད། ད་ལྟ་ཡིད་གདུང་ཆེ་བའི་དུས་སྐབས་འདིའི་རིང་དཀོན་མཆོག་གིས་ཁོང་མོའི་ནང་མི་གཉེན་ཉེ་རྣམས་ལ་ནུས་སྟོབས་སྤྲོད་པའི་སྨོན་འདུན་དང་། ཁོང་མོའི་རྣམ་ཤེས་བདེ་བ་ཅན་དུ་སྐྱེ་བར་ཤོག ཅེས་གསུངས་ཡོད་འདུག

སྲིད་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་སྒེར་གྱི་ཊུ་ཝི་ཊར་སྟེང་རྒྱལ་མོ་ཨེ་ལི་ཛེ་བྷེ་ཐི་གཉིས་པ་མཆོག་སྐུ་གྲོངས་པར་ཐུགས་གསོའི་གསུང་འཕྲིན་སྩལ་བའི་ནང་། རྒྱལ་མོ་ཨེ་ལེ་ཛི་བྷེ་ཐི་གཉིས་པ་མཆོག་ནི་སྙིང་སྟོབས་ལྡན་ཞིང་། འགན་འཁྲི་དང་མང་ཚོགས་ལ་ཞབས་ཞུ་གཡོ་བ་མེད་པར་གནང་མཁན་གྱི་མགོ་ཁྲིད་ཁྱད་དུ་འཕགས་པ་རེད། བོད་མིའི་སྒྲིག་འཛུགས་དང་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ། ང་ཚོས་ཁོང་གིས་ནང་མི་གཉེན་ཉེ་ཡོངས་དང་དབྱིན་ཇིའི་མི་མང་ལ་ཐུགས་གསོ་ཞུ་རྒྱུ་ཡིན། ཞེས་གསུངས་འདུག

རྒྱལ་མོ་ཨི་ལི་ཛ་བེཏ་གཉིས་པ་མཆོག་ནི་ཕྱི་ལོ་ ༡༩༢༦ ལོར་སྐུ་འཁྲུངས་ཤིང་། ཕྱི་ལོ་ ༡༩༥༢ ནས་ ༢༠༢༢ ལོའི་བར་དུ་དབྱིན་ཡུལ་གྱི་རྒྱལ་སྲིད་བཟུང་། ཕྱི་ལོ་ ༡༩༤༧ ལོར་ཨི་དིན་བྷག་ (Edinburgh) རྒྱལ་སྲས་ཧྥི་ལིབ་ (Philip) དང་གཉེན་སྒྲིག་གནང་སྟེ། སྲས་དང་སྲས་མོ་བཞི་ཡོད་པ་རེད། ཁོང་མོས་རྒྱལ་སྲིད་བཟུང་སྐབས་འཛམ་གླིང་གི་ནང་རྩོད་རྙོག་དང་འཛིང་འཁྲུག་ཆེ་ཤོས་ཏེ། འཛམ་གླིང་ནང་སླར་ཡང་དམག་ཆེན་འབྱུང་རྒྱུའི་ཉེན་ཁ་དང་འཇིགས་པ་ཆེས་ཆེར་གྱི་གནས་སྟངས་དང་། གྲང་དམག་ (Cold War) མགོ་བཙུགས་པའི་སྐབས་ཡིན། ཁོང་མོས་དབྱིན་ཡུལ་གྱི་རྒྱལ་སྲིད་ལོ་ངོ་ ༧༣ རིང་བསྐྱངས་ཤིང་། རང་ལོ་ ༩༦ སྟེང་སྐུ་གྲོངས་ཡོད་ཅིང་། ཁོང་མོ་ནི་དབྱིན་ཡུལ་ཙམ་མིན་པར་ཨོ་སི་ཊོ་ལི་ཡ་(Australia) དང་ཁེ་ཎ་ཌ་ (Canada)། ཇ་མ་ཡེ་ཀ་ (Jamaica) སོགས་རྒྱལ་ཁབ་བཅུ་བཞིའི་དབུ་འཁྲིད་ཀྱང་ཡིན་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

སྲིད་སྐྱོང་སྤེན་པ་ཚེ་རིང་གིས་གོམ་བགྲོད་ལས་འགུལ་དབུ་འབྱེད་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༡༠།༣༠
Mobile App

གཞུང་ཁོངས་མིན་པའི་ཚོགས་པ་ལྔས་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་ཞིག་སྤེལ་མགོ་བཙུགས་སོང་། 

༢༠༢༦/༡༠/༣༠
ཞུ་ཡིག་ངོ་བཤུས། པར་དྲ་ལམ་ནས་བླངས།
Mobile App

 རྒྱ་ནག་གི་སློབ་ཆེན་ ༡༤ ཡི་ཞུ་ཡིག་དེ་བདེན་པ་རེད་དམ།

༢༠༢༦/༡༠/༢༩
This photo was captured by our volunteer photographer, Lee Lay Na, on 20 September 2025 at the Long Life Offering Ceremony, co-organised by the Tibetan Buddhist Centre and six Buddhist organisations from Southeast Asia and South Korea.
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་ཨ་རིའི་ཆེ་བསྟོད་གཟེངས་རྟགས་ཤིག་ཕུལ།

༢༠༢༦/༡༠/༢༩
ཀི་ལི་ཡན་མེམ་བྷ་པེ་དང་རྒྱ་ནག་གི་མགོ་ཁྲིད་མའོ། དྲ་ལམ་གྱི་པར།
Mobile App

རྒྱ་ནག་གིས་ཀི་ལི་ཡན་མེམ་བྷ་པེ་ལ་སྐྱོན་བརྗོད་དང་ཚོང་དོན་གན་རྒྱ་མཚམས་འཇོག་བྱས། 

༢༠༢༦/༡༠/༢༨
TTT
Mobile App

རྡོ་རྗེ་བཀྲ་ཤིས་ལགས་སུ་དྲང་བདེན་མིན་པའི་ཁྲིམས་ཐག་བཅད་པར་བསྐྱར་ཞིབ་དགོས་པའི་ལས་འགུལ་སྤེལ། 

༢༠༢༦/༡༠/༢༨
China’s top Communist Party leaders have gathered in Beijing for the Fifth Plenum—a closed-door meeting that could reveal important clues about the country’s political future.
Mobile App

ཞི་ཅིན་ཕིན་གྱིས་སྲིད་དབང་སྒེར་གཅོད་མུ་མཐུད་བྱེད་པའི་སྐབས་ལྔ་བའི་ཚང་འཛོམས་གྲོས་ཚོགས།

༢༠༢༦/༡༠/༢༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese