མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་ནང་ཡོད་པའི་གནད་ཡོད་མི་སྣ་རྒན་གྲས་གསུམ་གྱིས་བྱེད་བཞིན་པའི་ལས་དོན་དེ་རྒྱ་ནག་ནང་དམངས་གཙོའི་ཆེད་དུ་ཡིན་ནམ། 

བོད་ཀྱི་དུས་བབ།
༢༠༢༢/༠༩/༡༠
Share on FacebookShare on TwitterShare on EmailShare on Whatsapp

རྩོམ་པ་པོ་ཨན་པན་ཌི་(Ansh Pandey)ཡིས་བརྩམས། སྒྱུར་པ་པོ་བསོད་ནམས་ཕུན་ཚོགས།

འབྱུང་འགྱུར་སྤྱི་ཟླ་བཅུ་པའི་ཚེས་ ༡༦ ་ནི་རྒྱ་ནག་ལ་ཧ་ཅང་གི་གལ་འགངས་ཆེ་བའི་ཉིན་མོ་ཞིག་ཡིན་འདུག   འཛམ་གླིང་ནང་དཔལ་འབྱོར་ཆེ་ཤོས་གཉིས་པ་ཡིན་པའི་རྒྱ་ནག་ནང་མཐོ་རིམ་ཏང་གི་ཚོགས་ཆེན་འཚོག་ལ་ཉེ་བ་དང་ཚོགས་ཆེན་ཐོག་འབྱུང་འགྱུར་ཞིང་ཅི་ཕིན་དུས་ཡུན་གསུམ་པའི་ཐོག་ཏུ་བསྐྱར་དུ་འདུག་ཐུབ་མིན་ཐག་གཅོད་བྱེད་དགོས་ཀྱང་ཞིང་ཅི་ཕིན་ཁག་པོ་འགྱུར་བཞིན་ཡོད་འདུག འོན་ཀྱང་ཕྱོགས་གཞན་ཞིག་ནས་བལྟས་ན་ཞི་ཅི་ཕིན་དུས་ཡུན་གསུམ་པ་འདུག་ཐུབ་ནས་མ་འོངས་པར་དམག་ཤོག་གཞུང་ནང་ལམ་ལུགས་གསར་པ་ཞིག་ཆགས་མི་སྲིད་པ་ཞིག་མིན་ཡང་། དེ་སྔོན་གནས་ཚུལ་ཐོན་གསལ་ལ་གཞིགས་ན་ཞི་ཅི་ཕིན་གྱི་གཅིག་བསྡུས་རིང་ལུགས་ལ་ཁ་གཏད་བཅའ་མཁན་རྒྱ་ནག་ནང་ཡོད་པའི་གནད་ཡོད་མི་སྣ་མང་པོ་ཡོད་པ་དང། ཨེ་ཤི་ཡ་རང་དབང་རླུང་འཕྲན་ཁང་གི་གནས་ཚུལ་ལ་གཞིག་སན་མིང་གྲགས་ཡོད་པའི་དམག་ཤོག་གཞུང་གི་གནད་ཡོད་མི་སྣ་གསུམ་གྱིས་ཡོངས་གྲགས་ཀྱི་ཐོག་ནས་རྒྱ་ནག་དམག་ཤོག་གཞུང་གི་ཚོགས་མི་རྣམས་ལ་ཚོགས་ཆེན་མ་འཚོག་སྔོན་ནས་ཞུ་ཡིག་ཞིག་བཏང་ཡོད་པ་དང་།གནས་ཚུལ་ལ་གཞིགས་ན་ཞི་ཅི་ཕིན་གྱིས་རང་ཉིད་སྒེར་གྱི་དབང་ཆ་རྒྱ་བསྐྱེད་བྱས་ཏེ་དབང་ཆ་གཅིག་སྡུད་བྱེད་བཞིན་པ་དེ་འགྲིགས་ཀྱིན་མེད་ཚུལ་བརྗོད་ཡོད་འདུག ཡོངས་གྲགས་སུ་བཏང་བའི་ཞུ་ཡིག་དེ་འབྲི་པ་པོ་ནི་དམག་ཤོག་གཞུང་གི་དཔོན་རིམ་རྒན་གྲས་ཏུང་ཧོན་ཡེ་(Dong hongyi)དང་མཱ་གོ་ཆན་(Ma Guiquan)། ཊན་ཤི་ཀྲང་(Tian Qizhuang) བཅས་ཡིན་འདུག ཁོང་ཚོ་ནི་སྐབས་ཤིག་ལ་དམག་ཤོག་གཞུང་གི་དཀྱིལ་འཁོར་ཁྲོད་ཤུགས་རྐྱེན་ཆེན་པོ་ཡོད་པའི་གནད་ཡོད་དཔོན་རིགས་རྒན་གྲས་འགའ་ཡིན་འདུག་པ་དང་། ད་ཆ་དཔོན་རིགས་རྒན་གྲས་དེ་དག་གཞུང་གི་ལས་དོན་གལ་ཆེན་རིགས་ནང་དེ་ཙམ་མཉམ་ཞུ་མེད་ནའང་། ཡོངས་གྲགས་ཐོག་ནས་བཏང་བའི་ཞུ་ཡིག་དེ་གཅིག་སྡུད་རིང་ལུགས་སུ་འགྱུར་བཞིན་པའི་ཞི་ཅི་ཕིན་ལ་ཁ་གཏད་གཅོག་པའི་ནུས་པ་ཆེན་པོ་ཡོད་པ་ཞིག་ཡིན་འདུག་ལ། ཞུ་ཡིག་ནང་བཀོད་པའི་ནང་དོན་སྙིང་བསྡུས་ནི་སྔར་གྱི་ལམ་ལུགས་རྙིང་པ་དེ་ད་དུང་ཡང་རྒྱ་ནག་གི་བསམ་བློའི་ནང་གནས་ཡོད་པ་ལ་བརྟེན་ནས་དེས་གཞུང་གི་དབང་ཆ་ལ་དོ་ཕོག་གཏོང་ཉེན་ཡོད་སྐོར་ནན་བརྗོད་བྱས་ཡོད་འདུག་

 རྒྱ་ནག་ནང་གི་དམངས་གཙོ་།

ཞུ་ཡིག་གཏོང་མཁན་དཔོན་རིགས་རྒན་གྲས་གསུམ་གྱིས་དབང་ཆ་གཅིག་སྡུད་རིང་ལུགས་སུ་མི་འགྱུར་བའི་ཆེད་དུ་འབད་བརྩོན་ལྷད་མེད་བྱས་ཡོད་པ་དང་། དེའི་རྒྱབ་ན་གནད་དོན་གཞན་ཞིག་གླེང་སློང་བྱས་པ་དེ་ཡིས་ཞི་ཅི་ཕིན་ཅི་བྱ་གཏོལ་མེད་དུ་འགྱུར་ཉེན་ཡོད་འདུག  དཔོན་རིགས་རྒན་གྲས་གསུམ་པོས་གང་ཞུ་པ་དག་བསམ་ཡུལ་ལས་འདས་པ་ཞིག་ཡིན་ཀྱང། དོན་དངོས་ཐོག་ཁོ་ཚོས་རྒྱ་ནག་གི་དམངས་གཙོའི་སྐོར་བཤད་ཡོད་འདུག་ཅིང།  ཁོ་ཚོ་གསུམ་པོས་དམག་ཤོག་ཚོགས་པའི་ཚོགས་མི་ཡོངས་ལ་འབོད་སྐུལ་ཞུས་ཏེ། རྒྱ་ནག་དམར་ཤོག་གཞུང་འཛིན་སྲིད་དོན་ཚོགས་པས་ཡོད་ཚད་སྣེ་འཁྲིད་བྱེད་ཅིང་དབང་ཆ་ལ་ཚོད་འཛིན་མེད་ཟེར་བའི་བརྗོད་ཚིག་དེ་བསྐྱར་བཅོས་བྱ་དགོས་ཀྱི་འདུག་ཅེས་བརྗོད་ཡོད་འདུག

ཞུ་ཡིག་དེའི་ནང་འཁོད་དོན་ལ། ད་ལྟ་རྒྱ་ནག་ལ་དཀའ་ངལ་དམིགས་བསལ་བ་ཞིག་འཕྲད་བཞིན་པ་ནི་གཞུང་འཛིན་དམག་ཤོག་ཚོགས་པའི་དབང་ཆ་ཚད་ལས་བརྒལ་བཞིན་ཡོད་པ་ལ་བརྟེན་ནས་གཞན་གྱི་ས་ཆ་བདག་ཏུ་བཟུང་འདོད་བྱེད་བཞིན་པ་རེད་”ཅེས་བརྗོད་ཡོད་འདུག་ལ། དམར་ཤོག་ཚོགས་པ་ཁོ་ན་ཡིས་ཡོད་ཚད་སྣེ་ཁྲིད་བྱེད་བཞིན་པ་ནི་ཐུན་མོང་གི་གནས་ལུགས་དང་རྒྱུ་མཚན་གང་ལའང་མི་མཐུན་ཞིང་། མི་བུ་སྒེར་ཞིག་གི་དབང་ཆ་ཆེན་པོ་འགྱུར་ཐབས་སུ་སྲིད་གཞུང་ཡོངས་རྫོགས་ཉམས་རྒུད་དུ་སོང་བ་མང་པོ་བྱུང་མྱོང་ཡོད་ཅེས་བརྗོད་ཡོད་ཅིང་།  ཞི་ཅི་ཕིན་དབང་ཆ་གཅིག་སྡུད་རིགས་ལུགས་ཀྱི་ཕྱོགས་སུ་ཁ་ཕྱོགས་བཞིན་པ་དེས་མ་འོངས་པར་དམག་ཤོག་ཚོགས་པའི་མཚན་སྙན་ལ་གནོད་པ་མ་ཟད། དམར་ཤོག་ཚོགས་པ་ཞ་རྭ་ལྟ་བུར་འགྱུར་བཞིན་ཡོད།  རྒྱ་ནག་གི་ཁྲིམས་བཟོ་ལྷན་ཚོགས་ཀྱིས་རང་གི་རང་དབང་སྲུང་སྐྱོབ་མ་ཐུབ་པ་དང་། ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་ནད་དུག་ཁྱབ་གདལ་མགོ་འཛུགས་སྐབས་ཀྱི་འབྲེལ་ཡོད་ལས་བྱེད་རྣམས་ལ་ཉེས་ཆད་གཏོང་མ་ཐུབ་པ་སོགས་ཀྱི་སྐོར་ལ་སྐྱོན་བརྗོད་ནན་མོ་བྱས་ཡོད་འདུག

འབོད་སྐུལ།

ད་ཆར་ཞུ་ཡིག་དེའི་གྲུབ་འབྲས་ཅི་འདྲ་ཞིག་འདོན་ཐུབ་བམ་ཞེ་ན། ཞུ་ཡིག་གཏོང་མཁན་གྱི་དམག་ཤོག་ཚོགས་པའི་ཚོགས་མི་ཟུར་པ་དེ་དག་ནི་གནད་ཡོད་མི་སྣ་རྐྱང་ཡིན་པར་བརྟེན།  ད་ལྟ་དམག་ཤོག་ཚོགས་པའི་ནང་འགན་འཁུར་བཞིན་པ་རྣམས་ཀྱིས་དོ་སྣང་མི་བྱེད་ཐབས་མེད་དུ་གྱུར་ཡོད་འདུག

ཞུ་ཡིག་དེས་སྤྱི་ཟླ་བཅུ་པའི་ཚེས་ ༡༦ ཉིན་འཚོག་གཏན་འཁེལ་བའི་ཏང་གི་ཚོགས་ཆེན་ཐོག་རྒྱ་ནག་གི་རྩ་ཁྲིམས་ནང་ངེས་པར་དུ་འཁོལ་དགོས་པའི་གནད་དོན་འགའ་གླེང་ཡོད་པ་དང་། དེ་དག་ནི་དམངས་ཀྱི་དབང་ཆ་ཡོད་ཚད་ཁྲིམས་མཐུན་དང་ཕྱི་གསལ་ནང་གསལ་གྱི་ཐོག་ནས་སོ་སོའི་ས་མཚམས་དང་འགན་དབང་ཡོད་པ་གཞིར་བཟུང་ལོངས་སུ་སྤྱོད་བཅུག་དགོས་ཞེས་འཁོག་ཡོད་པ་དང་། ད་སྔ་བར་གྱི་གནས་ཚུལ་ཐོན་གསལ་ལ་གཞིགས་ན། སྲིད་བློན་ལི་ཁི་ཆང་གིས་དམག་ཤོག་གཞུང་གི་རྩ་ཁྲིམས་ཁྲོད་བསྒྱུར་བཅོས་དེ་འདྲ་ཞིག་དགོས་ཚུལ་བརྗོད་ཡོད་འདུག  འོན་ཀྱང་། ཞི་ཅི་ཕིན་གཅིག་སྡུད་རིང་ལུགས་ལ་དགའ་ཞེན་ཡོད་པའི་རྐྱེན་གྱིས་རྩ་ཁྲིམས་བསྒྱུར་བཅོས་ཐོག་དེ་ཙམ་ཤུགས་རྒྱག་གི་མེད་པ་རེད།

རྒྱ་ནག་གི་མི་མང་དཀྱུས་མའི་ཁྲོད་ཞི་ཅི་ཕིན་གྱི་གཅིག་སྡུད་རིང་ལུགས་ལ་ཡིད་ཐང་ཆད་བཞིན་ཡོད་པ་དང་དམག་ཤོག་གཞུང་གི་སྲིད་བྱུས་འདྲ་མིན་འོག་གཞུང་གི་ལས་དོན་བྱེད་ཕྱོགས་དང་དབང་ཆ་ལ་མི་དམངས་ནས་ཐེ་གཏོགས་བྱེད་དབང་མེད་པར་བཟོས་ཡོད་འདུག  ད་ཆར་མི་དམངས་ཀྱི་ཁྲོད་དམག་ཤོག་གཞུང་ལ་སྐྲག་སྣང་དང་འཇིགས་སྣང་མེད་པའི་ཐོག་ནས་གསར་བརྗེ་རང་བཞིན་གྱི་ཁོང་ཁྲོ་ཞིག་མངོན་ཞིག་ཡོད་པ་དེ་རྒྱུ་མཚན་ཅི་ཞིག་ཡིན་ནམ་ཞེས་ན། རྒྱུ་མཚན་ནི་མི་དམངས་ཀྱི་ཁྲོད་དམག་ཤོག་གཞུང་ལ་ཡིད་ཐང་ཆད་ཅིང་རེ་བ་བརླག་བཞིན་ཡོད་པ་དང་། ཁྱད་པར་དུ་སྡུག་རྩུབ་ཆེ་བའི་སྲིད་བྱུས་འདྲ་མིན་ལག་བསྟར་བྱེད་བཞིན་གཅིག་སྡུད་རིང་ལུགས་ཀྱི་གཞུང་ཞིག་ཏུ་འགྱུར་བཞིན་ཡོད་པའི་རྐྱེན་གྱིས་ཡིན་འདུག ད་དུང་གནད་དོན་གཞན་ཞིག་ནི་ཚོང་ལས་ལས་དོན་ནམ་དཔལ་འབྱོར་མཁོ་སྒྲུབ་བྱེད་བའི་གོ་སྐབས་ཉུང་དུ་ཕྱིན་ཡོད་པའི་རྐྱེན་དང་ཞི་ཅི་ཕིན་གྱི་ཁ་གཏད་པར་དྲག་གནོན་བྱེད་བཞིན་པ་དེས་མི་མང་རྣམས་ལ་རང་རང་གི་མ་འོངས་པའི་ཐད་སེམས་ཁྲལ་དམིགས་བསལ་བཟོས་ཡོད་འདུག

གོང་གསལ་ཞུ་ཡིག་དེས་ཞི་ཅི་ཕིན་མུ་མཐུད་ནས་དུས་ཡུན་གསུམ་པའི་ཐོག་ཏུ་འདུག་ཐུབ་མིན་ལ་ཤུགས་རྐྱེན་ཆེན་པོ་ཐེབས་རྒྱུ་ཡིན་པར་ཐེ་ཚོམ་མེད་པ་ཞིག་ཡིན་པ་དང་། དཔོན་རིགས་རྒན་གྲས་དེ་དག་གིས་གསལ་པོ་བརྗོད་ཡོད་པ་ཞིག་ལ་བསྒྱུར་བཅོས་ཤིག་ངེས་པར་དུ་དགོས་པ་དང་ད་ལྟའི་སྲིད་འཛིན་གྱི་ནོར་འཁྲུལ་ལ་བརྟེན་ནས་གཞུང་དང་མི་དམངས་གཉིས་ཀ་ལ་རྒྱུན་ཆད་མེད་པར་དཀའ་ངལ་འཕྲད་བཞིན་ཡོད་པ་རེད་ཅེས་བརྗོད་ཡོད་འདུག

མ་རྩོམ་གྱི་འབྲེལ་ཐག https://tfiglobalnews.com/2022/08/31/democracy-in-china-three-ccp-veterans-are-working-towards-it/

འབྲེལ་ཡོད་གསར་འགྱུར།

དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། དུས་བབ་ཀྱི་པར།
Mobile App

དམངས་གཙོའི་དུས་དྲན་ཐེངས་ ༦༦ པ་སྲུང་གཙི་གནང་། 

ཆུ་ཚོད་ ༢༡ སྔོན་ལ།
Mobile App

བལ་བོད་ས་མཚམས་ཀྱི་ཆུ་ལོག་ལས་བོད་ནང་གི་དངོས་ཡོད་གནས་ཚུལ་ཁ་གསལ་བཟོ་དགོས་པའི་འབོད་སྐུལ་ཞུས་སོང་།

༢༠༢༦/༠༩/༠༡
པར་མིས་བཟོས་རིག་ནུས་ཀྱིས་བསྒྲིགས།
Editorials

ཟ་བཅུག་ནས་ཁ་ལ་བལྟ། འགྲོ་བཅུག་ནས་རྗེས་ལ་བལྟ།

༢༠༢༦/༠༩/༠༡
ཆོས་རིག་བཀའ་བློན་མཆོག་གིས་འཚམས་གཟིགས་གནང་བཞིན་པ། དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

ཆོས་རིག་བཀའ་བློན་གྱི་རྒྱ་གར་བྱང་ཤར་ཁུལ་གྱི་འཚམས་གཟིགས་ཐེངས་དང་པོ་ལེགས་པར་གྲུབ།

༢༠༢༦/༠༩/༠༡
Russian President Vladimir Putin and Chinese President Xi Jinping  in Bishkek, Kyrgyzstan, on Monday. | SPUTNIK / VIA REUTERS
གསར་འགྱུར།

ཧྲང་ཧེ་མཉམ་འབྲེལ་ལྷན་ཚོགས་ཐོག་ཞི་ཅིན་ཕིན་དང་པུ་ཊིན་གཉིས་ཐུག

༢༠༢༦/༠༩/༠༡
མ་རྩོམ་གྱི་པར།
Mobile App

རྒྱ་ནག་གཞུང་གིས་སླར་ཡང་གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་དུ་གནོན་ཤུགས་སྤྲད་པ།

༢༠༢༦/༠༨/༣༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese