མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཧིན་མཐའ་མཚམས་ཀྱི་རྩོད་གླེང་ཞི་འགྲིག་ཡོང་མེད་པ་རེད།

བོད་ཀྱི་དུས་བབ།
༢༠༢༢/༠༩/༡༤
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་དཀར་ནག་གཉིས་ཀྱི་ཆེས་མཐོའི་དམག་དོན་མི་སྣས་ཐུག་འཕྲད་ཐེངས་ལན་མང་བྱས་ཡོད་ཀྱང་བོད་ཧིན་མཐའ་མཚམས་ཀྱི་དཀའ་རྙོག་སེལ་ཐུབ་མེད་པ་རེད་འདུག

Indian Army soldiers atop a T-90 tank in Ladakh | Representational image | ANI

ཕྱི་ལོ་ ༢༠༢༠ ལོར་བོད་ཧིན་མཐའ་མཚམས་སུ་ཁེལ་བའི་ལ་དྭགས་གྷལ་ཝན་ལུང་གཤོངས་ (Galwan Valley) སུ་རྒྱ་དཀར་ནག་གཉིས་ཀྱི་དམག་མི་བར་གདོང་ཐུག་དྲག་པོ་བྱུང་རྗེས་ཡུལ་གཉིས་ཀྱི་འབྲེལ་བ་སྔར་ལས་ཇེ་སྡུག་ཏུ་ཕྱིན་ཡོད་པ་དང་། ཕྱོགས་གཉིས་ནས་གྲོས་མོལ་ཐེངས་མང་བྱས་ཡོད་ཀྱང་མུ་མཐུད་ནས་མཐའ་མཚམས་སྲུང་སྐྱོབ་དང་དམག་རྒྱག་གི་གྲ་སྒྲིག་བྱེད་བཞིན་ཡོད་པ་ལྟར། ཁ་སང་ཕྱི་ཚེས་ ༡༣ ཉིན་རྒྱ་གར་གསར་འགྱུར་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་བ་ལྟར་ན། བོད་ཧིན་ས་མཚམས་སུ་ཁེལ་བའི་ཆུ་ཚན་ཁུལ་དུ་རྒྱ་དཀར་ནག་གཉིས་ཀྱི་དམག་དོན་ཆེས་མཐོའི་མི་སྣ་ཐུག་འཕྲད་བྱས་ཏེ། རྒྱ་དཀར་ནག་གཉིས་ཀྱིས་བོད་ཧིན་མཐའ་མཚམས་སུ་ཁེལ་བའི་ས་གནས་ཁག་གི་རྩོད་རྙོག་རྣམས་ཞི་འགྲིག་བྱས་ཐུབ་མེད་ཀྱང་། ཆུ་ཚན་ཁུལ་གྱི་ཕྱོགས་གཉིས་ཀའི་དམག་མི་ཕྱིར་འཐེན་བྱ་རྒྱུ་བྱས་ཡོད་འདུག

དེ་རིང་རྒྱ་གར་པེ་རིན་ཌི་( The Print ) གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན།  ༢༠༢༠ ལོ་དཀྱིལ་ཙམ་ནས་བོད་ཧིན་མཐའ་མཚམས་ཁུལ་དུ་རྒྱ་དཀར་ནག་གཉིས་ཀྱི་དམག་མི་འགྲེམས་འཇོག་བྱས་ནས་རང་རང་གི་མཐའ་མཚམས་འགོག་སྲུང་བྱེད་མུས་ཡིན་ཡང་། ཁ་སང་རྒྱ་དཀར་ནག་གི་ཆེས་མཐོའི་མི་སྣ་ཁག་བོད་ཧིན་མཐའ་མཚམས་ (LAC) སུ་ཐུག་འཕྲད་བྱས་པ་བརྒྱུད། ཕྱོགས་གཉིས་ཀས་དམག་མི་རྣམས་ཕྱིར་འཐེན་བྱ་རྒྱུ་དང་། གནས་སྐབས་རིང་དམག་མིའི་སྡོད་ཁང་གསར་རྒྱག དེ་བཞིན་རྒྱ་དཀར་ནག་གི་དམག་མིའི་གདོང་ཐུག་དང་འཐབ་འཁྲུག་མི་ཡོང་སླད་གནས་སྐབས་རིང་བོད་ཧིན་མཐའ་མཚམས་སུ་ཁེལ་བའི་ཆུ་ཚན་ཁུལ་དེ་ཕྱོགས་གཉིས་ཀྱི་བར་གནས་མངའ་ཁུལ་ (buffer zone) བྱ་རྒྱུའི་འགྲིག་མཐུན་བྱུང་ཡོད་འདུག

རྒྱ་དཀར་ནག་གཉིས་ཀྱི་མཐའ་མཚམས་ཞི་འགྲིག་གི་གནད་དོན་ཕྱིར་འཐེན་བྱས་ཡོད་ཀྱང་། ཕྱོགས་གཉིས་ཀས་ཆུ་ཚན་ཁུལ་དེ་གནས་སྐབས་བར་གནས་མངལ་ཁུལ་དུ་བཟོ་རྒྱུའི་འགྲིག་མཐུན་བྱུང་ཡོད་སྟབས། རྒྱ་གར་གཞུང་གི་དམག་དོན་ཆེད་མཁས་པ་དག་གིས། ཕྱི་ལོ་ ༢༠༢༠ ནས་རྒྱ་དཀར་ནག་གཉིས་ཀྱི་བར་མཐའ་མཚམས་ཀྱི་རྩོད་རྙོག་མང་པོ་ཞིག་བྱུང་བའི་ཁྲོད། ཕྱོགས་གཉིས་ཀྱི་བར་གནས་མངའ་ཁུལ་(buffer zone) ཞིག་བཟོས་མྱོང་མེད་པ་དང་། རྒྱ་ནག་གཞུང་གིས་བར་གནས་མངའ་ཁུལ་དེ་ཕྱོགས་གཉིས་ཀྱི་དམག་མི་གདོང་ཐུག་སོགས་མི་ཡོང་བའི་ཆེད་དུ་ཡིན་ལུགས་བཤད་ཡོད་ཀྱང་། དེར་རྒྱ་གར་གྱི་ས་གནས་རྒྱ་ཆེ་བ་ཚུད་ཡོད་པས་རྒྱ་གར་གྱི་མཐའ་མཚམས་དམག་མིར་གྱོང་གུད་ཆེ་བ་ཐེབས་ཉེན་ཡོད་སྐོར་འགྲེལ་བརྗོད་བྱས་ཡོད་འདུག འདི་ལོའི་ཕྱི་ཟླ་ ༨ ཚེས་ ༢༩ ཉིན་རྒྱ་ནག་བཅིངས་གྲོལ་དམག་མི་ཟེར་བ་ཞིག་གིས་བོད་ཧིན་ས་མཚམས་སུ་ཁེལ་བའི་བདེ་མཆོག་ཁུལ་གྱི་ས་གནས་ཕྱུགས་ཟོག་འཚོ་མཁན་རྣམས་བཀག་འགོག་དང་ཕྱིར་ཕུད་བྱས་ཏེ། རྒྱ་ནག་བཅིངས་གྲོལ་དམག་མི་ཟེར་བས་ཡུལ་མི་རྣམས་ལའང་སུན་གཙེར་ཡང་ཡང་བཟོས་ཀྱི་ཡོད་པར་བརྟེན། ད་ལྟ་རྒྱ་གར་གཞུང་གིས་བོད་ཧིན་ས་མཚམས་སུ་ཁེལ་བའི་འདེབས་བཟང་དང་བདེ་མཆོག་མངལ་ཁུལ་དུ་མཐའ་སྲུང་ནན་མོ་བྱེད་མུས་ཡིན་པ་རེད་འདུག

གཞན་ཡང་འདི་ལོའི་ཕྱི་ཟླ་ ༧ ཚེས་ ༢༡ ཉིན་རྒྱ་ནག་གཞུང་གིས་རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་མངའ་སྡེའི་བོད་ཧིན་ས་མཚམས་སུ་ཁེལ་བའི་བོད་ལྷུན་རྩེ་རྫོང་ནས་ཤིན་ཅང་གི་མཱ་ཛ་ (Mazha) བར་སྤྱི་ལེ་ ༤༦༡།༠༠༠ ཡོད་པའི་མཐའ་མཚམས་ཀྱི་མྱུར་སྐྱོད་གཞུང་ལམ་ G695 ཟེར་བ་ཞིག་གསར་རྒྱག་གི་ལས་གཞི་སྤེལ་བཞིན་ཡོད་འདུག་ལ། གཞུང་ལམ་དེ་ནི་རྒྱ་གར་བྱང་ཕྱོགས་འབྲས་ལྗོངས་ཀྱི་མཐའ་མཚམས་སུ་ཁེལ་བའི་བོད་གམ་པ་རྫོང་དང་། རྒྱ་གར་དང་བལ་ཡུལ་གཉིས་ཀྱི་མཐའ་མཚམས་སུ་ཁེལ་བའི་སྐྱིད་གྲོང་རྗོང་བརྒྱུད་ནས་གསར་རྒྱག་བྱ་རྒྱུའི་ལས་གཞི་མུ་མཐུད་དུ་ལག་བསྟར་བྱེད་མུས་ཡིན་ཡང་། ལས་གཞི་དེ་ཕྱི་ལོ་ ༢༠༣༥ བར་ལེགས་འགྲུབ་ཡོང་བའི་འཆར་གཞི་ཡོད་པ་ཙམ་ལས། ད་ལྟའི་ཆར་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད།

ད་བར་རྒྱ་དཀར་ནག་གཉིས་ཀྱིས་མཐའ་མཚམས་ཀྱི་རྩོད་རྙོག་དང་འབྲེལ་ནས་གྲོས་མོལ་ཐེངས་ ༡༧ བྱས་ཡོད་ནའང་། དམིགས་བསལ་གྱི་གྲུབ་འབྲས་གང་ཡང་ཐོན་མེད་ཀྱང་། རྒྱ་གར་གཞུང་གིས་བོད་ཧིན་ས་མཚམས་ཀྱི་མངལ་ཁུལ་དུ་འགོག་སྲུང་ནན་མོ་བྱེད་མུས་ཡིན་པ་དང་། ལྷག་པར་རྒྱ་ནག་བཅིངས་གྲོལ་དམག་མིས་རྒྱ་གར་གྱི་བདེ་མཆོག་དང་འདེབས་བཟང་ཁུལ་དུ་སིམ་འཛུལ་དང་རྙོག་གླེང་བཟོ་བར་འགོག་རྒོལ་བྱེད་མུས་ཡིན་པ་རེད་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

ཆུ་ཚོད་ ༢༡ སྔོན་ལ།
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

༢༠༢༦/༠༣/༢༡
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༦/༠༣/༢༡
Penny Wong, Richard Marles, Judith Collins KC, Winston Peters
Mobile App

བོད་ནང་གི་ཆོས་དང་རིག་གཞུང་སོགས་ཉམས་རྒུད་དུ་འགྲོ་བཞིན་པར་བློ་འཚབ་བསྟན།

༢༠༢༦/༠༣/༢༠
TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨
ttttt
Mobile App

སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་གསལ་བསྒྲགས་གནང་སོང་། 

༢༠༢༦/༠༣/༡༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese