མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོན་རིག་པའི་བགྲོ་གླེང་མཇུག་སྒྲིལ་སོང་།

བོད་ཀྱི་དུས་བབ།
༢༠༢༢/༠༩/༡༤
Share on FacebookShare on TwitterShare on EmailShare on Whatsapp

ཉིན་གྲངས་གཉིས་རིང་གི་བོན་རིག་པའི་བགྲོ་གླེང་ཐེངས་གསུམ་པ་དེ་མཇུག་སྒྲིལ་སོང་།

ཁ་སང་ཕྱི་ཚེས ༡༣ ནས་ཉིན་གྲངས་གཉིས་རིང་བོན་གྱི་གདན་ས་ཆེན་མོ་༧དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེ་རུ་བོན་རིག་པའི་བགྲོ་གླེང་ཐེངས་གསུམ་པ་དེ་འཚོགས་ཡོད་ཅིང་། ད་ལན་གྱི་བོན་རིག་པའི་བགྲོ་གླེང་ཐོག་སྨན་རིའི་གླིང་དང་། ཁྲི་བརྟན་ནོར་བུ་རྩེ། སྨན་རིའི་བཙུན་དགོན། ཝཱ་ཎ་གཙུག་ལག་མཐོ་སློབ། སྔར་སྲོལ་གསོ་རིག་འབུམ་བཞིའི་སློབ་གྲྭ་བཅས་ཚོགས་སྡེ་མང་པོ་ཞིག་ནས་གཏམ་བཤད་པ་བཅོ་ལྔ་ལྷག་གིས་མཉམ་ཞུགས་གནང་ཡོད་འདུག

ཁ་སང་སྔ་དྲོ་ཝཱ་ཎ་མཐོ་སློབ་ཀྱི་དགེ་རྒན་སྨན་རིའི་དགེ་བཤེས་ཕུན་ཚོགས་ཉི་མ་ལགས་ཀྱིས་མཁན་སློབ་ཆོས་གསུམ་སྐབས་ངམ་སྟག་ར་ཀླུ་གོང་ཤི་བར་བཤད་པ་ལ་དཔྱད་པ་དང་། དགེ་བཤེས་སྐལ་བཟང་བློ་གསལ་ལགས་ནས་དངོས་བསྐྱེད་པའི་བསྐྱེད་རིམ་གྱི་དོན་ལ་དཔྱད་པ། སྨན་རིའི་བཙུན་དགོན་རདྣ་སྨན་གླིང་གི་དགེ་བཤེས་བཙུན་མ་ཕུན་ཚོགས་ཚུལ་འཛིན་ལགས་ཀྱིས་དགེ་སློབ་བར་གྱི་འབྲེལ་ལམ་སྐོར།  སྨན་དགེ་གནམ་གསས་གྲགས་པ་ལགས་ནས་རང་འབྱུང་ཆུ་ཚན་གྱི་སྐོར། བཀའ་རམས་པ་ཚུལ་ཁྲིམས་ཡེ་ཤེས་ནས་མན་ངག་ལེའུ་བརྒྱད་པའི་གལ་གནད་ལ་དཔྱད་པ། བཀའ་རམས་པ་མཁྱེན་རབ་རྒྱ་མཚོ་ལགས་ཀྱིས་བོན་གྱི་དཔེ་གཞུང་ལས་གསལ་བའི་རྗེ་རི་ཁྲོད་པའི་སྐོར་གྱི་ཐོག་མའི་དཔྱད་གླེང་། རྨ་རོང་ཚུལ་ཁྲིམས་རྒྱ་མཚོ་ལགས་ཀྱིས་མ་རྒྱུད་ནང་གི་ཆེ་བཞི་མཆོག་ལྔ་ངོས་འཛིན་ཚུལ། སློབ་གཉེར་བ་མཐུ་སྟོབས་དབང་ཕྱུག་ལགས་ནས་བོད་ཀྱི་ཁ་བཏགས་རིག་གནས་ལ་དཔྱད་གླེང་སོགས་ཀྱི་སྐོར་ལ་གཏམ་བཤད་དང་དྲི་བ་དྲིས་ལན་གནང་ཡོད་འདུག

དེ་རིང་སྨན་པ་བཀའ་བཅུ་པ་དགེ་བཤེས་ཁྲི་གཙུག་ཡོན་ཏན་ལགས་ཀྱིས་གཉིད་ཀྱི་ཞིང་ཁམས་ནས་རྨི་ལམ་བརྟག་ཐབས་གླེང་བ་དང་། སློབ་གཉེར་བ་ཚུལ་ཁྲིམས་རབ་བརྟན་ལགས་ཀྱིས་བོན་ཆོས་དར་ཡུལ་གྱི་འདུ་གནས་གལ་ཆེན་གཙང་སྟོད་བྱེ་མ་གཡུང་དྲུང་གི་སྐོར། བཀའ་རམས་པ་གཡུང་དྲུང་གཙུག་ཕུད་ལགས་ཀྱིས་སྔགས་ཨ་དཀར་བའི་ལུགས་ཀྱི་བསྐྱེད་རིམ་སྐོར་རོབ་ཙམ་གླེང་བ། ཧིན་དྷུ་གཙུག་ལག་སློབ་གྲྭ་ཆེན་མོའི་འབུམ་རམས་པའི་ཞིབ་འཇུག་སློབ་མ་རྔ་བ་ཀུན་བཟང་སྒྲོལ་མ་ལགས་ཀྱིས་ལམ་རིམ་སུམ་བརྒྱ་པ་དང་དེའི་འགྱུར་སྐོར་གླེང་བ། རྩ་འཛིན་སློབ་དཔོན་དགེ་བཤེས་ཁྲི་ལྡེ་ཚུལ་ཁྲིམས་ལགས་ཀྱིས་སྔགས་ནང་པའི་རྫོགས་རིམ་ལས་འཕྲོས་པའི་སྒྱུ་ལུས་སྐོར་ཅུང་ཙམ་གླེང་བ། བཤད་སྒྲུབ་འདུས་སྡེའི་དགེ་སྐོས་ལས་ཐོག་པ་གཙུག་ཕུད་རྒྱལ་མཚན་ལགས་ཀྱིས་བདེན་གཉིས་ཀྱི་དབྱེ་གཞིའི་སྐོར་གླེང་བ་ཞེས་པའི་བརྗོད་གཞིའི་ཐོག་དྲི་བ་དྲིས་ལན་སོགས་གནང་ཡོད་འདུག

ཕྱི་ལོ་༢༠༠༢ ལོར་སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེའི་ལམ་སྟོན་འོག་བགྲེས་པོའི་འབེལ་གཏམ་རྩོམ་སྒྲིག་ལྷན་ཚོགས་ཀྱིས་གོ་སྒྲིག་ཞུས་ཏེ་བདུན་ཕྲག་རེར་བགྲོ་གླེང་རེ་འཚོག་གིན་ཡོད་ཅིང་།  ཕྱི་ལོ་༢༠༢༠ ལོར་བགྲེས་པོའི་འབེལ་གཏམ་རྩོམ་སྒྲིག་ལྷན་ཚོགས་ཀྱི་གོ་སྒྲིག་འོག༼བོན་རིག་པའི་བགྲོ་གླེང༽ཐེངས་དང་པོ་དེ་མགོ་འཛུགས་བྱས་འདུག་ལ། འདི་ལོའི་བོན་རིག་པའི་བགྲོ་གླེང་ཐེངས་གསུམ་པའི་སྟེང་སྨན་རིའི་གླིང་དང་། ཁྲི་བརྟན་ནོར་བུ་རྩེ། སྨན་རིའི་བཙུན་དགོན། ཝཱ་ཎ་གཙུག་ལག་མཐོ་སློབ། སྔར་སྲོལ་གསོ་རིག་འབུམ་བཞིའི་སློབ་གྲྭ་བཅས་ཚོགས་སྡེ་མང་པོ་ཞིག་གིས་མཉམ་ཞུགས་བྱས་ཡོད་འདུག

གནས་ཚུལ་མཁོ་སྤྲོད་པ། ཚུལ་ཁྲིམས་རབ་བརྟན། (བོན་རིག་པའི་བགྲོ་གླེང་གོ་སྒྲིག་པ།)

འབྲེལ་ཡོད་གསར་འགྱུར།

Front Slider

༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་མཛད།

ཆུ་ཚོད་ ༡༧ སྔོན་ལ།
Mobile App

བོད་དང་བོད་མིའི་མགྲིན་ཚབ་ཀྱི་བོད་སྒྱུར་ཕྱག་དེབ་འབྱེད་གནང་སོང་། 

ཆུ་ཚོད་ ༡༩ སྔོན་ལ།
༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་མཛད། དཔལ་ལྡན་དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༧།༢
༸གོང་ས་མཆོག གསར་འགྱུར།

༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་མཛད་སོང་།

ཆུ་ཚོད་ ༡༩ སྔོན་ལ།
འཕྲུལ་རིག་སྐད་བརྡའི་འཇུག་སྒོ། ཕེ་ཊོན་ (Python) ཞེས་པའི་དཔེ་དེབ། ༢༠༢༥།༦།༣༠
Mobile App

འཕྲུལ་རིག་སྐད་བརྡའི་འཇུག་སྒོ་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་།

༢༠༢༥/༠༧/༠༡
ལོ་རྗེས་མར་སྦེལ་ཀོབ་བདེ་སྐྱིད་སླར་གསོ་གཞིས་ཆགས་སུ་ཨ་ཕའི་རྐང་སྤོལ་རྩེད་འགྲན་འཚོག་རྒྱུ་ཡིན་འདུག ༢༠༢༥།༦། ༣༠ ཨ་ཕ་རྐང་སྤོལ་ཚོགས་པའི་པར།
Mobile App

རྡོ་རྗེ་གླིང་གཡག་རུ་ཁག་ལ་འདི་ལོའི་ཨ་ཕ་གསེར་གྱི་བུམ་པའི་རྟགས་མ་ཐོབ་སོང་།

༢༠༢༥/༠༧/༠༡
༸གོང་ས་མཆོག གསར་འགྱུར།

བོད་ལྗོངས་མདོ་སྨད་ཆོལ་ཁས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

༢༠༢༥/༠༦/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese