མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་རང་སྐྱོང་ལྡན་པའི་ཁེ་གཉེར་ཁང་ཞིག་ཏུ་བསྒྱུར་བར་མང་མོས་ཐག་གཅོད་བྱུང་།

བོད་ཀྱི་དུས་བབ།
༢༠༢༢/༠༩/༡༦
Share on FacebookShare on TwitterShare on EmailShare on Whatsapp

དཔལ་འབྱོར་བཀའ་བློན་སྤེན་པ་ཚེ་རིང་མཆོག་ནས་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་དེ་མ་འོོངས་པར་རང་སྐྱོང་ལྡན་པའི་ཁེ་གཉེར་ཁང་ཞིག་ཏུ་བསྒྱུར་དགོས་པའི་བཟོ་བཅོས་གྲོས་འཆར་མང་མོས་ཐོག་ནས་གཏན་འབེབས་གནང་སོང་།

དེ་རིང་ཕྱི་ཚེས་ ༡༦ ཉིན་གྲོས་ཚོགས་ཀྱི་ལས་ཉིན་ ༨ སྟེང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས། གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་དང་འབྲེལ་བའི་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་ཞིག་དང་འཛིན་སྐྱོང་བཀའ་ཤག་གིས་བཟོ་བཅོས་གྲོས་འཆར་ཞིག་འཁྱེར་ཡོད་པའི་ཐད། གྲོས་ཚོགས་ནང་མང་མོས་འོས་བསྡུ་བྱེད་སྐབས། བཀའ་ཤག་གི་བཟོ་བཅོས་གྲོས་འཆར་ལ་ངོས་ལེན་བྱེད་མཁན་སྤྱི་འཐུས་གྲངས་ ༢༠ དང་སྤྱི་ལྷན་གྱི་གྲོས་ཆོད་གྲོས་འཆར་ལ་རྒྱབ་སྐྱོར་བྱེད་མཁན་སྤྱི་འཐུས་གྲངས་ ༡༣ བཅས་ཆགས་ཏེ། སྤྱི་ལྷན་གྱི་གྲོས་ཆོད་དེ་མར་བསགས་སོང་ལ།  དེ་རྗེས་བཀའ་ཤག་གི་བཟོ་བཅོས་གྲོས་འཆར་ལ་སྤྱི་འཐུས་ ༩ ཡིས་དགག་བྱ་བཏོན་པ་དང་སྤྱི་འཐུས་ ༡༦ གིས་ངོས་ལེན་བྱས་པར་བརྟེན། བཀའ་ཤག་གི་བཟོ་བཅོས་གྲོས་འཆར་དེ་མང་མོས་ཐོག་ནས་གཏན་འབེབས་གནང་སོང་།

གྲོས་ཆོད་གྲོས་འཆར་དེའི་སྔོན་གླེང་དུ།  བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་ཁྱབ་ཁོངས་དངུལ་ཁང་ལྟ་བུའི་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་གནས་སྟངས་ཐད། སྐབས་ ༡༧ པའི་གྲོས་ཚོགས་ཚོགས་དུས་ ༢ པ་དང་ཚོགས་དུས་ ༣ སྔོན་རྩིས་གྲོས་ཚོགས་བཅས་ཀྱི་སྐབས་བགྲོ་གླེང་ལན་འདེབས་གསལ་བཤད་བྱུང་བ་གཞིར་བཟུང་། གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་ཁེ་ཉེན་གནས་སྟངས་ཇི་ཆགས་རྟོག་ཞིབ་སླད། སྐབས་ ༡༧ པའི་གྲོས་ཚོགས་ཚོགས་དུས་་༣ པའི་ཐོག་གྲོས་ཆོད་ཡིག་ཆ་ཨང་ ༢༦ པའི་དགོངས་དོན་བཞིན་ཚོགས་ཆུང་གི་སྙན་ཐོ་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༤ བའི་ཐོག་སྙན་སྒྲོན་གནང་བར་བགྲོ་གླེང་དང་འཛིན་སྐྱོང་ནས་ལན་འདེབས་གསལ་བཤད་གནང་བའི་ཐོག་གྲོས་ཆོད་ཅིག་འཇོག་དགོས་སུ་མཐོང་། ཞེས་བཀོད་འདུག

སྤྱི་ལྷན་གྱི་གྲོས་ཆོད་དེའི་ནང་། གཅིག གོང་གསལ་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་ཁེ་ཉེན་གནས་སྟངས་ཇི་ཆགས་རྟོག་ཞིབ་ཚོགས་ཆུང་གི་ངོས་ནས་ལས་དོན་ཞིབ་ཚགས་ཀྱིས་འཁུར་བསྐྱེད་གང་ལེགས་གནང་འདུག་པར་ལེགས་སོའི་བསྔགས་བརྗོད་ཞུ་རྒྱུ།

གཉིས། ཚོགས་ཆུང་གི་གྲུབ་དོན་སྙན་ཐོའི་ནང་མཐའ་བསྡོམས་རྒྱབ་གཉེར་ནང་གསལ་ཁག་གཞི་རྩར་བཟུང་ནས་འཛིན་སྐྱོང་གིས་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་མུ་མཐུད་གནས་རྒྱུར་ཉེན་ཁ་ལ་གདོང་ལེན་བགྱིས་ཏེ་སྐྱོབ་ཐུབ་པའི་ཐབས་ལམ་བསྟེན་དགོས་རྒྱུ་དང་། གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་འཛིན་སྐྱོང་གནང་ཕྱོགས་ཀྱང་གནས་སྟངས་ལ་བལྟས་ནས་ད་མུས་ཇི་བཞིན་ནམ། རང་སྐྱོང་གི་ངོ་བོར་སྒྱུར་རྒྱུ། གཞན་ཇི་འགབ་བཀའ་ཤག་ནས་ཐག་གཅོད་གནང་རྒྱུ། གལ་ཏེ་མུ་མཐུད་གནས་ཐབས་མེད་པའི་ཟློག་མེད་གནས་སྟངས་གྱུར་ཚེ་དེ་ལུགས་གྲོས་ཚོགས་སུ་སྙན་སེང་གིས་ཐག་གཅོད་ཡོང་ཐབས་རྒྱུ་ཞེས་བཀོད་འདུག (གྲོས་ཆོད་འདི་མར་བསགས་ཡོད)

བཀའ་ཤག་གིས་བཟོ་བཅོས་གྲོས་འཆར་སྙན་སྒྲོན་ཞུས་སྐབས། སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུ་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞིའི་དོན་ཚན་ ༥༠ བའི་ཆ་རྐྱེན་འོག སྐབས་ ༡༧ པའི་སྤྱི་ལྷན་གྱི་གྲོས་ཚོགས་ཚོགས་དུས་ ༤ བའི་ཡིག་ཆ་ཨང་ ༤༣ པར་བཟོ་བཅོས་གྲོས་འཆར་འདོན་འབོད་ཞུ་རྒྱུ།

གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་དེ་ཉིད་རང་སྐྱོང་ལྡན་པའི་ཁེ་གཉེར་ཁང་མིང་དོན་མཚུངས་པ་ཞིག་ཏུ་བསྒྱུར་ཐབས་སུ། ཚོགས་གཙོ་སྤྲེལ་པོས་བསྐོ་འཛུགས་བྱས་པའི་སྤྱི་འཐུས་གསུམ་དང་འཛིན་སྐྱོང་གིས་བསྐོ་འདོན་བྱས་པའི་མི་འགྲོ་གཉིས་བཅས་ལས་གྲུབ་པའི་ཚོགས་ཆུང་ཞིག་བཙུགས་ཏེ། གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་ཚོགས་མི་དེབ་སྐྱེལ་མིང་བསྒྱུར་དང་། འཛུགས་ཡུལ་ས་གནས། འགན་འཛིན་ལྷན་ཚོགས་ཀྱི་གྲུབ་ཆ་དང་དེ་དག་ཡོང་སྟངས། འགན་འཁུར་ཞུ་ཡུལ་དང་ལས་དོན་བྱེད་ཕྱོགས། འཛིན་སྐྱོང་སྒྲོམ་གཞི། ལས་བྱེད་པ་འདེམས་སྒྲུག་བསྐོ་གཞག་དང་དེ་དག་གི་ཕོགས་དང་ཐོབ་ཐང་། མ་འཛུགས་དང་ལས་དོན་མཇུག་སྐྱོང་ལག་བསྟར་འཆར་གཞི་བཅས་ཀྱི་འགྲོ་ལུགས་བཟོ་དགོས་འཆར་འབུལ་བྱས་པའི་ཚོགས་ཆུང་གི་སྙན་ཐོ་གྲོས་ཚོགས་ཚོགས་དུས་ ༥ བར་འབུལ་དགོས། ཞེས་བཀོད་འདུག

འབྲེལ་ཡོད་གསར་འགྱུར།

TTTT
Mobile App

རྒྱ་ནག་གཞུང་གིས་བོད་མིའི་ནང་ཁུལ་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་ཐབས་སྔར་ལྷག་བྱེད་བཞིན་འདུག

ཆུ་ཚོད་ ༢ སྔོན་ལ།
TTTT
Mobile App

ལ་སྐོར་ལུང་སྐོར་བྱས་ནས་ཨ་རིའི་རོགས་དངུལ་ཨ་སྒོར་ས་ཡ་བདུན་སླར་གསོ་ཐུབ།

ཆུ་ཚོད་ ༣ སྔོན་ལ།
TTT
Mobile App

གདོང་ཐོག་ཚེ་རིང་ལགས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་དྲུང་གཞོན་ལས་རོགས་སུ་བསྐོ་གཞག་གནང་།

ཆུ་ཚོད་ ༤ སྔོན་ལ།
སྲིད་སྐྱོང་དང་དཔལ་འབྱོར་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༣།༡༥
Mobile App

རྩིས་ལོ་ ༢༠༢༦ ་་་ ༢༠༢༧ ལོར་སྔོན་རྩིས་ཧིན་སྒོར་ས་ཡ་ ༣༤༠༧།༤༢ འཆར་འབུལ་ཞུས་འདུག 

༢༠༢༦/༠༣/༡༦
སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༡ པ་འཚོག་བཞིན་པ། ༢༠༢༦།༣།༡༦ བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་བདུན་པའི་སྔོན་རྩིས་གྲོས་ཚོགས་འཚོག་མགོ་བཙུགས།

༢༠༢༦/༠༣/༡༦
བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་མཉམ་འདུས་ཚོགས་སྡེའི་ཚོགས་ཆེན་ཐེངས་གསུམ་པ་འཚོགས། ༢༠༢༦།༣།༡༣ དུས་བབ་ཀྱི་པར།
Mobile App

སྟོབས་དང་ནུས་པ་གང་ཡོད་པ་ངོས་བཟུང་ནས་ང་ཚོའི་ཞན་ཆ་ཉུང་དུ་གཏོང་དགོས་ཞེས་གསུངས།

༢༠༢༦/༠༣/༡༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese