མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དབུ་མའི་ལམ་ཐོག་གཞོན་སྐྱེས་བསམ་བློ་བའི་ཚོགས་འདུ་སྐབས་གསུམ་པ་འཚོག་གིན་འདུག

བོད་ཀྱི་དུས་བབ།
༢༠༢༢/༠༩/༡༩
Share on FacebookShare on TwitterShare on EmailShare on Whatsapp

རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་གཞོན་སྐྱེས་བསམ་བློ་བའི་ཚོགས་འདུ་སྐབས་གསུམ་པ་ཉིན་གྲངས་གཉིས་རིང་དྷ་སྟེང་བོད་ཁྱིམ་དུ་འཚོག་བཞིན་འདུག

ཟླ་འདིའི་ཕྱི་ཚེས་ ༡༨ དབུ་མའི་ལམ་གྱི་ཉིན་མོ་དང་བསྟུན། རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་གོ་སྒྲིག་འོག ཕྱི་ཚེས་ ༡༨ ནས་ ༡༩ བར་ཉིན་གྲངས་གཉིས་རིང་དྷ་སྟེང་བོད་ཁྱིམ་ཞི་བདེ་གྲོས་མོལ་ཁང་དུ་དབུ་མའི་ལམ་གྱི་ཐོག་བོད་རིགས་གཞོན་སྐྱེས་བསམ་བློ་བའི་ཚོགས་འདུ་ཐེངས་གསུམ་པ་འཚོག་བཞིན་ཡོད་པ་དང་། དྷ་རམ་ས་ལར་ཡོད་པའི་སློབ་གྲྭ་ཁག་གི་སློབ་ཕྲུག་ ༣༠ དང་། ཚོགས་སྡེ་ཁག་གི་ཚོགས་གཙོ་དང་ཚོགས་གཞོན་བཅས་ཀྱིས་ཚོགས་ཞུགས་གནང་སྟེ། བོད་མི་ཁྱོན་ ༥༤ ཙམ་གྱིས་ཚོགས་བཅར་ཞུས་ཡོད་འདུག

ཐེངས་འདིའི་ཚོགས་འདུ་ཐེངས་གསུམ་པའི་ཉིན་དང་པོའི་སྟེང་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་དང་བོད་ཁྱིམ་སྤྱི་ཁྱབ་འགན་འཛིན་རྒན་བསོད་ནམས་སྲི་གཅོད་ལགས་རྣམ་གཉིས་སྐུ་མགྲོན་དུ་ཕེབས་ཡོད་འདུག ཁ་སང་ཕྱི་ཚེས་ ༡༨ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་ཕྱི་དྲིལ་ལས་ཁུངས་ཀྱི་དྲུང་འཕར་བསྟན་འཛིན་ལེགས་བཤད་ལགས་ཀྱིས་དབུ་མའི་ལམ་དང་བོད་ཀྱི་ལོ་རྒྱུས་ཀྱི་གནས་བབ སྐོར་དང་། དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ཡང་སྟེང་རིན་པོ་ཆེ་བློ་བཟང་བསྟན་པའི་རྒྱལ་མཚན་མཆོག་གིས་༧གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞིའི་སྐོར་གསུང་བཤད་དང་དྲི་བ་དྲིས་ལན་སོགས་བགྲོ་གླེང་གི་རྣམ་པའི་ཐོག་ནས་ཚོགས་འདུ་འཚོགས་སོང་།

དེ་རིང་ཚོགས་འདུ་ཐེངས་གསུམ་པའི་ཉིན་གཉིས་པའི་སྟེང་བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་མཆོག་གིས་དབུ་མའི་ལམ་དང་བོད་རྒྱ་འབྲེལ་མོལ་གྱི་སྐོར་དང་། ཉམས་ཞིབ་པ་ཤེས་རབ་དར་རྒྱས་ལགས་ཀྱིས་དབུ་མའི་ལམ་དང་བོད་མི་རིགས་ཀྱི་ཕུགས་འདུན་ཞེས་པའི་སྐོར་ལ་གསུང་བཤད་དང་དྲི་བ་དྲིས་ལན་བྱེད་ཀྱི་ཡོད་འདུག

འདི་གའི་གསར་འགོད་པས་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ཚོགས་གཙོ་སྐབས་དྲུག་པ་དགེ་བཤེས་བློ་བཟང་ཆོས་འཕེལ་ལགས་སུ་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་དམིགས་ཡུལ་གཙོ་བོ་ག་རེ་ཡིན་སྐོར་དྲིས་པར། ཐོག་མའི་ཡིག་ཐོག་ཏུ་བཀོད་པ་ཇི་བཞིན་༧རྒྱལ་བ་རིན་པོ་ཆེའི་དགོངས་གཞི་ལམ་སྟོན་དང་དམངས་གཙོའི་བརྒྱུད་རིམ་གྱི་ཐོག་ནས་ཐག་གཅོད་གནང་བ་ཞིག་ཡིན་ཡང་། མི་མང་རང་འགུལ་གྱི་ཐོག་ནས་ལས་འགུལ་ཤུགས་ཆེན་སྤེལ་ཏེ། དམངས་གཙོའི་བརྒྱུད་རིམ་ཐོག་ནུས་པ་ཆེ་ཤོས་ཀྱི་གྲུབ་འབྲས་འཐོན་པར་དམིགས་ཡོད་སྐོར་བརྗོད་བྱུང་།

བོད་རིགས་གཞོན་སྐྱེས་བསམ་བློ་བའི་ཚོགས་འདུ་དང་འབྲེལ་ནས་དགེ་བཤེས་བློ་བཟང་ཆོས་འཕེལ་ལགས་ཀྱིས། བོད་མི་ཡོངས་ལ་དབུ་མའི་ལམ་གྱི་གོ་རྟོགས་སྤེལ་སླད། མི་མང་དང་དམིགས་བསལ་གྱིས་བོད་རིགས་གཞོན་སྐྱེས་རྣམས་ལ་དམིགས་ཏེ། ཚོགས་འདུ་དང་བགྲོ་གླེང་གི་རྣམ་པའི་ཐོག་ནས་ལས་གཞི་སྤེལ་བ་ཞིག་ཡིན་པ་དང་། ད་ལྟའི་ཆར་དབུ་མའི་ལམ་གྱི་གོ་རྟོགས་སྤེལ་བར་བརྒྱུད་རིམ་མི་འདྲ་བ་མང་པོ་ཡོད། དེ་ཡང་མི་མང་ལ་བགྲོ་གླེང་གི་རྣམ་པའི་ཐོག་ནས་དབུ་མའི་ལམ་གྱི་གོ་རྟོགས་སྤེལ་རྒྱུ་དང་། མི་མང་དང་སློབ་གྲྭ་ཁག་ལ་གཏམ་བཤད་ཀྱི་ལམ་ནས་གོ་རྟོགས་སྤེལ་རྒྱུ། དེ་བཞིན་ཕྱོགས་སོ་སོ་ནས་གནད་ཡོད་མི་སྣ། སློབ་གྲྭ་ཁག་དང་མི་མང་གཅིག་པོ་མིན་པར། ཨ་རི་མཚོན་པའི་དཔོན་པོ་དང་རྒྱ་རིགས་ལྟ་བུ་རྒྱལ་ཁབ་གཞན་གྱི་མི་མང་ལའང་དེ་འབྲེལ་སྐོར་གོ་རྟོགས་དང་སྙན་ཞུ་འབུལ་རྒྱུ་སོགས་ཀྱི་ལས་གཞི་འགྲོ་མུས་ཡིན་སྐོར་བརྗོད་བྱུང་།

ཕྱི་ལོ་ ༢༠༢༠ ནས་ ༢༠༢༡ བར་ལོ་གཉིས་རིང་ཏོག་དབྱིབས་གཉན་རིམས་རྐྱེན་གྱིས་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་གི་ལས་འགུལ་ཁང་གཞོན་སྐྱེས་བསམ་བློ་བའི་ཚོགས་འདུ་འཚོགས་ཐུབ་མེད་ཀྱང་། ཕྱི་ལོ་ ༢༠༠༨ ལོར་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གིས་དབུ་མའི་ལམ་གྱི་ཉིན་མོ་སྲུང་གཙི་དང་འབྲེལ། བོད་མི་ཡོངས་དང་དམིགས་བསལ་གྱིས་བོད་རིགས་གཞོན་སྐྱེས་ཁག་ལ་དབུ་མའི་ལམ་གྱི་གོ་རྟོགས་སྤེལ་སླད། ཕྱི་ལོ་ ༢༠༡༨ ནས་ན་གཞོན་བསམ་བློ་བའི་ཚོགས་འདུ་ཞེས་པའི་ཚོགས་འདུ་དང་བགྲོ་གླེང་གི་རྣམ་པའི་ཐོག་ནས་ལས་འགུལ་འདྲ་མིན་གོ་སྒྲིག་འོག ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༢༢ ཉིན་ནས་ཉིན་གྲངས་གཉིས་རིང་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ཚོགས་ཁང་དུ་བོད་རིགས་གཞོན་སྐྱེས་བསམ་བློ་བའི་ཚོགས་འདུ་ཐེངས་དང་པོ་ཚོགས་ཡོད་པ་དང་། ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༧ ཉིན་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་ཚོགས་འདུ་ཐེངས་གཉིས་པ་འཚོགས་ཡོད་པ་རེད།

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

TTTT
Mobile App

རྒྱ་ནག་གཞུང་གིས་བོད་མིའི་ནང་ཁུལ་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་ཐབས་སྔར་ལྷག་བྱེད་བཞིན་འདུག

སྐར་མ ༥༡ སྔོན་ལ།
TTTT
Mobile App

ལ་སྐོར་ལུང་སྐོར་བྱས་ནས་ཨ་རིའི་རོགས་དངུལ་ཨ་སྒོར་ས་ཡ་བདུན་སླར་གསོ་ཐུབ།

ཆུ་ཚོད་ ༢ སྔོན་ལ།
TTT
Mobile App

གདོང་ཐོག་ཚེ་རིང་ལགས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་དྲུང་གཞོན་ལས་རོགས་སུ་བསྐོ་གཞག་གནང་།

ཆུ་ཚོད་ ༣ སྔོན་ལ།
སྲིད་སྐྱོང་དང་དཔལ་འབྱོར་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༣།༡༥
Mobile App

རྩིས་ལོ་ ༢༠༢༦ ་་་ ༢༠༢༧ ལོར་སྔོན་རྩིས་ཧིན་སྒོར་ས་ཡ་ ༣༤༠༧།༤༢ འཆར་འབུལ་ཞུས་འདུག 

༢༠༢༦/༠༣/༡༦
སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༡ པ་འཚོག་བཞིན་པ། ༢༠༢༦།༣།༡༦ བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་བདུན་པའི་སྔོན་རྩིས་གྲོས་ཚོགས་འཚོག་མགོ་བཙུགས།

༢༠༢༦/༠༣/༡༦
བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་མཉམ་འདུས་ཚོགས་སྡེའི་ཚོགས་ཆེན་ཐེངས་གསུམ་པ་འཚོགས། ༢༠༢༦།༣།༡༣ དུས་བབ་ཀྱི་པར།
Mobile App

སྟོབས་དང་ནུས་པ་གང་ཡོད་པ་ངོས་བཟུང་ནས་ང་ཚོའི་ཞན་ཆ་ཉུང་དུ་གཏོང་དགོས་ཞེས་གསུངས།

༢༠༢༦/༠༣/༡༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese