མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གསེར་རྟ་ནས་བོད་མི་ལྔ་འཛིན་བཟུང་བྱས་ཏེ་བོད་མི་གཅིག་བསད་ཡོད་འདུག

བོད་ཀྱི་དུས་བབ།
༢༠༢༢/༠༩/༡༩
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་བོད་གསེར་རྟ་ཁུལ་ནས་བོད་མི་ལྔ་འཛིན་བཟུང་བྱས་པའི་ཁྲོད་བོད་མི་ཕྱུག་དར་ལགས་གཅར་རྡུང་བྱས་ཏེ་བསད་ཡོད་འདུག

འདི་ལོའི་ཕྱི་ཟླ ༨ ཚེས ༢༤ ཉིན་རྒྱ་ནག་གཞུང་གི་ཉེན་རྟོག་པས་བོད་མི་ཚོས་བསང་གསོལ་དང་ལབ་རྩེ་བསྟད་པ། ཞབས་རིམ་བསྒྲུབས་པ་སོགས་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་བྱས་པའི་ཉེས་མིང་གི་འོག་ནས། བོད་གསེར་རྟ་རྫོང་གི་ཁེས་སྐོར་ཡུལ་ཚོའི་ཨ་བོས་དཀྱིལ་རི་མགོ་སྡེ་བ་ནས་ཡིན་པའི་བོད་མི་ཕྱུར་དར། དགེ་ལོ། ཚེ་རྡོ། འབའ་མོ། ཀོ་རིས་བཅས་འཛིན་བཟུང་བཙན་ཁྲིད་བྱས་ཏེ་གསེར་རྟ་རྫོང་གི་བཙོན་ཁང་དུ་ཁྲིད་རྗེས།  བོད་མི་ཕྱུག་དར་ལ་རྒྱ་གཞུང་ཉེན་རྟོག་པས་གཅར་རྡུང་དང་རྡུང་རྡེག་བྱས་ཏེ་དམར་གསོད་བཏང་ཡོད་འདུག་པ་མ་ཟད། ད་ལྟ་བོད་མི་གཞན་བཞི་པོ་དེ་དཀར་མཛེས་རྫོང་གི་བཙོན་ཁང་དུ་བཀག་ཉར་འོག་བཅུག་ཡོད་འདུག

དེ་རིང་འདི་གར་བོད་ནས་ཁུངས་ལྡན་གནས་ཚུལ་ཞིག་འབྱོར་བ་ལྟར་ན། འདི་ལོའི་ཕྱི་ཟླ ༨ ཕྱི་ཚེས ༢༥ ཉིན་འཛིན་བཟུང་བྱས་པའི་བོད་མི་དེ་དག་གི་ནང་མི་ཚོ་བཙོན་ཁང་དུ་ཕྱིན་ནས། བོད་མི་དེ་དག་ལ་ཁ་ཟས་སྤྲོད་ཐབས་བྱས་ཀྱང་། ཉེན་རྟོག་པས་ནང་མི་རྣམས་ཕྱིར་ལོག་བཏང་བ་ལས་ཁ་ཟས་སོགས་གཏན་ནས་སྤྲོད་བཅུག་མེད་པ་རེད། འོན་ཀྱང་། ཕྱི་ཟླ ༨ ཚེས ༢༦  ཉིན་ཉེན་རྟོག་པས་ཕྱུག་དར་གྱི་ནང་མིར་ཁོང་བཙོན་ཁང་དུ་ཤི་སོང་བས། ཕུང་པོ་ལ་བདག་པོ་རྒྱག་པར་ཤོག ཅེས་སྐད་བཏང་བར་བརྟེན། ལོ་ ༧༡ ཡིན་པའི་བོད་མི་ཕྱུག་དར་གྱི་ཕ་ཐུབ་འོད་ཀྱིས་གཙོས་ཉེ་འབྲེལ་ཁ་ཤས་གསེར་རྟ་རྫོང་གི་ཉེན་རྟོག་ཁང་དུ་ཕྱིན་པར། ཉེན་རྟོག་པས་བོད་མི་ཕྱུག་དར་བཙོན་ཁང་ནང་གློ་བུར་དུ་ཤི་སོང་། ང་ཚོས་ཉེས་རྡུང་བཏང་ནས་བསད་པ་མིན། དེར་བརྟེན་བོད་མི་ཕྱུག་དར་གྱི་ནང་མིས་ཕྱུར་དར་རྒྱ་ནག་ཉེན་རྟོག་པས་དམར་གསོད་བཏང་བ་མིན་པའི་ས་ཡིག་བརྒྱབ་ན་མ་གཏོགས། ཁོང་གི་ཕུང་པོ་སྤྲོད་རྒྱུ་མིན་ལུགས་བཤད་ནས་འཇིགས་སྐུལ་བྱས་ཡོད་སྟབས། ཕྱུག་དར་གྱི་ཉེ་འབྲེལ་ཚོས་ཁོང་ནམ་རྒྱུན་ནས་ན་ཚ་ཅི་ཡང་མེད། ད་ཐེངས་ཁྱོད་ཚོས་ཁོང་བསད་པ་རེད་ཅེས་བརྗོད་ཡོད་ཀྱང་། རྒྱ་གཞུང་ཉེན་རྟོག་པས་ཁས་ལེན་གཏན་ནས་བྱས་མེད་པ་སྐོར་འགྲེལ་བརྗོད་བྱས་སོང་།

བོད་མི་ཁོང་གིས། ཕྱུག་དར་གྱི་ནང་མིས་ཁོང་ཕ་མ་རྒན་རྒོན་གཉིས་དང་། བཟའ་ཟླ། བུ་ཕྲུག་བཅས་ཀྱི་འཚོ་ཐབས་གཅིག་པུར་བརྟེན་ཡོད་པ་མ་ཟད། དེ་སྔ་ཁོང་ལ་ན་ཚ་གང་ཡང་མེད་ཀྱང་། ད་ལན་ཉེན་རྟོག་པས་གཅར་རྡུང་བྱས་ནས་གློ་བུར་བསད་ཡོད་སྐོར་བཤད་མཐར། གསེར་རྟ་རྫོང་གི་ཉེན་རྟོག་པས་ཁོང་ཚོས་ཕྱུག་དར་བསད་མེད་ཀྱང་། ཉེན་རྟོག་པས་ཕྱུར་དར་གྱི་ཤུལ་ལུས་ནང་མི་རྣམས་ལ་རྒྱ་སྒོར་འབུམ་གཅིག་དང་། ནང་མི་རེ་རེར་ལོ་ལྟར་སྒོར་ཁྲི་གཅིག་རེ་སྤྲོད་རྒྱུ་བྱས་ཡོད་ཀྱང་། དེ་ནི་རྒྱ་ནག་ཉེན་རྟོག་པས་ཕྱུག་དར་གྱི་ནང་མི་དང་ཉེ་འབྲེལ་ཚོས་ཁོང་གི་ཕུང་པོ་གང་མགྱོགས་ཁྱིམ་དུ་ཁྱེར་ཆེད་ཡིན་པ་ལས། ད་བར་ཁོང་གི་ཤུལ་ལུས་ནང་མིར་སྒོར་མོ་གཅིག་ཀྱང་སྤྲད་མེད་སྐོར་འགྲེལ་བརྗོད་བྱས་སོང་།

ཡང་ཁོང་གིས། འདི་ལོའི་ཕྱི་ཟླ ༨ ཚེས་ ༢༤ ཉིན་རྒྱ་ནག་གཞུང་གི་ཉེན་རྟོག་པས་བོད་མི་དེ་དག་གསེར་རྟ་རྫོང་གི་བཙོན་ཁང་དུ་འཛིན་བཟུང་བཙན་ཁྲིད་བྱས་ཡོད་པ་དང་། བོད་མི་དགེ་ལོ། ཚེ་རྡོ། འབའ་མོ། ཀོ་རིས་སོགས་བདུན་ཕྲག་གཅིག་རིང་གསེར་རྟ་རྫོང་གི་བཙོན་ཁང་དུ་བཀག་ཉར་བྱས་རྗེས། ཕྱི་ཟླ་༨ ཚེས་ ༣༡ ཉིན་བོད་མི་བཞི་པོ་དེ་དཀར་མཛེས་རྫོང་གི་བཙོན་ཁང་དུ་བཙན་ཁྲིད་བྱས་ཏེ། ད་ལྟ་དཀར་མཛེས་ཀྱི་བཙོན་ཁང་དུ་བཀག་ཉར་བྱེད་བཞིན་ཡོད་པར་མ་ཟད། ཁོ་ཚོར་ཁྲིམས་ཐག་གཅད་རྒྱུའི་ཉེན་ཁ་ཡོད་སྐོར་དང་། དེ་སྔོན་རྒྱ་གཞུང་གིས་བོད་མི་ཚོ་བཙོན་འཇུག་བྱས་རྗེས་ཁྲིམས་ཐག་མ་བཅད་བར་དུ་བཙོན་པ་ཕལ་ཆེ་བ་རང་རང་གི་ས་གནས་རྫོང་གི་བཙོན་ཁང་ནང་བཀག་ཉར་བྱེད་སྲོལ་ཡོད་ཀྱང་། དེང་སྐབས་སྔོན་དང་མི་འདྲ་བར་བདུན་ཕྲག་རེ་ཙམ་ལས་སོ་སོའི་རྫོང་གི་བཙོན་ཁང་དུ་མི་འཇོག་པར།  རྫོང་ཁག་གཞན་དང་གཞན་གྱི་བཙོན་ཁང་དུ་བཙན་ཁྲིད་བྱེད་བཞིན་ཡོད་འགྲེལ་བརྗོད་གནང་སོང་།

བོད་མི་དེ་དག་གྲོང་སྡེའི་མི་མང་གིས་ཆེད་དུ་བསྐོ་བཞག་བྱས་ཏེ། ཁོང་ཚོས་རྒྱུན་དུ་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་གོ་སྒྲིག་བྱེད་ཀྱི་ཡོད་འདུག་ལ། ཁོང་ཅག་ནི་ཀུན་སྤྱོད་དང་། སྤྱི་སེམས། ལྷག་བསམ་ལྡན་པའི་མི་ལྔ་པོ་དེ་ཡིན་པར་བརྟེན། གྲོང་པའི་མང་ཚོགས་ཀྱིས་ཁོང་ཚོར་ལྔ་བཟང་( མི་བཟང་པོ་ལྔ། ) ཞེས་འབོད་སྲོལ་ཡོད་ཅིང་། རྒྱ་ནག་གཞུང་གིས་གཅར་རྡུང་བྱས་ནས་བསད་པའི་བོད་མི་ཕྱུག་དར་ནི་རང་ལོ་ ༥༢ ཡིན་པ་དང་། ཁོང་ལ་ལོ ༧༡ ཡིན་པའི་ཨ་ཕ་ཐུབ་འོད་དང་། རང་ལོ་ ༧༥ ཅན་གྱི་ཨ་མ། བཟའ་ཟླ་དང་བུ་ཕྲུག་བཅས་སོགས་ཡོད་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

ཉིན་གསུམ་རིང་གི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་ཆེན་གྱི་མཇུག་སྡོམ་མཛད་སྒོ་འཚོགས། ༢༠༢༦།༣།༩། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

འཛམ་གླིང་ཡོངས་ཀྱིས་བོད་དོན་ཐོག་ཆུ་ཚོད་མང་པོ་བཏང་ནས་ལས་ཀ་བྱེད་དགོས་སྐོར་གསུངས།

ཆུ་ཚོད་ ༡༥ སྔོན་ལ།
Photo Credit: UYGHUR HUMAN RIGHTS PROJECT
Mobile App

ཨི་ཊ་ལིས་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་བྱེད་མཁན་རྒྱ་རིགས་ ༨ ཕྱིར་ཕུད་བཏང་།

ཆུ་ཚོད་ ༡༥ སྔོན་ལ།
Prayerwheel being used for Chinese Propaganda in Chushul county, Tibet, Photo: Tibet Times
Mobile App

ཕྱི་ལོ་ ༢༠༢༦ ལོའི་ཨ་རིས་རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྙན་ཐོ་བཏོན། 

ཆུ་ཚོད་ ༡༨ སྔོན་ལ།
Mobile App

རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་འདུ་དབུ་འཛུགས་གནང་སོང་།

༢༠༢༦/༠༣/༠༧
བོད་དོན་རྒྱབ་སྐྱོར་བ་ཝི་ཇི་ཀ་རིན་ཏི་ལགས་ཀྱིས་རྩོམ་སྒྲིག་བྱས་པའི་བོད་དུ་རྒྱ་ནག་གི་མི་སེར་སྤེལ་བའི་རྩེད་མོ་ཞེས་དཔེ་དེབ་ཅིག་དབུ་འབྱེད་གནང་། ༢༠༢༦།༣།༠༦ དུས་བབ་ཀྱི་པར།
Mobile App

བོད་དུ་རྒྱ་ནག་གི་མི་སེར་སྤེལ་བའི་རྩེད་མོ་ཞེས་པའི་དེབ་ཅིག་བཏོན།

༢༠༢༦/༠༣/༠༦
དཀར་མཛེས་རྫོང་འབྲུང་རྔ་གྲོང་གི་དཀར་མཛེས་ད་དགོན་པའི་དགེ་རྒན་དཔལ་ལྡན་ཡེ་ཤེས་ལགས། ནོར་ཝེ་རླུང་འཕྲིན་ཁང་གི་པར། 
Mobile App

རྒན་དཔལ་ལྡན་ཡེ་ཤེས་ལགས་ཀྱི་སྤུན་མཆེད་ཀྱང་བདུན་ཕྲག་གཅིག་ལྷག་རིང་བཀག་ཉར་གྱིས་གཅར་རྡུང་བྱས་འདུག 

༢༠༢༦/༠༣/༠༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese