མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དེང་རབས་འཇིག་རྟེན་ལ་ཕྱོགས་པའི་བོད་བརྒྱུད་ནང་བསྟན་སློབ་གཉེར་བའི་ལག་ཁྱེར་ཚད་ལྡན།

བོད་ཀྱི་དུས་བབ།
༢༠༢༢/༠༩/༢༧
Share on FacebookShare on TwitterShare on EmailShare on Whatsapp

ཀླུ་སྨྱོན་ཧེ་རུ་ཀའམ་དོ་སྤྲུལ་ཆོས་དབྱིངས་ཡེ་ཤེས།

ནང་པའི་བསྟན་པ་རིན་པོ་ཆེ་འདི་ཉིད་དཔལ་ནྰལྰནྡྰ་དང་བི་ཀ་མ་ལ་ཤྰི་ལ། དེ་བཞིན་ཨོ་ཏན་ར་པུ་ར་སྟེ་གནའ་བོའི་ནང་བསྟན་སློབ་གཉེར་ཁང་ཆེན་པོ་གསུམ་གྱིས་གཙོས་པའི་ནང་པའི་བཤད་གྲྭ་ཆེན་པོ་དག་ཏུ་སློབ་གཉེར་ལམ་ལུགས་ཧ་ཅང་འཐུས་ཚང་ཞིག་གཏན་འབེབ་བྱས་ཡོད་ཅིང་། དཔལ་ནྰལྰནྡྰ་ལ་མཚོན་ན་སློབ་གཉེར་ཧྲིལ་བོའི་ལོ་དུས་དེ་ལོ་བཅུ་དྲུག་གམ་བཅོ་བརྒྱད་དུ་གཏན་འབེབ་བྱས་ཡོད་པ་དང་། བསླབ་པ་མཐར་སོན་པའི་རིགས་ལ་པཎ་ཌི་ཏ་ཆུང་བ་དང་པཎ་ཌི་ཏ་ཆེན་པོ་སོགས་ཤེས་ཡོན་གྱི་གནས་ཚད་མི་འདྲ་བར་བཀར་ཡོད། ལོ་རྒྱུས་དཔེ་དེབ་ཁག་ལ་དཔྱད་ཞིབ་བྱས་ཚེ། པཎ་ཌི་ཏ་ཆུང་བའི་རིགས་ལ་ཤེས་ཡོན་མཚོན་པའི་གདུགས་རིམ་པ་གསུམ་ནས་བདུན་བར་དང་། པཎ་ཌི་ཏ་ཆེན་པོའི་རིགས་ལ་གདུགས་རིམ་པ་བརྒྱད་ནས་བཅུ་གསུམ་གྱི་བར་དུ་ཡོད་འདུག ཡང་ན་སྒྲ་རིག་པ་ཚད་མ་རིག་པ། བཟོ་རིག་པ་དང་གསོ་བ་རིག་པ། ནང་དོན་རིག་པ་བཅས་ pañcavidyāsthāna     སྟེ་རིག་པའི་གནས་ལྔ་ལ་མཁས་པར་གྱུར་ཚེ་པཎ་ཌི་ཏ་ཆེན་པོའི་མཚན་གནས་ཐོབ་པ་དང་། རིག་གནས་དེ་དག་གི་གཉིས་གསུམ་མམ་བྱེ་བྲག་རེར་སྦྱངས་པ་མཐར་ཕྱིན་ཚེ་པཎ་ཆུང་གི་མཚན་གནས་ཐོབ་པ་ཡིན། ད་དུང་སྡེ་སྣོད་གསུམ་ལ་སྦྱངས་པ་མཐར་སོན་ཚེ་པཎ་ཞྭའི་སྐེད་པར་ཐིག་རིས་གསུམ་ཡོད་པ་དང་། སྡེ་སྣོད་གཉིས་ལ་ཐིག་རིས་གཉིས། སྡེ་སྣོད་གཅིག་ལ་ཐིག་རིས་གཅིག་བཅས་ཀྱིས་མཁས་པ་དེའི་ཤེས་ཡོན་མཚོན་བྱེད་ཅིག་ཀྱང་གཏན་འབེབ་བྱས་ཡོད།

དེ་ལྟར་རྒྱ་གར་གྱི་གནའ་བོའི་ནང་བསྟན་སློབ་གཉེར་ཁང་ཁག་གིས་མཁས་པ་དག་གི་ཐོབ་ཐང་ངོས་འཛིན་བྱེད་བདེ་བའི་ཕྱིར་གདུགས་དང་ཞྭ་མོའི་ཐིག་རིས་ཀྱི་མང་ཉུང་ཞིག་གཏན་འབེབ་བྱས་པས། སྐྱེས་བུ་གང་ཞིག་གིས་སློབ་གཉེར་མཐར་ཕྱིན་པ་ཞིག་བྱས་པའི་རྗེས་སུ། སྤྱི་ཚོགས་སྟེང་དེ་ལ་གདེང་འཇོག་མི་འདྲ་བ་ཐོབ་པའི་ལམ་བུ་ཅུང་གསལ་བོ་ཞིག་བསྐྲུན་འདུག གནའ་བོའི་སློབ་གཉེར་ཁང་དེ་ཚོས་མཁས་པ་དེ་ཚོར་ཤེས་ཡོན་ཐོབ་ཐང་ངོས་འཛིན་གྱི་ལམ་ལུགས་ཤིག་གཏན་འབེབ་བྱས་ཡོད་པ་མ་གཏོགས། སློབ་གཉེར་པ་བྱིངས་ལ་དམིགས་པའི་ཐོབ་ཐང་ངོས་འཛིན་དེ་འདྲ་གཏན་འབེབ་བྱས་ཡོད་ཚོད་མི་འདུག ཆུ་ངོགས་གཏམ་རྒྱུད་ཅེས་པའི་རྒྱ་ནག་གི་སྒྲུང་གཏམ་རིང་མོ་དེ་བཀླགས་མྱོང་མཁན་ཞིག་ཡིན་ཚེ། དེའི་ནང་དུ་གནའ་བོའི་རྒྱ་ནག་ཏུ་རབ་བྱུང་བ་དག་ལ་རབ་བྱུང་བའི་ཐོབ་ཐང་ངོས་འཛིན་ལག་ཁྱེར་ཞིག་སྤྲོད་སྲོལ་ཡོད་པ་ཤེས་ཐུབ་ཀྱང་། ལག་ཁྱེར་དེ་རྒྱལ་རབས་ནམ་ཞིག་ནས་མགོ་བཙུགས་ཏེ་དུས་རབས་ནམ་ཞིག་གི་བར་དུ་རྒྱུན་བསྐྱངས་ཡོད་མེད་མ་ཤེས།

རྒྱ་ནག་གི་བཙུན་པ་ཡི་ཅིང་གིས་བརྩམས་པའི་ལམ་ཡིག རྒྱ་གར་ཡུལ་དུ་འབྱོར་བའི་ཐང་གི་བཙུན་པ། ཞེས་པའི་དེབ་དེའི་ནང་དུ། དཔལ་ནྰལྰནྡྰའི་མཁན་པོའི་སྐོར་ལ། དགོན་པའི་མཁན་པོ་ནི་རྒྱུད་ཀྱི་རྟོགས་པ་དང་ཡོན་ཏན་མཐོ་དམན་གྱིས་མི་འཇོག་པར་ལོ་ནའི་བགྲེས་གཞོན་ལ་ལྟོས་ནས་བསྐོ་འཇོག་བྱེད། (1) ཅེས་གསལ་བས། གནའ་བོའི་དཔལ་ནྰལྰནྡྰའི་མཁན་རབས་རིམ་བྱོན་ཁྲོད་དུ་སྡེ་སྣོད་གསུམ་ལ་སྦྱངས་པ་ཕུལ་ཕྱིན་མིན་པ་ཁག་ཅིག་ཡོད་པ་ཡང་ཟུར་ནས་ཤེས་ཐུབ། ཡང་པཎ་ཌི ཏའི་གོ་གནས་རིམ་པར་བྱས་པའི་གནས་རིམ་དང་པོའི་འཚོ་བའི་མཐུན་རྐྱེན་སྦྱོར་མཁན་ཁྱིམ་ཚང་བཅུ་ནས། གནས་རིམ་མཐའ་མར་གསུམ་དུ་བྱས་ནས་ཡོད་སྟབས། བཙུན་པ་ཐང་སན་ཙང་ནྰ་ལྰནྡྰར་ཕེབས་སྐབས་པཎཌིཏའི་གོ་གནས་སུམ་བརྒྱ་ལྷག་དང་། དེ་མིན་གྱི་པཎཌིཏ་དང་མཁས་པ་དང་མཁས་པ་སོགས་ཁྱོན་བསྡོམས་ཆིག་སྟོང་ལྔ་བརྒྱ་བཅུ་ཡོད་ལ། གཞན་ཡང་ཕྱིའི་རྒྱལ་ཁབ་ཁག་གིས་མཚོན་པའི་ཡུལ་གྲུ་གཞན་ནས་ཕེབས་པའི་པཎཌིཏ་དང་། དགེ་འདུན་པ་སོགས་མགྲོན་བཙུན་སྡེ་སྣོད་གསུམ་ཀ་མཁྱེན་མཁན་ཚོར་ཞག་ཉི་ཤུའི་རིང་སྒེར་མཆོད་ཉིན་རེ་བཞིན་བཟའ་བཅའ་བཟང་པོ་སྡེར་མ་ཉི་ཤུ་རེ། སྡེ་སྣོད་གཉིས་ཀ་མཁྱེན་མཁན་ལ་སྡེར་མ་བཅུ་རེ། སྡེ་སྣོད་གཅིག་མཁྱེན་མཁན་ལ་སྡེར་མ་ལྔ་རེ་འབུལ་བའི་ལུགས་སྲོལ་ཡོད་སྟབས། ཐང་སན་ཙང་ནྰལྰནྡྰར་ཕེབས་སྐབས་ཉིན་བསྟར་གྱི་བཟའ་བཅའ་བཟང་པོ་སྡེར་མ་ཉི་ཤུ་དང་། འབྲས་སྰ་ལུ་བྲེ་གང་། གོ་ཡུ་དང་སུག་སྨེལ་རྡོག་པོ་ཉི་ཤུ་རེ། ག་བུར་སྲང་གང་། འོ་མ། ཞུན་མར། སྦྲང་རྩི་རྣམས་དང་། ད་དུང་བཞུགས་གནས་གཙང་མ་བྱེད་མཁན་གྱི་དམངས་བྲན་གཅིག བྲམ་ཟེ་གཅིག ཕན་ཚུན་ཕེབས་བྱེད་གླང་པོ་ཆེ་གཅིག བསེལ་བ་སྟེ་སྐུ་སྲུང་བ་བཅུ་ཡོད་པར་བལྟས་ན། (2) དེ་དུས་དཔལ་ནྰལྰནྡྰར་ཤེས་ཡོན་ཅན་མཐོང་ཆེན་ཇི་ལྟར་བྱེད་པའི་ཚུལ་རོབ་ཙམ་དཔོག་ཐུབ།

བོད་ཀྱི་གནའ་བོའི་ཤེས་ཡོན་ཐོབ་ཐང་སྤྲོད་སའི་གདན་ས་རྙིང་པ་ཁག་ལ་བལྟས་ན།  གསང་བདེ་གུང་གསུམ། དགའ་སྐྱོར་ཟུལ་གསུམ་ཟེར་བའི་གདན་ས་དེ་དག་ནས་སྦྱངས་པ་མཐར་ཕྱིན་ནས་རབ་འབྱམས་པ་དང་། དཀའ་བཞི་པ། དཀའ་བཅུ་པ་ཞེས་མཚན་སྤྲད་དེ་གྲྭ་སྐོར་དམ་བཅའ་འཇོག་སྲོལ་ཡོད་པ་སྟེ།​

  • རབ་འབྱམས་པ་ནི།གཞུང་ཆེན་པོ་ལྔའི་ནང་ནས་ཕར་ཕྱིན་ཙམ་སྦྱངས་མྱོང་ཞིང་། དབུ་མ་དང་འདུལ་བ་མཛོད་བཅས་ལ་སྦྱངས་པ་བྱེད་མ་མྱོང་མཁན་གྱི་དགེ་བཤེས་རིགས་དང་།
  • དཀའ་བཞི་པ་ནི།དབུ་མ། ཕར་ཕྱིན། འདུལ་བ། མཛོད་བཅས་དཀའ་ཆེན་བཞི་ལ་སློབ་གཉེར་ཐོན་པའི་དགེ་བཤེས་དང་།
  • དཀའ་བཅུ་པ་ནི།གཞུང་ཆེན་པོ་ལྔ་ཀར་སློབ་གཉེར་ཐོན་པའི་དགེ་བཤེས་ཤིག་སྟེ། དགེ་ལུགས་པའི་གདན་ས་ཆེན་པོ་གསུམ་ཆགས་རྗེས་སེ་འབྲས་དགའ་གསུམ་གྱི་དགེ་བཤེས་ལྷ་རམས་དང་བཀྲ་ཤིས་ལྷུན་པོའི་དཀའ་ཆེན་ལྟ་བུ་ཡིན།
  • གླིང་བསྲེ་ནི།དེ་སྔོན་གདན་ས་ཆེན་པོ་གསུམ་མ་བྱུང་གོང་དུ་གསང་ཕུ་ནེའུ་ཐོག་གི་དགོན་པར་གླིང་སྟོད་སྨད་གཉིས་བཟང་འགྲན་གྱི་ཚུལ་དུ་ཕན་ཚུན་བསྲེས་ནས་ཆོས་ཀྱི་རྩོད་པ་མཛད་པ་ལ་གླིང་བསྲེ་ཞེས་གྲགས།  དགེ་བཤེས་ཅེས་པའི་གོ་མིང་དེ་གསང་ཕུ་ནས་ཐོག་མར་དར་བ་ཡིན་སྙམ།

གདན་ས་ཆེན་པོ་གསུམ་ཆགས་རྗེས་དགེ་བཤེས་ཀྱི་མཚན་གནས།

དགེ་ལྡན་པའི་གདན་ས་དགའ་ལྡན། འབྲས་སྤུངས། སེ་ར་བཅས་ལ་གདན་ས་ཆེན་པོ་གསུམ་ཞེས་གྲགས། དེའི་སྟེང་དུ་བཀྲ་ཤིས་ལྷུན་པོ་དང་། སྐུ་འབུམ། བཀྲ་ཤིས་འཁྱིལ་བཅས་ལ་གདན་ས་ཆེན་པོ་དྲུག་ཅེས་འདྲེན་སྲོལ་ཡོད། སེ་འབྲས་དགའ་གསུམ་ནས་གཞུང་ཆེན་སྦྱངས་པ་མཐར་ཕྱིན་ནས་དགེ་བཤེས་ཀྱི་གོ་མིང་ལྷ་རམས་པ་དང་། ཚོགས་རམས་པ་དང་། གླིང་བསྲེ། རིགས་རམས་པ་སོགས་མཚན་གནས་སྤྲོད་སྲོལ་ཡོད་པ་སྟེ།

  • ལྷ་རམས་པ་དགེ་བཤེས།༧པཎ་ཆེན་ཨེར་ཏེ་ནི་སྐུ་ཕྲེང་བཞི་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་ 1570-1662 གྱིས་དབུས་གཙང་དམག་འཁྲུག་གི་ལོ་ཤས་རིང་དགའ་ལྡན་ཁྲི་ཚབ་1613-1618 གནང་སྐབས་གདན་ས་གསུམ་གྱི་དགེ་བཤེས་སློབ་གཉེར་བཟང་གྲས་ནང་ནས་ལྷ་ས་སྨོན་ལམ་ཆེན་མོའི་རིང་གཞུང་ཆེན་པོ་ལྔའི་བགྲོ་གླེང་དམ་བཅའ་འཇོག་པའི་སྲོལ་གཏོད་པ་ནས་ལྷ་ལྡན་རབ་འབྱམས་པ་སྟེ་མིང་བསྡུས་པས་ལྷ་རམས་པ་ཟེར་ཞིང་། སྐབས་དེ་དུས་དགེ་བཤེས་ལྷ་རམས་པ་ཨང་དང་པོ་ལེན་མཁན་འབྲས་སྤུངས་བློ་གསལ་གླིང་དགེ་བཤེས་འབྲུག་ལྷག་པ་ངག་དབང་དཔལ་བཟང་དང་སྒོ་མང་དགེ་བཤེས་དོམ་ཉག་པ་བསོད་ནམས་ཆོས་བཟང་ཡིན་པས། སྐབས་དེར་དབུས་གཙང་ཁམས་གསུམ་དུ་ཁོང་གཉིས་ལ་འབྲས་སྤུངས་དགེ་བཤེས་དོམ་འབྲུག་གཉིས་ཞེས་མཚན་སྙན་ཆེ་བ་མ་ཟད། ༧རྒྱལ་དབང་སྐུ་ཕྲེང་ལྔ་པས་ཀྱང་གུས་བཀུར་ཆེན་པོ་མཛད་ཚུལ་རང་རྣམ་དུ་གསལ།
  • ཚོགས་རམས་པ་དགེ་བཤེས།སྡེ་སྲིད་སངས་རྒྱས་རྒྱ་མཚོས་སྲིད་དབང་བཟུང་སྐབས་༧གོང་ས་ལྔ་པ་སྐུ་འདས་པའི་དགོངས་རྫོགས་སུ་ཚོགས་མཆོད་ཉིན་བཅུའི་རིང་སྨོན་ལམ་ཆེན་མོའི་སྐབས་དང་འདྲ་བར་གདན་ས་གསུམ་གྱི་དགེ་བཤེས་ཁག་གཅིག་གྲྭ་སྐོར་དམ་བཅའ་འཇོག་ཏུ་བཅུག་པ་ནས། ཚོགས་རམས་པ་ཟེར་བ་བྱུང་།
  • གླིང་བསྲེ་དགེ་བཤེས།གདན་ས་གསུམ་ཆགས་རྗེས་གསང་ཕུའི་ཕྱག་སྲོལ་ལྟར་གླིང་ཡོངས་ཀྱི་གྲྭ་ཚང་ཕན་ཚུན་བསྲེས་ཏེ་གཞུང་ཆེན་པོ་ལྔའི་དམ་བཅའ་འཇོག་མཁན་གྱི་དགེ་བཤེས་རྣམས་ལ་གླིང་བསྲེ་ཟེར།
  • རིགས་རམས་པ།རིགས་རམས་པ་སྟེ། རིགས་གྲྭའི་ཆོས་ཐོག་སྐབས་དམ་འཇོག་བྱེད་པའི་དགེ་བཤེས་ཀྱི་གོ་མིང་ལྡན་པ་ཞིག་ལ་ཟེར།
  • རྡོ་རམས་པ།གདན་ས་སོ་སོའི་ཚོགས་ཆེན་རྡོ་གཅལ་དུ་མཚན་ཉིད་དམ་བཅའ་འཇོག་པའི་དགེ་བཤེས་ལ་ཟེར།  (3) གོང་གསལ་དགེ་བཤེས་ཀྱི་མཚན་ཐོབ་འདི་དག་སྐབས་བབ་གཞུང་ཆེན་ཁག་ལ་དམ་བཅའ་བཞག་པ་ལེགས་འགྲུབ་བྱུང་རྗེས་སུ་གཏན་འཁེལ་དགོས་པ་ཞིག་ཡིན་ཞིང་། རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པས་ལྷ་རམས་དགེ་བཤེས་ཀྱི་ཤེས་ཚད་ལོངས་མེད་པ་ཁག་ཅིག་ཕྱིར་འཐེན་དང་འབྲེལ། ལྷ་རམས་དགེ་བཤེས་ཀྱི་ཤེས་ཡོན་ཚད་ལྡན་ཡོང་བར་ཕྱག་ལས་གལ་ཆེན་གནང་བ་རེད། ཡིན་ན་ཡང་། བོད་ལ་དུས་འགྱུར་མ་བྱུང་བར་དུ་འདས་པའི་ལོ་གཅིག་སྟོང་སུམ་བརྒྱ་ཙམ་གྱི་རིང་། བོད་ཀྱི་ནང་བསྟན་སློབ་གཉེར་བ་ཚོར་ཤོག་བུ་དཀར་པོའི་ཐོག་སྣག་ཚ་ནག་པོས་བྲིས་པའི་སློབ་གཉེར་བའི་ཤེས་ཡོན་མཚོན་བྱེད་མཐར་ཕྱིན་ལག་ཁྱེར་སྤྲོད་པའི་ལུགས་སྲོལ་ཞིག་ཧ་ལམ་བྱུང་མི་འདུག ས་སྐྱ་པར་གཞུང་བཀའ་པོད་ལྔ་དང་གཞུང་ཆེན་བཅུ་གསུམ་གྲགས་ཆེན་བཅོ་བརྒྱད་སྔགས་དང་བཅས་པ་ལ་སློབ་གཉེར་བྱེད་སྲོལ་ཡོད་པ་དང་། རྙིང་མ་པར་གཞུང་ཆེན་བཀའ་པོད་ལྔའམ་བཅུ་གསུམ་སྔགས་དང་བཅས་པར་སློབ་གཉེར་བྱེད་སྲོལ་ཡོད་པ་དང་། ཇོ་ནང་པར་མདོ་ཕྱོགས་ནས་གཞུང་ཆེན་བཀའ་པོད་ལྔ་སྔགས་དང་བཅས་པ་ལ་སྦྱངས་པ་མཐར་ཕྱིན་ཚེ་དགེ་བཤེས་ཀྱི་ཐོབ་ཐང་ལེན་ཆོག་གི་ཡོད་ལ། བཀའ་བརྒྱུད་པར་མདོ་ཕྱོགས་ནས་གཞུང་ཆེན་བཀའ་པོད་ལྔའམ་བཅུ་གསུམ་སྔགས་དང་བཅས་པར་སློབ་གཉེར་མཐར་ཕྱིན་ཚེ་མཁན་པོའི་ཡོན་གནས་ཐོབ་ཀྱི་ཡོད་ལ། གཡུང་དྲུང་བོན་ལ་མཚོན་ན་མདོ་སྔགས་སེམས་གསུམ་གྱི་གཞུང་ལུགས་སྤྱི་དང་ཐུན་མོང་བཅུ་ཕྲག་རིག་པའི་གནས་ཀུན་ལ་བསླབ་པ་མཐར་སོན་པའི་རབ་འབྱམས་པའམ་དགེ་བཤེས་ཀྱི་རྒྱུགས་སྤྲོད་བྱེད་ཆོག་གི་ཡོད་པ་རེད། དགེ་ལྡན་པར་རྒྱུད་གྲྭ་སྟོད་སྨད་འགྲིམས་ནས་སྔགས་ཀྱི་སློབ་གཉེར་རྫོགས་རྗེས་སྔགས་རམས་པའི་དམ་བཅའ་འཇོག་གི་ཡོད་པ་དང་། ཆོས་བརྒྱུད་གཞན་པར་སྔགས་རམས་པའི་མཚན་དོད་རྡོ་རྗེ་སློབ་དཔོན་གྱི་མཚན་གནས་ཡོད་པ་རེད།

ཐེག་དམན་སྡེ་བའི་རྒྱལ་ཁབ་ཐེ་ལན་སྒྲི་དང་ཤྲི་ལངྐ་སོགས་སུ་དགོན་པ་རང་ངོས་ནས་ཡིན་ནམ་མཐོ་སློབ་གཞན་དང་མཉམ་འབྲེལ་ཡིན་མིན་མི་ཤེས་ཏེ། ལོ་མང་སྔོན་ནས་ནང་པའི་གྲྭ་བཙུན་དག་གིས་འབུམ་རམས་ལག་ཁྱེར་ལེན་སྲོལ་ཡོད་འདུག་ལ། བལ་ཡུལ་དུ་ཡོད་པའི་དགོན་པ་དཀར་པོའམ་བཀའ་རྙིང་བཤད་སྒྲུབ་གླིང་གི་ཆོས་ཀྱི་ཉི་མ་རིན་པོ་ཆེས་བཙུགས་པའི་རང་བྱུང་ཡེ་ཤེས་སློབ་གཉེར་ཁང་གིས་སྤྱི་ལོ་ ༢༠༠༡ ནས་བཟུང་བལ་ཡུལ་གྱི་ཀ་ཐུ་མན་ཀྲུ་མཐོ་སློབ་དང་མཉམ་འབྲེལ་གྱིས་སློབ་ཐོན་པ་ཚོར་རྒྱལ་སྤྱིའི་ངོས་ལེན་ཡོད་པའི་སློབ་དཔོན་ནམ་master ལག་ཁྱེར་སྤྲད་དང་སྤྲོད་བཞིན་ཡོད་པ་དང་། ལོ་ཤས་སྔོན་ནས་རྒྱ་གར་ལྷོ་ཕྱོགས་སུ་ཡོད་པའི་རྙིང་མའི་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་གླིང་གིས་ཀྱང་འཇར་མན་ཧམ་སྦག་མཐོ་སློབ་དང་མཉམ་འབྲེལ་གྱིས་ཞིབ་འཇུག་སློབ་མའི་ལས་གཞི་དང་འབུམ་རམས་པའི་ལག་ཁྱེར་སྤྲོད་མགོ་བཙུགས། དེ་བཞིན་སེ་ར་བྱེས་གདན་སས་ཀྱང་རྒྱ་གར་གྱི་མེ་སོར་གཙུག་ལག་སློབ་གཉེར་ཁང་དང་མཉམ་འབྲེལ་གྱིས་སློབ་ཐོན་ལག་ཁྱེར་སྤྲོད་རྒྱུའི་ལས་རིམ་མགོ་བཙུགས་པ་དང་། བལ་ཡུལ་དུ་ཡོད་པའི་ཐང་དཀར་བདེ་ཆེན་ཆོས་གླིང་དང་ལུམྦི་ནི་མཐོ་སློབ་མཉམ་འབྲེལ་གྱིས་སློབ་ཐོན་ལག་ཁྱེར་སྤྲོད་རྒྱའི་ཆོད་གན་བཞག་པ་དང་། རྒྱ་གར་ལྡེ་ར་རྡུན་དུ་ཡོད་པའི་འབྲི་གུང་བཀའ་བརྒྱུད་མཐོ་སློབ་ཁང་ཡང་ཝར་ཎ་མཐོ་སློབ་དང་མཉམ་འབྲེལ་གྱི་ཡིག་ཆ་བཞག་ཟིན་འདུག  (4)

རྒྱ་ནག་ནང་ཁུལ་དུ་ཧ་ལམ་ལོ་ངོ་སུམ་ཅུའི་སྔོན་ནས་བཟུང་པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོའི་ཐུགས་བསྐྱེད་དང་ཆོས་བརྒྱུད་རིས་མེད་ཀྱི་མཁས་པ་ཚོའི་གཞོག་འདེགས་ལ་བརྟེན་ནས། པེ་ཅིན་བོད་བརྒྱུད་ནང་བསྟན་མཐོ་རིམ་སློབ་གཉེར་ཁང་དབུ་འཛུགས་ཀྱིས། སློབ་གཉེར་ཁང་དེ་ནས་བསླབ་པ་མཐར་སོན་པ་ཚོར་རྒྱལ་ཁབ་གཞུང་འབྲེལ་གྱི་ལག་ཁྱེར་སྤྲད་དང་སྤྲོད་བཞིན་ཡོད་ལ། འདས་པའི་ལོ་ཤས་ནས་བཟུང་སྟེ་བོད་བརྒྱུད་ནང་བསྟན་པའི་དཔེ་ཁྲིད་དགེ་རྒན་ཚོར་ཡང་རྒྱལ་ཁབ་ཀྱིས་རྩ་འཛུགས་བྱས་ཏེ་ལྷ་རམས་པ་དང་པེ་རམས་པའི་ཤེས་ཡོན་ཚད་ལེན་རྒྱུགས་སྤྲོད་ཀྱི་ལམ་ནས་གཞུང་འབྲེལ་ངོས་ལེན་ཡོད་པའི་རིམ་པ་མི་འདྲ་བའི་ཐོབ་ཐང་ལག་ཁྱེར་སྤྲད་དང་སྤྲོད་བཞིན་འདུག (5) འདས་པའི་ལོ་ཤས་རིང་བོད་བརྒྱུད་ནང་བསྟན་གྲྭ་བཙུན་ཉུང་ཤས་ཤིག་གིས་ནུབ་ཕྱོགས་རྒྱལ་ཁབ་ཀྱི་གཙུག་ལག་སློབ་ཆེན་ཁག་ནས་འབུམ་རམས་པའི་བསླབ་པ་མཐར་སོན་གྱི་ལག་ཁྱེར་བླངས་དང་ལེན་བཞིན་ཡོད་ཅིང་། ཁོ་བོའི་ངོ་ཤེས་གཡུང་དྲུང་བོན་གྱི་དགེ་བཤེས་ཆོས་འཁོར་ཚང་ཉི་མ་འོད་ཟེར་ནི་དེ་ཚོའི་ཁྲོད་ཀྱི་དཔེ་མཚོན་ཞིག་སྟེ། ཁོང་གིས་བྱེས་བཙུགས་བོད་ཀྱི་སློབ་གྲྭ་འགྲིམས་རྗེས་སྨན་རིའི་དགོན་པ་ནས་དགེ་བཤེས་ལག་ཁྱེར་བླངས་པ་དང་། རྗེས་སུ་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆར་ལེ་སི་གཙུག་ལག་སློབ་ཆེན་ནས་འབུམ་རམས་པའི་སློབ་ཐོན་ལག་ཁྱེར་བླངས་པ་རེད། བལ་ཡུལ་དུ་བཞུགས་པའི་དགེ་ལུགས་བླ་མ་ཤྲྰི་ཆུ་བཟང་རིན་པོ་ཆེས་ཀྱང་ནུབ་ཕྱོགས་སློབ་ཆེན་ཞིག་ནས་འབུམ་རམས་པའི་ལག་ཁྱེར་བླངས་ཡོད་དྲན། དེ་བཞིན་ས་སྐྱའི་མཁན་པོ་ཀུན་དགའ་ཤེས་རབ་ཀྱིས་ཁེ་ན་སྒྲའི་ཁྲོ་རོན་ཁྲོ་སློབ་ཆེན་དུ་འབུམ་རམས་པའི་སློབ་གཉེར་བྱེད་བཞིན་འདུག (6) བཀའ་བརྒྱུད་དང་ཇོ་ནང་པའི་སློབ་གཉེར་བའི་ཁྲོད་དུ་ཡང་ཚད་ལྡན་འབུམ་རམས་པའི་ལག་ཁྱེར་ཅན་ཡོད་སྲིད་ཀྱང་། བདག་གིས་དྲ་ལམ་ཁག་ཏུ་བཙལ་ཀྱང་རེ་ཞིག་ལག་སོན་མ་བྱུང་།

དུས་རབས་དང་མི་བསྟུན་པའི་ཆོས་ལུགས་དང་རིག་གཞུང་གང་ཡིན་ཡང་འཆི་ལམ་མ་གཏོགས་མེད་པའི་ཆོས་ཉིད་འདིས་དེད་དེ། བོད་བརྒྱུད་ནང་བསྟན་པའི་སློབ་གཉེར་བ་ཚོ་ཡང་དེང་རབས་འཇིག་རྟེན་འདིའི་འགྲོ་ལུགས་འདུག་སྟངས་ཀྱི་ཀློང་དུ་ཞུགས་དང་འཇུག་བཞིན་ཡོད་ལ། འདིར་གླེང་བྱའི་རྒྱལ་སྤྱིའི་ཚད་ལྡན་སློབ་གྲྭ་ཁག་ནས་རབ་འབྱམས་པ་དང་འབུམ་རམས་པའི་སློབ་ཐོན་ལག་ཁྱེར་ལེན་དགོས་པ་འདི་ནི་སྣང་ཆུང་བྱེད་མི་རུང་བའི་གནད་དོན་ཞིག་རེད་ཨང་།

མཐའ་སྡོམ། རྩོམ་ཤོག་འདི་ནི་འཆར་སྣང་ཟིན་བྲིས་ཤིག་ཡིན་པ་མ་གཏོགས་ཞིབ་འཇུག་དཔྱད་རྩོམ་དེ་འདྲ་གང་ཡང་མིན་པས། ནོར་འཁྲུལ་གྱི་རིགས་གང་མང་ཞིག་ཡོད་ངེས་སོ།།

  • 2010 ལོའི་བོད་ཀྱི་དཔེ་མཛོད་དཔར་མའི་ཤོག་ངོས། 108
  • སྐྱེས་སར་ཀླུ་སྒྲུབ་ཀྱིས་བརྩམས་པའི། ནྰལྰནྡྰ་ཞིབ་འཇུག 2009 ལོའི་བོད་ཀྱི་དཔེ་མཛོད་དཔར་མ། ཤོག་ངོས། 75-76
  • དགེ་བཤེས་ལྷ་རམས་པའི་བྱུང་བ། (gelugpa-university.org)
  • ༄༅།།དཔལ་འབྲི་གུང་བཀའ་བརྒྱུད་ནང་སློབ་གཉེར་བྱེད་ཕྱོགས་སྐོར་། – YouTube
  • 13 monks receive ‘doctoral degree’ of Tibetan Buddhism-Xinhua (news.cn)
  • དཔལ་ས་སྐྱའི་ཁྲི་འཛིན་ལམ་ལུགས། Sakya Enthronement – YouTube

འབྲེལ་ཡོད་གསར་འགྱུར།

Advertisement for App

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་ ༩༠ ལ་ཕེབས་པའི་སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུ།

ཆུ་ཚོད་ ༡༨ སྔོན་ལ།
Photo Credit: The European Parliament
༸གོང་ས་མཆོག གསར་འགྱུར།

རྒྱ་ནག་གཞུང་གིས་སྐུའི་ཡང་སྲིད་ལ་ཐེ་ཇུས་བྱེད་མཚམས་འཇོག་དགོས་པའི་སྐུལ་མ་བྱས།  

ཆུ་ཚོད་ ༡༩ སྔོན་ལ།
བོད་མིའི་སྒྲིག་འཛུགས་ཀྱིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༠༧།༠༥
༸གོང་ས་མཆོག གསར་འགྱུར།

བོད་མིའི་སྒྲིག་འཛུགས་ཀྱིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

ཆུ་ཚོད་ ༢༠ སྔོན་ལ།
The BBC visited the Kirti monastery in Aba as the Dalai Lama turned 90
Mobile App

༧སྐུའི་གོ་སྟོན་དང་འབྲེལ་བོད་ནང་དུ་དམ་དྲག་ཤུགས་ཆེན་བྱེད་བཞིན་འདུག

༢༠༢༥/༠༧/༠༤
རྒྱ་གཞུང་གིས་རེབ་གོང་གི་དྲུག་པའི་ཀླུ་རོལ་གྱི་དུས་ཆེན་བཀག་འགོག་བྱས་འདུག ལྷ་སྲས་བསོད་ནམས་ཀྱི་པར། ༢༠༢༥།༧།༤
Mobile App

རྒྱ་གཞུང་གིས་རེབ་གོང་གི་དྲུག་པའི་ཀླུ་རོལ་གྱི་དུས་ཆེན་བཀག་འགོག་བྱས་འདུག

༢༠༢༥/༠༧/༠༤
༧གོང་ས་མཆོག་ལ་ཆོས་ཚོགས་ཐེངས་བཅོ་ལྔ་བའི་ཐོག་སྤྱི་མོས་གཏན་འབེབས་བྱུང་བའི་གྲོས་ཆོད་ཁག་སྙན་སེང་ཞུས། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༧།༤
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ལ་ཆོས་ཚོགས་ཐེངས་བཅོ་ལྔ་བའི་ཐོག་སྤྱི་མོས་གཏན་འབེབས་བྱུང་བའི་གྲོས་ཆོད་ཁག་སྙན་སེང་ཞུས།

༢༠༢༥/༠༧/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese