མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

བོད་མི་ནོར་གཡང་གིས་སྐེ་བཏགས་ནས་རང་ཤི་བརྒྱབ།

བོད་ཀྱི་དུས་བབ།
༢༠༢༢/༠༩/༢༩
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་ཏོག་དབྱིབས་ལ་ཁ་གཡར་ནས་བོད་མི་ཚོར་དམ་དྲག་བཙན་གནོན་ཤུགས་ཆེན་བྱེད་བཞིན་ཡོད་པའི་རྐྱེན་གྱིས་ནོར་གཡང་སོགས་བོད་མི་ཁག་ཅིག་ནས་རང་སྲོག་བཅད་ཡོད་པའི་གནས་ཚུལ་འཐོན་བཞིན་ཡོད་པ་རེད།

བོད་རང་སྐྱོང་ལྗོངས་ཁྲིན་ཀོན་ཆུའུ་ཟེར་བའི་དོག་སྡེ་ཁྲོམ་གཞུང་གསང་ཡིབས་གྲོང་ཚོའི་བོད་མི་ནོར་གཡང་། པར་འབྲེལ་ཡོད་ནས་འདི་གར་མཁོ་སྤྲོད་བྱས།

དེ་རིང་འདི་ག་བོད་ཀྱི་དུས་བབ་གསར་ཁང་ལ་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། བོད་རང་སྐྱོང་ལྗོངས་ཁྲིན་ཀོན་ཆུའུ་ཟེར་བའི་དོག་སྡེ་ཁྲོམ་གཞུང་གསང་ཡིབས་གྲོང་ཚོའི་བོད་མི་ནོར་གཡང་ཞེས་པ་ཞིག་གིས་ཁྱིམ་དུ་སྐེ་བཏགས་ནས་རང་ཤི་བརྒྱབ་ཡོད་འདུག་ལ། ནོར་གཡང་ལགས་ནི་དུས་རྒྱུན་མར་ཆུར་སོགས་ཀྱིས་ཚོང་ལས་གཉེར་མཁན་ཞིག་ཡིན་འདུག

འདི་གའི་གནས་ཚུལ་མཁོ་སྤྲོད་པས། ཕྱི་ཚེས་ ༢༨ ཉིན་གྱི་ཉིན་རྒྱབ་ཆུ་ཚོད་ ༢ པ་ཙམ་ལ། གློ་བུར་དུ་གསང་ཡིབས་གྲོང་ཚོའི་ནང་དུ་དམག་མི་དང་སྨན་ཁང་གི་རླངས་འཁོར་གཉིས་ཡོང་སྟེ་ནོར་གཡང་ཚང་དུ་འཛུལ་ཡོད་པ་དང་། ཁྱིམ་མཚེས་ཚོས་སེམས་འཚབ་ཆེན་པོས་གནས་ཚུལ་ག་རེ་བྱུང་མིན་སྐད་ཆ་འདྲི་སྐབས། ཟླ་འདིའི་ཕྱི་ཚེས་ ༡༢ ཉིན་ཉེན་རྟོག་པས་ནོར་གཡང་ལགས་ཀྱི་ཨ་མ་དང་བཟའ་ཟླ་བཅས་ཁྱིམ་མི་གཞན་གསུམ་གྲྭ་བཞི་གྲོང་གསར་ཁུལ་གྱི་ཟུར་བཀག་ཁང་ཞིག་ཏུ་ཁྲིད་ཕྱིན་སྟབས། དེ་ནས་བཟུང་ནོར་གཡང་ལགས་གཅིག་པུར་ཁྱིམ་དུ་ལྷག་ཡོད་པ་དང་། ཕྱི་རོལ་དུ་འགྲོ་སྐྱོད་མི་ཆོག་པའི་ཁར་ཟུར་བཀག་ཁང་དུ་བཅུག་པའི་མི་མང་ལ་སྨན་བཅོས་དང་བཟའ་བཏུང་། འཚོ་བའི་མཁོ་ཆས་སོགས་ཀྱི་མཐུན་རྐྱེན་ཧ་ཅང་ཞན་པའི་གནས་ཚུལ་མང་པོ་ཞིག་སྤྱི་ཚོགས་ནང་ཁྱབ་ཡོད་སྟབས། ནོར་གཡང་ལགས་སེམས་སྡུག་གིས་མ་བཟོད་པར་རང་ཤི་བརྒྱབ་ཟིན་པའི་གནས་ཚུལ་ཤེས་རྟོགས་བྱུང་སྐོར་བརྗོད་བྱུང་།

འདི་ལོའི་ཕྱི་ཟླ་ ༨ ཙམ་ནས་བཟུང་བོད་ཀྱི་རྒྱལ་ས་ལྷ་ས་དང་གཞིས་ཀ་རྩེ། མངའ་རིས། དེ་བཞིན་མདོ་སྟོད་སྨད་ཀྱི་ས་ཁུལ་མང་པོ་ཞིག་ཏུ་ཏོག་དབྱིབས་ཁྱབ་གདལ་དུ་ཕྱིན་ཡོད་པ་དང་། ཐེམ་སྤང་བཀའ་རྒྱ་བསྒྲགས་ནས་ད་བར་ཉུང་མཐར་ཉིན་གྲངས་ ༥༠ ལྷག་འགྲོ་བཞིན་ཡོད་ཀྱང་། ད་དུང་ཡང་ཏོག་དབྱིབས་འགོས་ཁྱབ་མུ་མཐུད་ནས་འགྲོ་བཞིན་ཡོད་པ་མ་ཟད། ཏོག་དབྱིབས་ཟུར་བཀག་ཁང་དག་གི་སྨན་བཅོས་མཐུན་རྐྱེན་ཞན་པ་མ་ཟད། ཉིན་རེའི་བཟའ་བཏུང་དང་སྡོད་གནས་ལའང་དཀའ་ངལ་འཕྲད་དེ། མི་མང་གི་ལུས་སེམས་གཉིས་ལ་དཀའ་སྡུག་ཆེན་པོ་སྤྲོད་བཞིན་ཡོད་སྟབས། འདས་པའི་ཉིན་ཤས་ནང་བོད་མི་ཁག་ཅིག་ནས་རང་ཤི་བརྒྱབ་ཡོད་པའི་གནས་ཚུལ་འཐོན་གྱི་ཡོད་པ་རེད།

འབྲེལ་ཡོད་གསར་འགྱུར།

NewsClick's founder Prabir Purkayastha was arrested on Tuesday evening
Mobile App

རྒྱ་གཞུང་གི་ཐེ་ཇུས་ཡོད་པའི་ཉེས་མིང་འོག་རྒྱ་གར་གྱི་གསར་ཁང་ཞིག་གི་རྩོམ་སྒྲིག་པ་སོགས་འཛིན་བཟུང་བྱས། 

ཆུ་ཚོད་ ༡༤ སྔོན་ལ།
ཆོས་དབྱིངས་སྐྱིད་ཀྱིས་ཨེ་ཤ་ཡའི་འགྲན་སྡུར་ནང་གསེར་གྱི་རྟགས་མ་བླངས། ༢༠༢༣། ༡༠། ༤། དྲ་ལམ་གྱི་པར།
Mobile App

ཆོས་དབྱིངས་སྐྱིད་ལགས་ཀྱིས་ཨེ་ཤ་ཡའི་འགྲན་སྡུར་ནང་གསེར་གྱི་རྟགས་མ་བླངས།

ཆུ་ཚོད་ ༡༦ སྔོན་ལ།
Front Slider

༧གོང་ས་མཆོག་གིས་སྤྱན་རས་གཟིགས་ཕྱག་བཞི་པའི་བཀའ་དབང་བསྩལ།

ཆུ་ཚོད་ ༡༦ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་སྤྱན་རས་གཟིགས་ཀྱི་བཀའ་དབང་བསྩལ། བོད་ཀྱི་དུས་བབ་གསར་ཁང་གི་སྐུ་པར། ༢༠༢༣།༡༠།༤
༸གོང་ས་མཆོག གསར་འགྱུར།

འཛམ་གླིང་ཞི་བདེ་ཡོང་བར་ནང་སེམས་ཀྱི་ཞི་བདེ་དང་བྱམས་བརྩེ་གལ་ཆེན་ཡིན།

ཆུ་ཚོད་ ༡༧ སྔོན་ལ།
Mobile App

སྤྱི་འཐུས་གྲོས་ཚོགས་ལས་འཕྲོས་པའི་བསམ་ཚུལ།

ཆུ་ཚོད་ ༡༧ སྔོན་ལ།
Advertisement for App

TIBET TIMES LAUNCHED NEW ENGLISH WEBSITE

ཆུ་ཚོད་ ༡༧ སྔོན་ལ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist