མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་ནས་ཡུ་རོབ་ནང་གཞུང་འབྲེལ་སྐོར་སྐྱོད་གནང་བཞིན་པ།

བོད་ཀྱི་དུས་བབ།
༢༠༢༢/༡༠/༠༡
Share on FacebookShare on TwitterShare on EmailShare on Whatsapp

བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་ནས་ཨི་ཊ་ལི་གཙོ་བོར་གྱུར་བའི་ཡུ་རོབ་ཀྱི་རྒྱལ་ཁབ་སུད་སི་དང་འཇར་མ་ནི། སྦེལ་ཇམ་སོགས་ཀྱི་ནང་གཞུང་འབྲེལ་གཟིགས་སྐོར་གནང་གི་ཡོད་འདུག

DIIR Kalon Norzin Dolma and Representative Thinlay Chukki with Curator and Author of the photo exhibition Claudio Cardelli, Hon’ble Leonardo Varasano, Minister for Culture (Perugia), and others at the “Tibet: Heart of Asia” exhibition.

ཨི་ཊ་ལིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་པེ་རུ་གི་ཡའི་གྲོང་སྡེ་སྤྱི་ཁྱབ་ལྷན་ཁང་གཉིས་ཀྱི་གོ་སྒྲིག་འོག ཁ་སང་ཕྱི་ཚེས་ ༣༠ ཉིན་ཨི་ཊ་ལིའི་གྲོང་ཁྱེར་པེ་རུ་ཇ་ (Perugia)དུ་བོད་ནི་ཨེ་ཤ་ཡའི་སྙིང་ཡིན་ཞེས་པའི་བརྗོད་གཞིའི་ཐོག་བདུན་ཕྲག་གསུམ་རིང་པར་རིས་འགྲེམས་སྟོན་གནང་བཞིན་ཡོད་པ་དང་། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གི་དབུས་སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་དང་པེ་རུ་ཇའི་ས་གནས་ཀྱི་རིག་གཞུང་བློན་ཆེན་ལེའོ་ནར་ཌོ་(Leonardo Varasano)ལགས་བཅས་ཕེབས་ཏེ་འགྲེམས་སྟོན་དབུ་འབྱེད་གནང་ཡོད་འདུག

 ཐེངས་འདིའི་པར་རིས་འགྲེམས་སྟོན་ནང་རྒྱ་ནག་གིས་བོད་ས་བཙན་བཟུང་བྱས་རྗེས། བཙན་བྱོལ་དུ་གྱར་བའི་བོད་མི་སྐྱབས་བཅོལ་བ་རྣམས་ཀྱི་ལོ་རྒྱུས་དང་། ད་ལྟའང་རྒྱ་ནག་གཞུང་གིས་བོད་ནང་གི་བོད་མིར་དྲག་གནོན་བྱེད་མུས་ཡིན་པར་གསལ་སྟོན་བྱས་ཡོད་ཅིང་། པར་རིས་དེ་དག་ནི་ཨི་ཊ་ལིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་དང་པར་ལེན་པ་སྐུ་ཞབས་ཁི་ལོ་ཌིའོ་(Claudio Cardelli)ལགས་ཀྱིས། འདས་པའི་ལོ་ངོ་ ༤༠ རིང་བོད་དང་བོད་ཀྱི་རིག་གཞུང་གཅིག་པའི་དབུས་ཨེ་ཤ་ཡའི་ཁུལ་ནས་པར་བླངས་པ་ཤ་སྟག་ཡིན་འདུག་ལ། པར་རིས་ཕྱོགས་སྒྲིག་གི་འགྲེམས་སྟོན་དེའི་ནང་བོད་ནི་ཨེ་ཤ་ཡའི་སྙིང་ཡིན་པའི་མཚོན་དོན་དང་བོད་དོན་པར་རིས་བརྒྱུད་འགྲེམས་སྟོན་གནང་བཞིན་ཡོད་འདུག

ཁ་པར་བརྒྱུད་ཇི་ནི་ཝ་སྐུ་ཚབ་དོན་ཁང་གི་ལས་བྱེད་སྐལ་ལྡན་མཚོ་མོ་ལགས་ཀྱིས་འདི་གའི་གསར་འགོད་པར། དེ་རིང་ནས་སང་ཉིན་བར་ཉིན་གཉིས་རིང་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས་ཨི་ཊ་ལིའི་གྲོང་ཁྱེར་མི་ལན་ (Milan) དུ་ཡུ་རོབ་བོད་རིགས་ཚོགས་པའི་ལོ་འཁོར་ཚོགས་འདུ་ཐེངས་གསུམ་པའི་སྟེང་མཉམ་ཞུགས་གནང་གི་ཡོད་པ་དང་། ཕྱི་ཚེས་ ༣ ཉིན་ལྷོ་ཊི་རོལ་ (South Tyrol) རང་སྐྱོང་མངའ་ཁུལ་གྱི་རྒྱལ་ས་བྷོལ་ཛ་ནོ་ (Bolzano) ཕེབས་འཆར་ཡོད་པ་དང་། སྐབས་དེར་ལྷོ་ཊི་རོལ་གྱི་གནད་ཡོད་མི་སྣ་ཁག་ཅིག་དང་ཡོ་རོབ་ཀྱི་ཤེས་ཡོན་བསྟི་གནས་ཁང་ (EURAC) ཞེས་པའི་ཉམས་ཞིབ་ལྟེ་གནས་ཁང་གི་གནད་ཡོད་མི་སྣ་ཁག་དང་མཇལ་འཕྲད་གནང་འཆར་འདུག ཕྱི་ཚེས་ ༤ ཉིན་ནས་ཕྱི་དྲིལ་བཀའ་བློན་མཆོག་སུད་སི་ (Switzerland) ཡི་གྲོང་ཁྱེར་ཇི་ནི་ཝ་དང་། ཛུད་རིག་ (Zurich)། བྷར་ (Bern) ལ་ཕེབས་འཆར་ཡོད་པ་རེད། དེ་ནས་འཇར་མ་ནི་ (Germany) དང་སྦེལ་ཇམ་ (Belgium) ཡི་རྒྱལ་ས་བྷར་སིལ་ (Brussels) སོགས་ལ་ཕེབས་འཆར་ཡོད་སྐོར་སོགས་འགྲེལ་བརྗོད་གནང་བྱུང་།

ཕྱི་ཟླ་ ༩ ཚེས་ ༢༩ ཉིན་ཕྱི་དྲིལ་བཀའ་བློན་མཆོག་ཨི་ཊ་ལིའི་རྒྱལ་ས་རོམ་(Rome) དུ་ཕེབས་འབྱོར་གྱིས།  ཨི་ཊ་ལིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ཟུར་པ་དང་ས་གནས་བོད་དོན་རྒྱབ་སྐྱོར་བ་རྣམས། དེ་བཞིན་ས་གནས་དེར་གནས་སྡོད་བོད་མི་དང་བོད་བརྒྱུད་ནང་བསྟན་གྱི་ཆོས་ཚོགས་ཁག་གི་དགེ་འདུན་པ་རྣམས་དང་མཇལ་འཕྲད་གནང་སྟེ་བོད་དོན་སྐོར་གླེང་སློང་གནང་ཡོད་འདུག དེ་བཞིན་བཀའ་བློན་མཆོག་གིས་ཨི་ཊ་ལིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ལུ་སེཡ་ནོ་ནོ་བྷི་ལི་(Luciano Nobili) མཆོག་དང་ཨི་ཊ་ལིའི་གྲོས་ཚོགས་འཐུས་མི་མེ་ཊེའུ་ལིའུ་གེ་བྷེན་ཆི་(Matteo Luigi Bianchi)དང་ཨེན་ཊོ་ནེ་ལཱ་ཨཱིན་སེར་ཏི་(Antonella Incerti)གཙོས་པའི་ཚོགས་མི་ཟུར་པ་ཡོངས་ནས་བོད་དོན་རྒྱབ་སྐྱོར་གནང་དང་གནང་མུས་ཡིན་པར་ཐུགས་རྗེ་ཆེ་ཞུས་ཡོད་འདུག་ལ། བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མིའི་ངོས་ནས་མུ་མཐུད་དུ་བོད་དོན་རྒྱབ་སྐྱོར་གནང་རྒྱུའི་ཆོད་སེམས་བརྟན་པོ་ཡོད་སྐོར་གསུངས་ཡོད་འདུག 

གསར་འགོད་པ་བསྟན་འཛིན་ཕུར་བུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་བ་སོགས་ལས་བསྡུས།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

སྲི་ཞུའི་ལས་བྱེད་གཉིས་ལ་ཕྱི་ལོ་ ༢༠༢༥ ལོའི་ལས་དོན་གཟེངས་ཐོན་གྱི་གཟེངས་རྟགས་དབུལ་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༡ སྔོན་ལ།
Mobile App

རྒྱ་གར་གྱིས་རྒྱ་ནག་ལ་བརྟེན་མི་དགོས་པར་རང་སྐྱ་འཕེར་བའི་ཉི་གློག་བཟོ་སྐྲུན་གྱི་སྲིད་ཇུས་གསར་པ་ཞིག་སྤེལ་རྒྱུ་རེད།

ཆུ་ཚོད་ ༡༢ སྔོན་ལ།
TT
Mobile App

ཚོགས་གཙོ་སྒྲོལ་མ་ཚེ་རིང་མཆོག་གིས་ཨ་རིའི་གཞུང་ཚབ་ཁང་གི་ཆབ་སྲིད་སྡེ་ཚན་གྱི་ལས་བྱེད་དང་མཇལ་འཕྲད་གནང་།

ཆུ་ཚོད་ ༡༢ སྔོན་ལ།
Sakkar Tashi’s profile on X. Screenshot taken on 24 June 2026.
Mobile App

རྒྱ་ནག་གཞུང་གིས་ས་དཀར་བཀྲ་ཤིས་ལགས་ཀྱི་བོད་ནང་གི་ནང་མི་རྣམས་ནག་ཉེས་ཅན་གྱི་ཐོ་གཞུང་དུ་བཅུག་འདུག

ཆུ་ཚོད་ ༡༢ སྔོན་ལ།
སྲིད་སྐྱོང་མཆོག་གི་ཨ་རི་དང་ཡུ་རོབ་ཀྱི་གཞུང་འབྲེལ་ཕྱོགས་ཕེབས་མཇུག་བསྒྲིལ། བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས། ༢༠༢༦།༦།༢༤
Mobile App

སྲིད་སྐྱོང་མཆོག་གི་ཨ་རི་དང་ཡུ་རོབ་ཁུལ་གྱི་ཕྱོགས་ཕེབས་མཇུག་བསྒྲིལ། 

ཆུ་ཚོད་ ༡༦ སྔོན་ལ།
Some Chinese students celebrate graduation in New York. Photo: IC
Mobile App

རྒྱ་ནག་དང་འབྲེལ་འདྲིས་ཡོད་པའི་ཨ་རིའི་སློབ་ཆེན་ཁག་ལ་རོགས་དངུལ་སྤྲོད་ལེན་མི་ཆོག་པའི་ཁྲིམས་འཆར་བཏོན།

༢༠༢༦/༠༦/༢༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese