མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞན་གཅེས་འཛིན་གྱི་བློ་ཡིས་དངོས་གནས་དྲང་གནས་སེམས་ལ་ཞི་བདེ་ཡོང་གི་ཡོད་ཅེས་གསུངས།

བོད་ཀྱི་དུས་བབ།
༢༠༢༢/༡༠/༠༥
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་གསུང་ཆོས་ཉིན་གསུམ་གྱི་མཐའ་མ་དེར་༧གོང་ས་མཆོག་ནས་དད་ལྡན་དོན་གཉེར་ཅན་རྣམས་ནས་ཉིན་ལྟར་བྱང་ཆུབ་སེམས་དཔའི་སྡོམ་པ་ལེན་ཐུབ་ན་ཕན་ཐོགས་ཆེན་པོ་ཡོད་སྐོར་གསུངས་སོང་།

རྡ་ས་ཐེག་ཆེན་གཙུག་ལག་ཁང་གི་ཆོས་རའི་ནང་དུ་ཆིབས་བསྒྱུར་བསྐྱངས་སྐབས། ༢༠༢༢།༡༠།༠༥ ཕོ་བྲང་གི་སྐུ་པར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། ངོས་རང་ཆ་བཞག་ན་བྱང་ཆུབ་སེམས་དཔའི་སྡོམ་པ་ཉིན་ལྟར་རེ་ཞིག་སྨོན་ལམ་བཏབ་ནས་སྡོམ་པ་ལེན་གྱི་ཡོད། སྤྱིར་སངས་རྒྱས་བཅོམ་ལྡན་འདས་ཀྱི་རྗེས་འབྲང་བ་རེད། སངས་རྒྱས་བཅོམ་ལྡན་འདས་ཀྱིས་སྤངས་རྟོགས་མཐར་ཕྱིན་པ་ཡོང་རྒྱུའི་ལམ་གཙོ་བོ་དེ་ག་རེ་ཡིན་པ་ཁོང་རང་གི་ཉམས་མྱོང་གི་ཐོག་ནས་བྱང་ཆུབ་ཀྱི་སེམས་ཟེར་བ་དེ། ང་ཚོས་ཉམས་ལེན་བྱ་རྒྱུ་གཙོ་བོ་དེ་ཆགས་ཀྱི་ཡོད་རེད། བཅོམ་ལྡན་འདས་ཁོང་རང་ནས་འདི་ཉམས་བཞེས་གནང་ནས་གྲངས་མེད་གསུམ་དུ་ཚོགས་བསགས། མཐར་མངོན་པར་རྫོགས་པ་སངས་རྒྱས་ནས་དུས་ད་ལྟ་ཡིན་ནའང་བཅོམ་ལྡན་འདས་ཀྱིས་གསུང་གི་འོད་གསལ་འདི་འཛམ་བུ་གླིང་ཀུན་ལ་ཁྱབ་སྡོད་མཁན་ཞིག་ཆགས་ཀྱི་ཡོད་རེད་པཱ། དེ་འདྲ་སོང་ཙང་། ང་ཚོ་ཚང་མས་ཉིན་རེ་བཞིན་དུ་བྱང་ཆུབ་སེམས་དཔའི་སྡོམ་པ་བླངས་རྒྱུ་བྱུང་པ་ཡིན་ན་ཕན་ཐོགས་ཆེན་པོ་ཞེ་དྲགས་རེད། བཤད་མ་ཐག་པ་ནང་བཞིན་ངོས་རང་གི་ངོས་ནས་ཆ་བཞག་ན། ཉིན་ལྟར་བྱང་ཆུབ་སེམས་དཔའི་སྡོམ་པ་དང་སྔགས་ཀྱི་སྡོམ་པའང་ལེན་གྱི་ཡོད། དེར་བརྟེན། དེ་རིང་མཇུག་ཏུ་དགེ་བ་བྱང་ཆུབ་སེམས་དཔའི་སྡོམ་པ་ཞིག་འབོགས་ཆོག་བྱེད་དགོས་དྲན་བྱུང་། ཞེས་གསུངས་སོང་།

བཀའ་ཆོས་དང་འབྲེལ་ནས་མགོན་པོ་གང་ཉིད་མཆོག་གིས། རང་གཅེས་འཛིན་གྱི་བློ་དང་གཞན་གཅེས་འཛིན་གྱི་བློའི་སྐོར་ལ་ངོ་སྤྲོད་དང་། སྐྱེ་འགྲོ་ཀུན་གྱིས་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་ཡིན་པར་བརྟེན། ཚང་མས་སེམས་སྐྱིད་པ་དང་ལུས་བདེ་བ་ཞིག་འདོད་ཀྱི་ཡོད་པ་རེད། དེར་བརྟེན་རང་གཅེས་འཛིན་གྱིས་སེམས་མ་སྐྱིད་པ་ཡོང་གི་ཡོད་པས། རང་གཅེས་འཛིན་དེ་སྐྱོན་ལ་བལྟས་ནས་གཞན་གཅེས་འཛིན་དང་དུ་བླངས་ཚེ། རང་བཞིན་གྱིས་སེམས་ནང་གི་སྙིང་སྟོབས་ལ་ཕན་ཐོགས་ཡོང་བ་དང་། དེའི་རྐྱེན་གྱིས་སེམས་ལ་ཞི་བདེ་བརྒྱ་ཆ་བརྒྱ་ཐམ་པ་བསླེབ་ཐུབ་སྐོར། དེ་བཞིན་ང་ཚོ་ཚང་མས་བྱང་ཆུབ་ཀྱི་སེམས་ཀྱི་ཉམས་ལེན་གང་ཐུབ་བྱ་དགོས་སྐོར་དང་། སྔགས་དྲངས་པ་དང་ལྷ་བསྒོམ་ནས་སེམས་ལ་ཞི་བདེ་ཡོང་དཀའ་བས། བྱང་ཆུབ་སེམས་ཀྱིས་རང་གཅེས་འཛིན་གྱི་སྐྱོན་དང་གཞན་གཅེས་འཛིན་གྱི་ཡོན་ཏན་ལ་བསམ་བློ་གཏོང་ཚེ། དོན་དངོས་སུ་སེམས་ལ་ཞི་བདེ་ཡོང་ཐུབ་ཀྱི་ཡོད་པས། ཆོས་གྲོགས་ཚང་མས་དེའི་ཐོག་ལ་དགོངས་པ་བཞེས་དགོས་སྐོར་སོགས་བཀའ་ཆོས་དང་འབྲེལ་ནས་བཀའ་སློབ་གནང་སོང་།

ཐའེ་ཝན་གྱི་དད་ལྡན་གཉིས་ནས་བཀའ་འདྲི་ཞུ་བཞིན་པ། ༢༠༢༢།༡༠།༠༥ ཕོ་བླང་གི་པར།

མཇུག་ཏུ་བཀའ་འདྲི་བཀའ་ལན་གྱི་སྐབས་སུ་ཐའེ་ཝན་ནས་ཡོང་བའི་གསུང་ཆོས་ཞུ་མཁན་བུད་མེད་ཅིག་གིས། ཏོག་དབྱིབས་ནད་ཡམས་ཀྱི་དུས་སུ་མི་མང་པོ་ལུས་སེམས་ཀྱི་འཕྲོད་བསྟེན་ལ་དོ་སྣང་ཤུགས་ཆེ་རུ་སོང་ཡོད་སྟབས། ནང་ཆོས་ལས་ལུས་སེམས་ཀྱི་བདེ་བ་བསྐྲུན་པའི་ཐབས་ཐུན་མོང་མ་ཡིན་པ་གང་ཡོད་སྐོར་བཀའ་འདྲི་ཞུས་པར་རྒྱལ་བ་རིན་པོ་ཆེ་མཆོག་གིས། སེམས་ལ་དངངས་སྐྲག་མེད་པའི་ཐོག་ནས་ཞི་བདེ་བྱུང་ན། ལུས་ཀྱི་འབྱུང་བ་དེ་དག་ཆ་སྙོམས་པོ་བྱས་ནས་སྡོད་ཐུབ་ཀྱི་ཡོད་པ་དང་། སེམས་ནང་ཞི་བདེ་བསྐྲུན་པ་ནི་ལུས་ཀྱི་འཕྲོད་བསྟེན་བྱས་པ་མ་རེད་དེ། འཕྲོད་བསྟེན་ཡག་ཤོས་དེ་སེམས་ཞི་བདེ་བློ་བག་ཕེབས་པོའི་ཐོག་ནས་སྡོད་རྒྱུ་དེ་ཡིན། དངངས་སྐྲག་དང་དོགས་པ་སོགས་མི་བྱེད་པར་སེམས་ལྷོད་ལྷོད་ཡོང་བར་གཞན་གཅེས་འཛིན་གྱི་བློ་དང་འབྲེལ་བ་ཞེ་དྲགས་ཡོད། གཞན་ཐབས་ཐུན་མོང་མ་ཡིན་པ་ཟེར་དུས་རྩ་རླུང་གི་ཉམས་ལེན་སོགས་རྙོག་དྲ་ཚ་པོ་རེད། ཅེས་བཀའ་ལན་གནང་སོང་།

དེ་ནས་གསུང་ཆོས་ཞུ་མཁན་བུད་མེད་ཅིག་གིས། བོད་དང་ཤིན་ཅང་ནང་དུ་མི་རིགས་རྩ་མེད་གཏོང་བའི་གདུག་རྩུབ་ཅན་གྱི་སྲིད་ཇུས་ལག་སྟར་བྱེད་བཞིན་ཡོད་དུས། གནས་སྟངས་དེ་འདྲའི་འོག་བྱང་ཆུབ་ཀྱི་སེམས་གང་འདྲ་ཉམས་ལེན་གནང་དགོས་སྐོར་བཀའ་འདྲི་ཞུས་པར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། ང་ཚོར་ཆ་བཞག་ན། བོད་ནང་དུ་རྒྱ་མི་གུང་ཁྲན་གྱིས་དགོན་པ་གཏོར་བ་དང་ཆོས་པ་དེ་ཚོ་ལ་བསམ་ནག་བྱས་ནས་བསད་པ་དེ་འདྲ་ཡོང་གི་ཡོད་རེད། དེ་ཡོང་དུས་སེམས་ནང་དུ་དེ་དག་ནི་འཕྲལ་སེལ་གྱི་ཆགས་སྡང་གི་བློ་དེ་འདྲ་ཞིག་གི་གཞན་དབང་དུ་བཏང་ནས་ལས་ངན་བསགས་ཀྱི་འདུག་བསམ་ནས་སྙིང་རྗེ་སྐྱེས་པ་མ་གཏོགས། ཁོང་ཁྲོ་ཟ་རྒྱུ་ཕལ་ཆེར་མི་འདུག་བཱ། དེ་ནི་གཙོ་བོ་གཅེས་འཛིན་རེད་ཤག གཞན་གཅེས་འཛིན་གྱི་བསམ་བློ་ཏོག་ཙམ་ཡོད་ན། དེ་འདྲའི་ལས་ངན་གསོག་མཁན་དེ་དག་ལ་དམིགས་བསལ་གྱིས་བརྩེ་བའི་བློ་སྐྱེས་པ་མ་གཏོགས་ཁོང་ཁྲོ་ཟ་བའི་བློ་ཕལ་ཆེར་མི་ཡོང་བ་རེད། ཅེས་བཀའ་ལན་གནང་སོང་།

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་དུས་བབ་གསར་ཁང་གི་པར
Mobile App

དབུས་འོས་བསྡུ་ལས་ཁང་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་གཏུགས།

ཆུ་ཚོད་ ༡༩ སྔོན་ལ།
This photograph taken during a government-organized media tour shows a young boy standing near his house in Damxung county, in China’s Tibet Autonomous Region, in June 2021. (Photo: Hector Retamal/AFP)
Mobile App

འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གིས་རྒྱ་ནག་གིས་བོད་ཀྱི་སྐད་ཡིག་རྩ་མེད་གཏོང་ཐབས་བྱེད་བཞིན་པ་ཐེར་འདོན་གནང་། 

ཆུ་ཚོད་ ༢༢ སྔོན་ལ།
Tibetans in Nepal Advised not to Hold March 10 Rallies
Mobile App

ཨ་རིས་བལ་ཡུལ་ནང་གི་བོད་མི་སྐྱབས་བཅོལ་བར་ལྟ་རྟོག་དགོས་པའི་སྐུལ་མ་བྱས།

༢༠༢༦/༠༥/༠༥
ཐའེ་ལན་ཌིའི་གསར་འགོད་པ་ཝུའུ་ཌི་མི་ལིན་ཊ་ཆིན་ཊ་(Woody Milintachinda) ལགས་ཀྱིས་སྣེ་འཁྲིད་པའི་ནང་པའི་ཚོགས་པ་ཐའེ་ལན་ཌི་ཝུའུ་ཌི་ཝོེ་ཌི་(Woody World Thailand ) ཡི་ཚོགས་མི་ ༢༠ ཡིས་༧གོང་ས་མཆོག་ལ་མཇལ་བཅར་ཞུས། ༢༠༢༦།༠༥།༤
༸གོང་ས་མཆོག གསར་འགྱུར།

ཐའེ་ལན་ཌི་དང་བོད་བར་གྱི་འབྲེལ་ལམ་དེ་ནི་འབྲེལ་མོལ་གྱིས་མཐུན་སྒྲིལ་ཡོང་བའི་དཔེ་མཚོན་ཡག་པོ་ཞིག་ཡིན་ཞེས་བཤད།

༢༠༢༦/༠༥/༠༤
gulf-insider
Mobile App

རྒྱ་ནག་འཛམ་གླིང་གི་གསར་འགོད་པ་བཙོན་འཇུག་བྱེད་མཁན་སྡུག་ཤོས་རེད་འདུག

༢༠༢༦/༠༥/༠༤
Mobile App

བོད་སློབ་གྲྭ་ཁག་ཏུ་ལུས་ཐོག་ཉེས་ཆད་གཏོང་རྒྱུ་ངེས་པར་དུ་མཚམས་འཇོག་གནང་དགོས།

༢༠༢༦/༠༥/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese