མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གོ་པལ་པུར་བོད་ཁྱིམ་གྱི་སློབ་ཟུར་ཚོས་མ་འོངས་པར་ཤེས་ཡོན་ཐོག་རོགས་རམ་བྱ་རྒྱུ་ཡིན་སྐོར་བརྗོད་སོང་།

བོད་ཀྱི་དུས་བབ།
༢༠༢༢/༡༠/༠༧
Share on FacebookShare on TwitterShare on EmailShare on Whatsapp

གོ་པལ་པུར་བོད་ཁྱིམ་སློབ་གྲྭའི་མི་ལོ་ ༢༥ འཁོར་བའི་མཛད་སྒོའི་ཐོག་དེ་གའི་སློབ་ཟུར་ཚོགས་པས་སློབ་ཕྲུག་ཁོ་ནར་ཕན་ཐོགས་སླད་ཧིན་སྒོར་འབུམ་ ༡༥ ནས་ ༢༠ བར་དུ་འགྲོ་ཡི་ཡོད་སྐོར་གསུངས་པ་ལྟར་གང་ཐུབ་རོགས་རམ་བྱ་རྒྱུ་ཡིན་སྐོར་བརྗོད་སོང་།

གོ་པལ་པུར་བོད་ཁྱིམ་དབུ་བརྙེས་ནས་ལོ་ངོ་ ༢༥ འཁོར་བའི་མཛད་སྒོ་ཚོགས། ༢༠༢༢།༡༠།༠༧ དུས་བབ་ཀྱི་པར།

དེ་རིང་གོ་པལ་པུར་བོད་ཁྱིམ་སློབ་གྲྭ་དབུ་བརྙེས་ནས་མི་ལོ་ ༢༥ འཁོར་བའི་མཛད་སྒོར་བོད་མིའི་སྒྲིག་འཛུགས་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་དང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་ལགས། དྷ་ས་ས་གནས་མགོ་འཛིན་ལགས། གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ། སློབ་གྲྭ་ཁག་ཅིག་གི་སྐུ་ཚབ། དེ་བཞིན་གོ་པལ་པུར་བོད་ཁྱིམ་གྱི་ད་ཡོད་དབུ་ལས་སློབ་ཕྲུག་རྣམས་དང་། སློབ་ཟུར་ ༡༠༠ ལྷག་མཉམ་ཞུགས་བྱས་ཡོད་འདུག་ལ། མཛད་སྒོའི་ཐོག་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས། ད་ལྟའི་དུས་སུ་བོད་ནང་གི་བོད་མི་དག་སྙིང་ལ་བཅངས་ནས་གོ་པལ་པུར་བཙུགས་ནས་མི་ལོ་ ༢༥ འཁོར་བའི་དུས་ཚོད་བཟང་པོ་འདིའི་ཐོག་ལ་རྣམ་པ་ཚང་མ་ལ་བཀའ་ཤག་གིས་ཚབ་ཞུས་ཏེ། བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན། ད་ལྟའི་མཛད་སྒོ་དང་གནས་སྟངས་ཐོག་ངས་སྐད་ཆ་བཤད་ན་ཚང་མ་ཉོབ་རོགས་མ་གཏོགས། ངས་བཤད་པ་དེས་ཕན་ཐོགས་ཡོད་ན་མེད་ན། གང་ལྟར་གཙོ་བོ་ང་རང་ཚོ་རྒྱལ་ཁབ་ཅིག་དང་མི་རིགས་ཤིག་ལ་གཟིགས་པ་ཡིན་ན། གཉན་འཕྲང་ཅན་གྱི་དུས་ཤིག་དང་། བཟང་ཕྱོགས་ནས་ཕར་བལྟས་པ་ཡིན་ན། བོད་ཀྱི་བདེན་མཐའ་གསལ་རྒྱུའི་གོ་སྐབས་ཆེན་པོ་ཞིག་ཡོད་པའི་དུས་ཚོད་བཟང་པོ་ཞིག་རེད། ལྷག་པར་དུ་༧སྤྱི་ནོར་༧ གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་དབུ་འཁྲིད་བཟང་པོ་འདི་ང་ཚོར་ཡོད་པས། སོ་སོར་ནོར་བུ་ཡོད་པ་དེ་ངོ་འཕྲོད་ནས་ཁོང་གིས་ད་ལྟ་བར་དུ་བོད་སྤྱིའི་རྩ་དོན་དང་བསྟན་སྲིད་མི་རིགས་ཆེད་དུ་ལམ་སྟོན་གནང་བཞག་པ་དེའི་ཐོག་ལ་ང་ཚོས་ཤར་སྐྱོད་བྱེད་ཀྱི་ཡོད་ན། ང་རང་ཚོ་བོད་མི་ཞིག་ཡིན་པའི་ལས་འགན་བསྒྲུབ་ཐུབ་པ་ཞིག་ལ་བརྒྱ་ཆ་བརྒྱ་ངོས་འཛིན་བྱེད་ཆོག་གི་རེད། ཆོས་ཀྱི་ཕྱོགས་ནས་དེ་ག་རང་རེད་ལ། སྲིད་ཀྱི་ཕྱོགས་ནས་ཀྱང་དེ་ལྟར་ཡིན་པ་རེད། དེ་རིང་ཁྱེད་རང་ཚོས་རུ་སྒྲིག་སྐབས་བོད་རྒྱལ་ཁབ་ཆེན་མོའི་རྒྱལ་དར་གནམ་ལ་འཕྱར་ནས་ཕེབས་ཡོང་དུས་སེམས་ནང་ལ་སྤྲོ་སྣང་ཞིག་དང་། སྤོབས་པ་བྱུང་། བོད་ཀྱི་རྩ་དོན་དང་བསྟན་སྲིད་ཀྱི་ཆེད་དུ་ང་ཚོའི་སློབ་གྲྭ་ཁག་ནི་ཤེས་ཡོན་གྱི་རྨང་གཞི་འཇོག་ས་གཙོ་བོ་ཆགས་ཀྱི་ཡོད་པའི་ར་སྤྲོད་བྱུང་། དེ་ང་རང་ཚོའི་རྩ་དོན་ལ་བཀྲིན་ཆེན་པོ་ཡིན་པར་ངོས་འཛིན་བྱས་ཏེ། ད་ལྟ་བར་བཙན་བྱོལ་ནང་ལ་བཀྲིན་རྗེས་དྲན་ཞུས་པ་རེད་ལ། ང་རང་བཙན་བྱོལ་དུ་སྐྱེས་ནས་བོད་གཞུང་སློབ་གྲྭར་སློབ་སྦྱོང་བྱས་ཏེ། འབྲས་དང་དྷ་ལི་བཟས་ནས་ཐོན་པ་ཞིག་ཡིན་པས། ཨ་མ་རྗེ་བཙུན་པདྨ་ལགས་ང་རང་སྒེར་དང་ཚང་མར་བཀྲིན་ཆེན་མོ་ཡིན་པས། དེ་རིང་བཀྲིན་རྗེས་དྲན་ཞུ་ཡི་ཡོད། ཅེས་གསུངས་སོང་།

ཡང་བཀའ་བློན་མཆོག་གིས། བོད་ཁྱིམ་སློབ་གྲྭ་སྤྱི་ཡོངས་དེ་བཙན་བྱོལ་བོད་ཀྱི་སྤྱི་ཚོགས་སུ་ཤེས་ཡོན་གཅིག་པུ་མ་ཡིན་པར། བོད་ཁྱིམ་སློབ་གྲྭ་ཁག་ནས་ཐོན་པའི་སློབ་མ་མང་པོ་ཞིག་གིས་སྤྱི་ཚོགས་སུ་འགན་བླངས་ནས་སྲི་ཞུ་སྒྲུབ་མུས་ཡིན་པ་མ་ཟད། རྒྱ་གར་གཞུང་མང་གཉིས་སུ་འབྲེལ་ལམ་གོང་མཐོར་གཏོང་བར་ཞབས་འདེགས་སྒྲུབ་མུས་ཡིན་པ་དང་། དེ་བཞིན་རྒྱ་གར་གཞུང་གིས་ཐོག་མར་བཙུགས་པའི་བོད་གཞུང་སློབ་གྲྭ་ཁག་དེ་དག་བོད་མིའི་སྒྲིག་འཛུགས་ལ་རྩིས་སྤྲོད་ཐག་གཅོད་བྱེད་པའི་སྐབས་སུའང་། རྒྱ་གར་གཞུང་གིས་ཀྱང་བོད་མི་ཚོས་སློབ་གྲྭ་ཁག་འཛིན་སྐྱོང་བྱེད་པར་ནུས་པ་ཚད་ལྡན་ཡོད་སྐོར་གསུངས་ཡོད་ཅིང་། དེ་ནི་བོད་ཁྱིམ་སློབ་གྲྭ་ཁག་གི་སློབ་མ་མང་པོ་ཞིག་གིས་བོད་པའི་སྤྱི་ཚོགས་སུ་ཞབས་འདེགས་ཞུ་མུས་ཡིན་པས་ཡིན་པ་མ་ཟད། བོད་ཁྱིམ་སློབ་གྲྭ་ཁག་གི་འཛིན་སྐྱོང་གི་ལས་དོན་ཚགས་ཚུད་བྱུང་ཡོད་པས་རེད། དེ་བཞིན་གོ་པལ་པུར་བོད་ཁྱིམ་སློབ་གྲྭ་ནི་སློབ་གྲྭ་མི་འདྲ་བ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་དེ། སྐབས་ཤིག་ལ་སློབ་གྲྭ་འདིའི་སློབ་མ་མང་དག་གི་ཕ་མ་བོད་ལ་ཡོད་པས། འདིར་བཞུགས་དགེ་རྒན་ལས་བྱེད་སོགས་ཀྱིས་གཞན་ལས་ལྷག་པའི་བྱམས་སྐྱོང་དང་གསོ་སྐྱོང་གནང་ཡོད་པས། ཕ་མ་དང་སྤུན་ཉེ་བོད་དུ་བཞུགས་པའི་སློབ་ཟུར་མང་པོ་ཞིག་ཕེབས་འདུག་པས། ཚང་མར་འཚམས་འདྲི་དང་བསྔགས་བརྗོད་ཡོད་སྐོར་སོགས་གསུངས་སོང་།

གོ་པལ་པུར་བོད་ཁྱིམ་དབུ་བརྙེས་ནས་ལོ་ངོ་ ༢༥ འཁོར་བའི་མཛད་སྒོ་ཚོགས། ༢༠༢༢།༡༠།༠༧ དུས་བབ་ཀྱི་པར།

གོ་པལ་པུར་སློབ་ཟུར་ཚོགས་པའི་ཚོགས་གཙོ་འཆི་མེད་གཡུང་དྲུང་ལགས་ཀྱིས། ཕྱི་ལོ་ ༢༠༡༧ ལོར་གོ་པལ་པུར་སློབ་གྲྭ་བཙུགས་ནས་ལོ་ངོ་ ༢༠ འཁོར་བའི་སྐབས། སློབ་གྲྭའི་ངོས་ནས་སློབ་ཟུར་རྣམས་ལ་འབྲེལ་བ་བྱས་ཏེ། གོ་པལ་པུར་སློབ་ཟུར་ཚོགས་པ་མགོ་བཙུགས་ཡོད་པ་དང་། ད་བར་སློབ་གྲྭ་ནས་སློབ་མ་ ༦༣༣༨ ལྷག་ཐོན་ཡོད་པ་རེད། སློབ་ཟུར་ཚོགས་པའི་ངོས་ནས་ཐེངས་འདིའི་མཛད་སྒོའི་སྟེང་སློབ་ཟུར་གང་མང་བསླེབས་ཐབས་བྱས་ཡོད་ཀྱང་། སློབ་ཟུར་ ༡༠༠ ལྷག་ཙམ་དངོས་སུ་བསླེབས་ཏེ་མཉམ་ཞུགས་བྱས་ཡོད་ཀྱང་། སློབ་ཟུར་མང་པོ་ཞིག་ཕྱིའི་རྒྱལ་ཁབ་ཏུ་ཡོད་པ་སོགས་ཀྱིས་མཛད་སྒོར་བསླེབས་འདོད་ཡོད་ཀྱང་བསླེབས་ཐུབ་མི་འདུག སློབ་ཟུར་ཚང་མ་སློབ་གྲྭ་འདི་ནས་ཐོན་པར་བརྟེན། སློབ་གྲྭ་ལ་གང་ཐུབ་ཅི་ཐུབ་བྱེད་ཀྱི་ཡིན་བསམ་པའི་ཚོར་བ་འདུག ད་བར་སློབ་ཟུར་ཚོགས་པའི་ངོས་ནས་ཏོག་དབྱིབས་རིམས་ནད་ཁྱབ་གདལ་ཕྱིན་སྐབས། སློབ་གྲྭར་ཁ་རས་དང་ (oximeter) ལ་སོགས་པ་ཉོས་ཏེ་རིམས་ནད་ཁྱབ་གདལ་མི་ཡོང་སླད་མཐུན་རྐྱེན་གང་ཐུབ་སྦྱར་ཡོད་ལ། འཛིན་སྐྱོང་ཡར་རྒྱས་གཏོང་སླད། ཚོགས་ཁང་དང་ལས་ཤག་ཡར་རྒྱས་སླད་ཞལ་འདེབས་སྤྲད་ཡོད་སྐོར་སོགས་བརྗོད་སོང་།

དེ་བཞིན་སློབ་ཟུར་ཚོགས་པའི་དམིགས་ཡུལ་གཙོ་བོ་ནི། སློབ་ཟུར་རྣམས་ཀྱིས་སློབ་གྲྭའི་འཛིན་སྐྱོང་དང་དམིགས་བསལ་གྱིས་སློབ་མའི་ཤེས་ཡོན་ཐད་མཐུན་རྐྱེན་སྦྱོར་རྒྱུར་དམིགས་ཏེ། དངུལ་བསྡུ་རུབ་བྱས་ནས་སློབ་མར་ཕན་ཐོགས་བྱ་རྒྱུ་དེ་རེད། དེ་ཡང་སློབ་གྲྭའི་ངོས་ནས་ལས་འཆར་(proposal) སྤྲད་པའི་ནང་སློབ་ཕྲུག་ཁོ་ནར་ཕན་ཐོགས་སླད་ཧིན་སྒོར་འབུམ་ ༡༥ ནས་ ༢༠ བར་དུ་འགྲོ་ཡི་ཡོད་སྐོར་གསུངས་ཡོད་པ་ལྟར། སློབ་ཟུར་ཚོགས་པའི་ངོས་ནས་གང་ཐུབ་རོགས་རམ་བྱ་འཆར་ཡོད་ལ། མ་འོངས་པར་སློབ་གྲྭ་དང་སློབ་ཟུར་གཉིས་ཀྱི་འབྲེལ་ལམ་ལེགས་པོ་བཟོ་རྒྱུ་དང་། སློབ་གྲྭར་དཔལ་འབྱོར་གྱི་རོགས་རམ་མུ་མཐུད་དུ་བྱ་འཆར་ཡོད་སྐོར་བརྗོད་བྱུང་།

གསར་འགོད་པ། དཔལ་ལྡན། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

Politic Re-education propaganda in Tibetan Primary School, Pema County, Golog_2022 Photo:Tibet Times
Mobile App

ཕྱི་ལོ་ ༢༠༢༥ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དང་འབྲེལ་བའི་སྙན་ཐོ་བཏོན།

ཆུ་ཚོད་ ༣ སྔོན་ལ།
ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་། བོད་ཀྱི་དུས་བབ་ཀྱིས་པར་སྒྲིག་སྦྱོར་བྱས།
Mobile App

ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་།

ཆུ་ཚོད་ ༥ སྔོན་ལ།
Satellite data reveals long-term groundwater decline in Himalaya and Tibet region
Mobile App

ཨེ་ཤ་ཡའི་ཁུལ་གྱི་ས་འོག་གི་ཆུ་བརྒྱ་ཆ་ ༧༠ ལྷག་ཇེ་ཉུང་དུ་འགྲོ་བཞིན་འདུག

༢༠༢༦/༠༢/༠༥
UN Report Warns China Is Erasing Tibetan Civilisation Photo:CTA
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་རིག་ཤུལ་མེད་བཟོ་ཐབས་བྱེད་མུས་ཡིན་པ་དང་འབྲེལ་བའི་སྙན་ཐོ་བཏོན།

༢༠༢༦/༠༢/༠༥
ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་
Mobile App

ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་ལགས་ཀྱིས་༸གོང་ས་མཆོག་ལ་འཚམས་འདྲི་ཞུས།

༢༠༢༦/༠༢/༠༤
Mobile App

ཨ་རིས་བོད་མི་རྣམས་ལ་ཨ་སྒོར་ས་ཡ་ ༢༣ རོགས་དངུལ་བཀའ་འཁྲོལ་གཏན་འབེབས་བྱས།

༢༠༢༦/༠༢/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese