མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གངས་སྐྱིད་ཀྱི་རྡིབ་སྐྱོན་བྱུང་བའི་གཞུང་ལམ་བསྐྱར་བཟོ་བྱེད་པར་འགྲོ་སོང་བཀའ་འཁྲོལ་ཐོབ་ཡོད་པའི་གནས་ཚུལ་འདུག

བོད་ཀྱི་དུས་བབ།
༢༠༢༢/༡༠/༡༢
Share on FacebookShare on TwitterShare on EmailShare on Whatsapp

དྷ་ཤོད་ནས་གངས་སྐྱིད་དུ་ཐད་ཀར་འགྲོ་སའི་གཞུང་ལམ་ལ་རྡིབ་སྐྱོན་བྱུང་ནས་ཟླ་གཉིས་མ་ཟིན་ཙམ་འགྲོ་ཡི་ཡོད་པ་དང་དྷ་ས་ས་གནས་མགོ་འཛིན་ལགས་ནས་གཞུང་ལམ་དེ་བསྐྱར་བཟོ་བྱེད་པར་རྒྱ་གར་གཞུང་ནས་འགྲོ་སོང་བཀའ་འཁྲོལ་ཐོབ་ཟིན་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་།

དྷ་ཤོད་ནས་གངས་སྐྱིད་དུ་འགྲོ་སའི་གཞུང་ལམ་རྡིབ་སྐྱོན། ༢༠༢༢།༠༨།༡༨ དུས་བབ་ཀྱི་པར།

དྲག་ཆར་བབས་རྐྱེན་གྱིས་དྷ་ཤོད་ནས་གངས་སྐྱིད་དུ་འགྲོ་སའི་ཝེ་ཇི་ཕ་ལི་སི་ (Vijay palace hotel )གཤམ་འོག་གི་གཞུང་ལམ་རྡིབ་སྐྱོན་བྱུང་བར་བརྟེན། དྷ་ཤོད་ནས་མེག་གྷན་རི་གྲོང་དུ་འགྲོ་མཁན་ཚོ་སྨན་རྩིས་ཁང་གི་རྒྱབ་ཕྱོགས་ཀྱི་གཞུང་ལམ་གསར་པ་བརྒྱུད་ནས་འགྲོ་དགོས་ཀྱི་ཡོད་པ་དང་། གཞུང་ལམ་དེ་ཀྱག་ཀྱོག་ཆེ་ཞིང་རྒྱ་ཆུང་བའི་རྐྱེན་གྱིས་འགྲིམ་འགྲུལ་འཚང་ཁ་ཆེ་བར་བརྟེན། དྷ་ས་ས་གནས་མགོ་འཛིན་ལས་ཁུངས་དང་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭའི་ཕ་མའི་ཚོགས་ཆུང་ནས་སྔ་རྗེས་སུ་རྒྱ་གར་གཞུང་ལ་བདེ་སྡུག་ཞུས་ཡོད་འདུག་ལ། དེ་རིང་ཕྱི་ཚེས་ ༡༢ ཉིན་དྷ་ས་ས་གནས་མགོ་འཛིན་དཀོན་མཆོག་མིག་དམར་ལགས་ཀྱིས་ལས་མགོ་ག་དུས་འཛུགས་ཐུབ་མིན་ཤེས་ཀྱི་མེད་ཀྱང་། གཞུང་ལམ་བསྐྱར་བཟོའི་འགྲོ་གྲོན་ཐད་བཀའ་འཁྲོལ་ཐོབ་ཟིན་ཡོད་པ་གོ་ཡི་འདུག་ཅེས་བརྗོད་བྱུང་།

 འདི་གའི་གསར་འགོད་པས་དྷ་ས་ས་གནས་མགོ་འཛིན་དཀོན་མཆོག་མིག་དམར་ལགས་སུ་གཞུང་ལམ་བརྡིབས་ནས་ཟླ་ངོ་གཉིས་མ་ཟིན་ཙམ་འགྲོ་ཡི་ཡོད་ཀྱང་། ད་ལྟའང་བཟོ་མ་ཐུབ་པའི་རྒྱུ་རྐྱེན་གང་ཡིན་དྲིས་པར་ཁོང་གིས། གཞུང་ལམ་དེ་བརྡིབས་ནས་ཉིན་གཅིག་གི་རྗེས་སུ་དྷ་ས་ས་གནས་མགོ་འཛིན་གྱིས་རྒྱ་གར་གྱི་འབྲེལ་ཡོད་ལས་ཁུངས་ཁག་དང་། དྷ་ས་ཁུལ་གྱི་རྒྱ་གར་དཔོན་རིགས་རྣམས་དང་ཐུག་འཕྲད་བྱས་ཏེ་ལམ་བརྡིབས་པའི་གནད་དོན་དེའི་སྐོར་ཞུ་བསྡད་ཀྱི་ཡོད། གཞུང་ལམ་དེ་ནི་སྐུ་མདུན་གྱི་ཕེབས་ལམ་དང་། བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ། རྒྱ་གར་གྱི་གནད་ཡོད་མི་སྣ་སོགས་ཀྱི་ཕེབས་ལམ་ཡིན་པས། ལམ་དེ་གནད་འགག་ཅན་ཞིག་ཆགས་ཡོད་ཀྱང་ལམ་སེང་བཟོ་མ་ཐུབ་པའི་གནད་འགག་གཙོ་བོ་དེ་ག་རེ་ཡིན་མིན་ད་ལྟའང་གསལ་པོ་ཞིག་གཏན་ནས་བཤད་ཐུབ་ཀྱི་མི་འདུག ཅེས་འགྲེལ་བརྗོད་གནང་བྱུང་།

མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭའི་སྤྱི་སྤྱོད་རླངས་འཁོར་རྣམས་ཀྱིས་སྔ་དགོང་གཉིས་སུ་མེག་གྷན་དང་གངས་ཅན་སྐྱིད་གཤོངས་སུ་གནས་སྡོད་བྱེད་མཁན་སློབ་ཕྲུག་ཚོ་ཤེས་རབ་དགའ་ཚལ་སློབ་གླིང་དུ་ཡོད་པའི་དཔེ་སྟོན་སློབ་གྲྭར་སྐྱེལ་ལེན་བྱེད་པར་དཀའ་ངལ་འཕྲད་ཀྱི་ཡོད་པར་བརྟེན། དཔེ་སྟོན་སློབ་གྲྭའི་ཕ་མའི་ཚོགས་ཆུང་གིས་ཀྱང་ཡི་གེ་འབྱོར་ཡོད་པའི་སྐོར་ལ་ཁོང་གིས། ཉེ་སྔོན་དཔེ་སྟོན་སློབ་གྲྭའི་ཕ་མའི་ཚོགས་ཆུང་གིས་ཡི་གེ་སྦྱོར་བ་བཞིན། ང་ཚོས་ས་གནས་རྫོང་དཔོན་ལས་ཁུངས་(DC) ལ་ཡི་གེ་བསྐུར་ཡོད་བས། ས་གནས་རྫོང་དཔོན་གྱིས་(whatapp ) བརྒྱུད་ལམ་བརྡིབས་པའི་གནད་དོན་དེ་འབྲེལ་ཡོད་ལས་བྱེད་ཡོངས་ལ་ཡར་ཞུས་ཟིན་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་ཡང་། ད་ལྟ་རྒྱ་གར་གྱི་འོས་བསྡུ་བསླེབ་གྲབས་ཡོད་པས་བྲེལ་ཟིང་ཆེན་པོ་ཆགས་ཡོད་པ་མ་ཟད། རྒྱ་གར་སྲིད་བློན་མུ་དྷི་མཆོག་ཨུ་ནར་ཕེབས་ཀྱི་ཡོད་སྟབས།  གཞུང་ལམ་བསྐྱར་བཟོ་བྱ་རྒྱུ་དེ་ལམ་སེང་ཡོང་ཐབས་མེད་པ་འདྲ་བོ་ཞིག་འདུག་ཀྱང་། ད་ལྟ་མངའ་སྡེ་གཞུང་ནས་གཞུང་ལམ་བསྐྱར་བཟོ་བྱ་རྒྱུར་དངུལ་གྱི་བཀའ་འཁྲོལ་ཐོབ་ཟིན་པ་གོ་ཐོས་བྱུང་། ཡིན་ནའང་། གཞུང་ལམ་ག་དུས་བཟོ་འཆར་ཡོད་མེད་སོགས་ངེས་གཏན་མེད་སྐོར་བརྗོད་བྱུང་།

དྷ་ཤོད་ནས་གངས་སྐྱིད་དུ་ཐད་ཀར་འགྲོ་བའི་གཞུང་ལམ་དེ་འདི་ལོའི་ཕྱི་ཟླ་ ༨ ཚེས་ ༡༨ ཉིན་གྱི་དགོང་མོར་རྡིབ་སྐྱོན་བྱུང་ཡོད་པ་དང་། གཤམ་འོག་གི་གཞུང་ལམ་དུ་ཆུ་རུད་འདམ་ཉོག་ཚབས་ཆེན་རྒྱུག་སྟེ་ཉིན་ཤས་རིང་འགྲོ་སྐྱོད་བྱེད་དཀའ་བའི་གནས་སུ་གྱར་ཡོད་པ་རེད། ད་ལྟ་ཆར་དུས་རིམ་གྱིས་རྫོགས་ཏེ་གནམ་གཤིས་གང་ཙམ་ཡག་པོ་ཡོད་པས་དྷ་ས་ཁུལ་གྱི་མི་མང་གིས་རྒྱ་གར་གཞུང་ནས་གང་མགྱོགས་གཞུང་ལམ་བསྐྱར་བཟོ་ཐུབ་པའི་རེ་བ་རྒྱག་བཞིན་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

༢༠༢༦/༠༣/༢༡
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

༢༠༢༦/༠༣/༢༡
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༦/༠༣/༢༡
Penny Wong, Richard Marles, Judith Collins KC, Winston Peters
Mobile App

བོད་ནང་གི་ཆོས་དང་རིག་གཞུང་སོགས་ཉམས་རྒུད་དུ་འགྲོ་བཞིན་པར་བློ་འཚབ་བསྟན།

༢༠༢༦/༠༣/༢༠
TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨
ttttt
Mobile App

སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་གསལ་བསྒྲགས་གནང་སོང་། 

༢༠༢༦/༠༣/༡༨

མཆན། 1

  1. གཞུང་པ་ཚེ་དབང་བསོད་ནམས་། says:
    ལོ་ 3 སྔོན།

    ཨ་ཁ་རྡ་ས་ནི་བོད་མིའི་གཞིས་སྒར་གཞན་དང་མི་འདྲ་བ་གོང་ས་མཆོག་གི་བཞུགས་གནས་དང་དབུས་བོད་མིའི་སྒྲིག་འཛུགས་མང་གཙོའི་ཀ་བ་གསུམ་གྱི་གཏི་གནས་ལ་སོང་འགན་ཡོད་ཚང་མས་ཤུགས་རྒྱབ་ནས་འཁོར་ལམ་དུས་ཐོག་བཟོ་དགོས་པ་ཧ་ཅང་གི་གལ་ཆེན་ཞིག་ལ་ངོས་འཛིན་ཞུ་གི་ཡོད་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese