མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གཞུང་གིས་གཞས་ཚིག་རྩོམ་པ་པོ་ཞིག་འཛིན་བཟུང་བཀག་ཉར་བྱེད་མུས་རེད་འདུག

བོད་ཀྱི་དུས་བབ།
༢༠༢༢/༡༠/༡༥
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་བོད་མགོ་ལོག་ཁུལ་གྱི་གླུ་བ་བདེ་རབ་ལགས་དང་ཁོང་གི་གཞས་ཚིག་རྩོམ་པ་པོ་སོགས་བོད་མི་ན་གཞོན་ལྔ་འཛིན་བཟུང་བྱས་ཏེ་འདྲི་རྩད་བྱས་རྗེས་གཞན་རྣམས་ཀློད་གྲོལ་བཏང་ཡོད་ཀྱང་གཞས་ཚིག་རྩོམ་པ་པོ་དང་རམ་དཀྲོལ་བ་ན་གཞོན་དེ་མུ་མཐུད་བཀག་ཉར་བྱེད་མུས་ཡིན་འདུག

བོད་མགོ་ལོག་ནས་ཡིན་པའི་ན་གཞོན་གླུ་བ་བདེ་རབ་ལགས་དང་གླུ་གཞས་དཔྱད་འདེམས་པ་རྣམ་པ། ༢༠༢༢།༡༠།༡༣ ཐད་གཏོང་གི་པར།

འདི་གའི་གསར་འགོད་པར་ཁུངས་ལྡན་གནས་ཚུལ་འབྱོར་བ་ལྟར་ན།  ཟླ་འདིའི་ཕྱི་ཚེས་ ༡༣ ཉིན་གྱི་དགོང་མོར་བོད་ནང་དུ་མགྱོགས་འཕྲིན་ཐད་གཏོང་བརྒྱུད་གླུ་གཞས་འགྲན་སྡུར་གྱི་དགོང་ཚོགས་ཤིག་བསྡུས་ཡོད་པ་དང་། སྐབས་དེར་མགོ་ལོག་ཁུལ་ནས་ཡིན་པའི་འགྲན་ཞུགས་པ་ན་གཞོན་གླུ་བ་བདེ་རབ་ལགས་ཀྱིས་“རྗེ་བླ་མ་དང་པོ་བོད་ནས་འཁྲུངས།། སྐུ་འགྲོ་དོན་ས་མཐའི་ཡུལ་ནས་མཛད།། བྱམས་སྙིང་རྗེ་ལྡན་པའི་བླ་མ་ཁོང་།། སྐུ་མྱུར་དུ་ཕེབས་པའི་སྨོན་ལམ་འདེབས།།”ཞེས་པའི་བླ་མར་བསྟོད་པའི་གཞས་ཤིག་བླངས་པར་བརྟེན། རྒྱ་ནག་གཞུང་གི་ཉེན་རྟོག་པས་ཁོང་དང་ཁོང་གི་གླུ་གཞས་རྩོམ་པ་པོ་དང་རམ་དཀྲོལ་བ། དེ་མིན་ཐད་གཏོང་ནང་གི་རོགས་པ་གསུམ་བཅས་འཛིན་བཟུང་བཙན་ཁྲིད་བྱས་ཡོད་པ་མ་ཟད། གླུ་གཞས་དང་འབྲེལ་བའི་འདྲི་རྩད་མང་པོ་བྱས་རྗེས་ཉིན་དེ་རང་ལ་གླུ་བ་བདེ་རབ་ལགས་དང་རོགས་པ་གཞན་གསུམ་ཀློད་ཡོད་ཀྱང་། བསྟོད་གླུའི་གཞས་ཚིག་རྩོམ་པ་པོ་དང་རམ་དཀྲོལ་བ་ན་གཞོན་དེ་མུ་མཐུད་འཛིན་བཟུང་བཀག་ཉར་བྱེད་མུས་ཡིན་འདུག

འདི་གའི་གནས་ཚུལ་མཁོ་སྤྲོད་པས། གླུ་བ་བདེ་རབ་ལགས་དང་རོགས་པ་གསུམ་ཀློད་ཡོད་ཀྱང་། རྗེས་ཕྱོགས་བདེ་རབ་ལགས་གླུ་གཞས་འགྲན་ཚོགས་སོགས་གང་དུའང་འཛུལ་ཞུགས་བྱ་མི་ཆོག་པའི་ཁས་ལེན་ཡི་གེ་འབྲི་རུ་བཅུག་ཡོད་སྐོར་དང་། ཉེ་ལམ་ནས་བོད་ནང་དུ་དམ་དྲག་ཆེ་བ་དང་། ལྷག་པར་ཚོགས་ཆེན་ ༢༠ པ་འཚོག་གྲབས་ཡོད་པས་ལྟ་སྲུང་ནན་མོ་བྱེད་བཞིན་ཡོད་སྟབས། བསྟོད་གཞས་དེའི་རྩོམ་པ་པོ་དང་རམ་དཀྲོལ་བའི་མིང་སོགས་བཤད་ན་སྟབས་བདེ་མིན་སྐོར་བརྗོད་བྱུང་།

གླུ་བ་བདེ་རབ་ལགས་ཀྱིས་གླུ་གཞས་དེ་ལེན་སྐབས། ཐད་གཏོང་ནང་དུ་མི་ཞིག་གིས་ཁྱེད་ཀྱི་ཉེ་འགྲམ་དུ་སུ་ཡོད་ཅེས་འདྲི་རྩད་བྱས་པ་མ་ཟད། དེ་ནས་ཡུན་རིང་མ་འགོར་བར་ཉེན་རྟོག་པ་དང་དྲ་ལམ་བདེ་འཇགས་ལྟ་སྐུལ་བ་ཟེར་བས་ཐད་གཏོང་བྱེད་ཡུན་རིང་དྲགས་ལུགས་བསྙད་དེ། ཆུ་ཚོད་གཅིག་དང་ཕྱེད་ཙམ་ནས་ཐད་གཏོང་མཚམས་འཇོག་བྱེད་དུ་བཅུག་ཡོད་འདུག  དེའི་ཐད་འདི་གའི་གནས་ཚུལ་མཁོ་སྤྲོད་པས་སྤྱིར་བཏང་མགྱོགས་འཕྲིན་ནས་ཆུ་ཚོད་ཉེར་བཞིའི་རིང་ཐད་གཏོང་བྱས་བསྡད་ནའང་འགོག་མཁན་མེད་ཀྱང་ད་ལན་གྱི་གླུ་གཞས་འགྲན་ཚོགས་དེ་བཀག་ཡོད་སྐོར་བརྗོད་བྱུང་ལ། མགྱོགས་འཕྲིན་ཚོང་གཉེར་ཁང་གིས་མགྱོགས་འཕྲིན་ནང་གླུ་བ་བདེ་རབ་ལགས་ཀྱི་པར་དང་བརྙན་སོགས་བསུབས་ཡོད་པ་མ་ཟད། སྤྱི་ཚོགས་དྲ་ལམ་ཡོངས་རྫོགས་ནས་ཁོང་དང་འབྲེལ་བའི་གནས་ཚུལ་མཐོང་རྒྱུ་མེད་པར་གྱུར་ཡོད་འདུག

རྒྱ་ནག་གཞུང་གི་སྟངས་འཛིན་འོག་ཡོད་པའི་སྐད་འཕྲིན་དང་མགྱོགས་འཕྲིན་ཚོང་གཉེར་སོགས་ཀྱིས་ཐད་གཏོང་དྲ་ལམ་དུ་བོད་སྐད་བཤད་པ་དང་བོད་གླུ་བླངས་ཚེ། ཐད་གཏོང་འགགས་འགྲོ་བའམ་དྲ་ལམ་བདེ་འཇགས་ལྟ་སྐུལ་བ་ཟེར་བའི་སོ་ལྟ་བ་ཚོས་ཐད་ཀར་ཉེན་བརྡ་གཏོང་བ་ནི་རྒྱུན་ལྡན་ཞིག་ཏུ་གྱུར་ཡོད་པ་རེད། ཉེ་བའི་ལོ་ཤས་ནས་བཟུང་བཙན་བྱོལ་ནང་དུ་ཡོད་པའི་བོད་མི་ཚོས་བོད་ནང་གི་མི་ཞིག་ལ་ཐད་གཏོང་ནང་ཡུན་རིང་ཁ་བརྡ་བྱས་ཚེ་དྲ་ལམ་བདེ་འཇགས་ལྟ་སྐུལ་བ་ཟེར་བ་དེས། གྲོགས་པོ། ད་མཚམས་ཞོག ཁྱེད་ཀྱི་ཁ་བརྡའི་དུས་ཡུན་རྫོགས་སོང་ཟེར་བའི་ཉེན་བརྡ་གཏོང་གི་འདུག

རྒྱ་ནག་གི་ལས་གཞི་( the china project ) ཞེས་པས་གནས་ཚུལ་སྤེལ་བ་ལྟར་ན། དྲ་ལམ་བདེ་འཇགས་སྲུང་སྐྱོབ་དང་དྲ་ལམ་འཕེལ་རྒྱས། དྲ་ལམ་སྒྲིག་གཞི་སོགས་ལ་ཁ་གཡར་ཏེ། ཕྱི་ལོ་ ༢༠༡༩ ལོར་རྒྱ་ནག་གཞུང་གིས་དྲ་ལམ་སོ་ཉུལ་བ་མི་གྲངས་ ༢༠༠༠  ལྷག་ཆེད་དུ་བསྐོ་བཞག་བྱས་ཡོད་པ་དང་། ཕྱིས་སུ་དེའི་ཐོག་མི་གྲངས་ ༣༠༠༠ བསྣན་ཏེ་ཕྱོགས་ཡོངས་ནས་གྲངས་ཉུང་མི་རིགས་ས་ཁུལ་གཙོར་བཟུང་གིས་དྲ་ལམ་ནས་རྟོག་ཞིབ་བྱེད་བཞིན་ཡོད་པའི་གནས་ཚུལ་ཐོན་ཡོད་ཀྱང་། ཡོངས་གྲགས་སུ་རྒྱ་ནག་གཞུང་ནས་དྲ་ལམ་དུ་དྲ་དམག་འཇབ་རྒོལ་བ་དང་དམར་ཤོག་དྲིལ་སྒྲོག་པ་ས་ཡ་མང་པོ་མངག་གཏོང་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་གྱི་ཡོད་པ་རེད།

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༡༧/༧/༡༩
Mobile App

དཔའ་བོའི་མངོན་འདོད་རྒྱུན་མཐུད་ཀྱི་ཟས་བཅད་ངོ་རྒོལ་སྤེལ་མགོ་བཙུགས།

ཆུ་ཚོད་ ༧ སྔོན་ལ།
Mobile App

མི་རིགས་མཐུན་སྒྲིལ་ཡར་རྒྱས་ཀྱི་ཁྲིམས།

༢༠༢༦/༠༧/༡༨
བོད་རིག་པའི་ཆེད་མཁས་པ་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཟུར་བ་རྒན་བདེ་མཆོག་ལགས། པར་བོད་ནང་གི་དྲ་ལམ་ནས་བླངས། ༢༠༢༦།༧།༡༧
Mobile App

བོད་རིག་པའི་མཁས་དབང་བདེ་མཆོག་ལགས་སྐུ་གྲོངས།

༢༠༢༦/༠༧/༡༧
རྒྱ་ནག་གཞུང་གིས་བོད་མགོ་ལོག་ཁུལ་དུ་ཆབ་སྲིད་སློབ་གསོ་སྤྲོད་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

ཉིན་གྲངས་ ༡༧ ནང་བོད་དུ་བྱུང་བའི་ཆོས་དང་ཆབ་སྲིད་ཀྱི་གནས་ཚུལ་ཁག་ཅིག

༢༠༢༦/༠༧/༡༧
China completes building a fifth new border defence village few km from Arunachal border
Mobile App

རྒྱ་ནག་གཞུང་གིས་རྒྱལ་སྲུང་མཐའ་མཚམས་ཀྱི་གྲོང་ཚོ་ལྔ་པ་དེ་འཛུགས་སྐྲུན་བྱས་ཚར་ཡོད་ཟེར།

༢༠༢༦/༠༧/༡༧
Chinese officials celebrate the 70th anniversary of the invasion of Tibet at Potala Palace in Lhasa, Tibet. Photograph: Xinhua/Rex/Shutterstock
Mobile App

རང་སྐྱོང་གི་འཁྲུལ་སྣང་། བོད་པ་ཚོས་དངོས་ཡོད་ལ་གདོང་ལེན་བྱ་དགོས་པའི་རྒྱུ་མཚན།

༢༠༢༦/༠༧/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese