མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དམར་ཤོག་ཚོགས་ཆེན་དང་བསྟུན་ངོ་རྒོལ་ལས་འགུལ་སྤེལ།

བོད་ཀྱི་དུས་བབ།
༢༠༢༢/༡༠/༡༦
Share on FacebookShare on TwitterShare on EmailShare on Whatsapp

དམར་ཤོག་ཚོགས་ཆེན་མགོ་འཛུགས་ཀྱི་ཉིན་མོ་དང་བསྟུན་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུས་ས་གཉིས་ནས་ངོ་རྒོལ་བྱས།

མེག་གྷན་ཁྲོམ་གཞུང་དུ་རྒྱ་ནག་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ། ༢༠༢༢།༡༠།༡༦ དུས་བབ་ཀྱི་པར།

དེ་རིང་པེ་ཅིན་དུ་རྒྱ་ནག་དམར་ཤོག་སྲིད་གཞུང་གི་ཚོགས་ཆེན་ཐེངས་ ༢༠ པ་འཚོག་གི་ཡོད་པ་དང་བསྟུན། དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་དྷ་ས་ས་གནས་གཞོན་ནུ་གཉིས་ཀྱི་གོ་སྒྲིག་འོག བོད་ནང་གི་ཛ་དྲག་གནས་སྟངས་ལ་གདུང་སེམས་མཉམ་སྐྱེད་དང་རྒྱ་ནག་གཞུང་ལ་ངོ་རྒོལ་ཆེད། མེག་གྷན་ནས་དྷ་ཤོད་ཀཱ་ཅ་རི་བར་དུ་གོམ་བགྲོད་ལས་འགུལ་ཞིག་སྤེལ་སོང་།

དེ་རིང་གསར་འགོད་པས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་རྒྱུན་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་སུ། རྒྱ་ནག་དམར་ཤོག་སྲིད་གཞུང་གི་ཚོགས་ཆེན་ཐེངས་ ༢༠ པ་འཚོག་མུས་ཡིན་པ་དང་། ཞི་ཅིན་ཕིང་ཏང་སྲིད་དམག་གསུམ་གྱི་མགོ་ཁྲིད་ལ་མུ་མཐུད་ནས་འདུག་རྒྱུ་ཡིན་པ་ནི་གཏན་འཁེལ་བ་ལྟ་བུ་ཡིན་སྟབས། དེ་རིང་གི་ངོ་རྒོལ་ལས་འགུལ་གྱི་དགོས་དོན་དང་བརྡ་ལན་ག་རེ་སྤྲོད་ཀྱི་ཡོད་དྲིས་པར། ཁོང་གིས། དེ་རིང་ང་ཚོས་ངོ་རྒོལ་སྐད་འབོད་གོ་སྒྲིག་ཞུ་དགོས་པའི་རྒྱུ་མཚན་ནི། རྒྱ་ནག་ནང་ལོགས་ལ་ཚོགས་འདུ་ཐེངས་ ༢༠ པ་འཚོག་གི་ཡོད་རེད། དེ་ཡང་འདས་པའི་ལོ་བཅུའི་ནང་ཞི་ཅིན་ཕིང་གིས་སྣེ་ཁྲིད་པའི་ཐོག་ནས། བོད་ནང་དུ་དམ་དྲག་ཤུགས་ཆེ་རུ་གཏོང་བ་དང་། བོད་མི་ཚོར་སྡུག་སྦྱོང་གཏོང་བ་སོགས་བོད་ནང་གི་གནས་སྟངས་ཛ་དྲག་པོ་དང་དཀའ་ངལ་ཆེ་རུ་འགྲོ་བཞིན་ཡོད་པར་བརྟེན། ད་ལྟའི་ཆར་བསྐྱར་དུ་ཁོ་རང་ལས་ཡུན་འདིའི་སྐབས་ལ། ང་ཚོའི་ངོས་ནས་དང་པོ་ཉིད་ནས་ཁོ་རང་གི་མུ་མཐུད་དུ་བྱ་སྤྱོད་འདིའི་རིགས་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ཞུ་རྒྱུ་དང་། རྒྱ་ནག་གཞུང་གི་མགོ་དཔོན་སུ་བསླེབ་མིན་ལ་མ་ལྟོས་པར་བོད་པའི་གནས་སྟངས་ཀྱི་ཐོག་ལ་བཟང་ཕྱོགས་ཀྱི་ཐོག་ནས་འགྱུར་བ་འགྲོ་ཡི་མེད་པས། ང་ཚོའི་ངོས་ནས་ཇི་སྲིད་ཀྱི་བར་དུ་བོད་དོན་གྱི་ཐོག་ནས་དཀའ་ངལ་མ་སེལ་བར་དུ་ལས་འགུལ་སྤེལ་རྒྱུ་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ལྟ་བུར་མཚོན་ན། བོད་རང་བཙན་བསྐྱར་གསོ་མ་ཐུབ་བར་དུ་གཞིས་བྱེས་གཉིས་ཀྱི་བོད་མི་ཚོས་ལས་འགུལ་སྤེལ་རྒྱུ་དང་ང་ཚོའི་ངོས་ནས་རྣམ་འགྱུར་སྟོན་གྱི་ཡིན་ཟེར་བའི་བརྡ་ལན་སྤྲོད་འདོད་ཡོད། གཞན་ཡང་། དེ་རིང་ང་ཚོས་སྐད་འབོད་གོ་སྒྲིག་ཞུ་དགོས་དོན་ནི་ལྷ་ས་གཙོས་པའི་བོད་པའི་ས་ཁུལ་ཁ་ཤས་ཀྱི་ནང་དུ་རྒྱ་ནག་གཞུང་གིས་རྒྱ་ནད་ཏོག་དབྱིབས་ནད་ཡམས་གཙང་སེལ་བཟོ་རྒྱུའི་སྲིད་ཇུས་ལ་ཁ་གཡར་ཏེ། མི་མང་གི་འཚོ་བ་ལ་བརྡབ་གསིག་བཟོ་བ་དང་། ཚེ་སྲོག་ལ་རྩེད་མོ་རྩེ་བ་སོགས་འཕྲལ་དུ་མཚམས་འཇོག་བྱེད་དགོས་ཀྱི་ཡོད་པ་དང་། བོད་ནང་གི་གཞིས་བཞུགས་བོད་མི་ཚོ་ལ་ང་ཚོ་ཁྱེད་རང་ཚོ་དང་མཉམ་དུ་ཡོད་ཟེར་བའི་གདུང་སེམས་མཉམ་སྐྱེད་ཀྱི་སྐད་འབོད་ཅིག་ཆགས་ཀྱི་ཡོད། ཅེས་བརྗོད་སོང་།

དེ་རིང་ཞོགས་པར་ཞི་ཅིན་ཕིང་གི་བསམ་འཆར་བཀོད་པའི་ནང་དུ། ཧོང་ཀོང་དང་ཐའེ་ཝན་སོགས་ཀྱི་གནད་དོན་ཐོག་ལ་བཤད་སོང་། འོན་ཀྱང་བོད་དང་ཤིན་ཅང་གི་གནད་དོན་ལ་ལག་པ་རྩ་བ་ཉིད་ནས་འཆང་གི་མི་འདུག དེ་ལ་རྣམ་པ་ཚོའི་ངོས་ནས་བརྡ་ལན་ག་རེ་ཡོད་སྐོར་དྲིས་པར་ཚོགས་གཙོ་མགོན་པོ་དོན་འགྲུབ་ལགས་ཀྱིས། རྒྱ་ནག་གཞུང་གིས་རྒྱ་སྐད་རིང་ལུགས་ཀྱི་སྲིད་ཇུས་ཀྱི་ཐོག་ནས། ཉེ་ལམ་ཐའེ་ཝན་དང་ཧོང་ཀོང་། རྒྱ་གར་གཙོས་པའི་ས་ཁུལ་མང་པོའི་ནང་དུ་སུན་གཙེར་བཟོ་ཡི་ཡོད་རེད། དེར་བརྟེན་ད་ལྟའི་ཆར་རྒྱ་ནག་གཞུང་གི་མགོ་དཔོན་ཚོས་བོད་དང་ཤིན་ཅང་ནི་ཁོ་རང་ཚོའི་ཆ་ཤས་ཡིན་པ་ཞིག་དང་ཁོངས་གཏོགས་ཡིན་པ་ཞིག་ལ་ངོས་འཛིན་བྱེད་བསྡད་ཀྱི་ཡོད་རེད། རྒྱ་ནག་གི་མགོ་དཔོན་ཚོར་བོད་པའི་འཐབ་རྩོད་དང་བོད་མི་རིགས་ཀྱི་མངོན་འདོད་གང་ཡིན་པ་གསལ་གྱི་ཡོད་རེད་དེ། ཕྱིའི་འཁྲབ་སྟོན་གྱི་ཐོག་ལ་མངོན་གསལ་དོད་པོ་བཤད་ཀྱི་མེད་པ་ཆགས་བསྡད་ཀྱི་ཡོད་སྐོར་བརྗོད་སོང་།

དེ་རིང་ནས་བདུན་ཕྲག་གཅིག་རིང་རྒྱ་ནག་དམར་ཤོག་སྲིད་གཞུང་གི་ཚོགས་ཆེན་ ༢༠་པ་འཚོག་བཞིན་ཡོད་པས། གཞོན་ནུས་ལས་འགུལ་འདི་མུ་མཐུད་དུ་སྤེལ་འཆར་ཡོད་སྐོར་ལ་ཁོང་གིས། དེ་རིང་གི་ལས་འགུལ་འདི་ང་ཚོའི་ངོས་ནས་བརྡ་ལན་གཏང་རྒྱུའི་ལས་འགུལ་ཞིག་ཆགས་ཀྱི་ཡོད་རེད། དེ་དང་མཉམ་དུ་ང་ཚོས་དྲ་ཐོག་བརྒྱུད་ལས་འགུལ་ཁ་ཤས་གྲ་སྒྲིག་བྱས་ཡོད་སྐོར་བརྗོད་སོང་།

གཞོན་ནུའི་བསྒྲགས་གཏམ་ནང་།  རྒྱ་ནག་དམར་པོའི་སྲིད་གཞུང་གིས་ཕྱི་ལོ་ ༡༩༥༩ ལོར་བོད་ས་ཡོངས་རྫོགས་བཙན་འཕྲོག་བྱས་པ་ནས་བཟུང་ད་བར་མི་ལོ་ ༦༠ ལྷག་རིང་བོད་ནང་གི་བོད་མི་ཚོར་བཙན་གནོན་དམ་དྲག་ལོ་རེ་ནས་ལོ་རེར་ཇེ་སྡུག་ཇེ་ཞན་དང་། ཉེས་མེད་ཉེས་འདོགས་ཀྱིས་འཛིན་བཟུང་བཙོན་འཇུག དེ་བཞིན་བོད་ཀྱི་སྐད་དང་ཡི་གེ། ཆོས་དང་རིག་གཞུང་། ཡུལ་གོམས་གཤིས་ལུགས། ཁོར་ཡུག་དང་བཅས་པ་དངོས་ཤུགས་བརྒྱུད་གསུམ་ནས་རྩ་གཏོར་གཏོང་མུས་ཡིན་པར་ངོ་རྒོལ་སྐད་འབོད་བྱ་རྒྱུ་དང་། དམིགས་བསལ་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིང་གིས་མི་གཅིག་དབང་འཛིན་གྱིས་འཛིན་སྐྱོང་འོག་བོད་མིའི་ངོ་བོ་མཚོན་པའི་བོད་ཀྱི་ཆོས་དང་རིག་གཞུང་གཙོས་པའི་ཡུལ་སྲོལ་གོམས་གཤིས་སོགས་རྩ་མེད་བཟོ་རྒྱུར་དམིགས་ཏེ། ནང་དོན་རིག་པའི་གཞུང་ལུགས་སློབ་གཉེར་བྱ་ཡུལ་གྱི་དགོན་སྡེ་གྲྭ་ཚང་ཁག་གི་རྟེན་དང་བརྟེན་པ་བཅས་གཏོར་བཅོམ་ཤུལ་མེད་བཟོ་ཐབས་ཀྱི་ལས་འགུལ་སྣ་ཚོགས་བརྩམས་པ་དང་། བོད་མི་རིགས་ཀྱི་ངོ་བོ་དང་ཁྱད་ཆོས་མཚོན་པའི་ཐུན་མིན་ཤེས་རིག་དང་། གོམས་གཤིས་སོགས་བརྗེ་བསྒྱུར་གྱིས་བོད་མིའི་ངོ་བོ་རྩ་བརླག་གཏོང་ཐབས་བྱས་དང་བྱེད་མུས་ཀྱི་བཟོད་ཐབས་བྲལ་བའི་ཛ་དྲག་གི་གནས་སྟངས་ལ་བོད་མི་རྣམས་འུ་ཐུག་བཟོད་བྲལ་གྱིས་ད་བར་བོད་ཕྱི་ནང་གཉིས་ནས་བོད་མི་གྲངས་ ༡༦༩ ཙམ་གྱིས་རང་ལུས་མེར་སྲེག་བཏང་དགོས་བྱུང་ཡོད་ཅེས་དང་། རྒྱ་གཞུང་གིས་བོད་མིའི་རིགས་རྫས་ DNA ཞེས་པ་བཙན་དབང་གིས་མཁོ་སྒྲུབ་བྱས་ཏེ་གསང་བའི་ལྟ་སྲུང་གིས་དམ་དྲག་བྱེད་ཤུགས་ཆེ་རུ་གཏོང་བཞིན་ཡོད་ལ། བོད་ཀྱི་རྒྱལ་ས་ལྷ་ས་གཙོ་བྱས་པའི་གྲོང་དང་གྲོང་ཁྱེར་ཁག་ནང་རྒྱ་ནད་ཏོག་དབྱིབས་རིམས་ནད་འགོས་ཁྱབ་ཤུགས་ཆེ་བྱུང་ནས་ཛ་དྲག་གི་གནས་སུ་ལྷུངས་ཡོད་ཀྱང་། རྒྱ་དམར་སྲིད་གཞུང་ནས་༼ནད་དུག་གཙང་སེལ།༽ཞེས་པའི་སྲིད་ཇུས་ལ་ཁ་གཡར་ཏེ་བོད་མི་མང་ཚོགས་ལ་འཚོ་སྣོན་རོགས་རམ་དང་། རིམས་ནད་འགོག་སྲུང་ཡོ་ཆས། སྨན་སྦྱོར་དུག་སེལ་སོགས་མཁོ་སྤྲོད་བྱ་རྒྱུ་ཕར་ཞོག དེ་ལས་ལྡོག་སྟེ་བོད་མི་རྣམས་བཙོན་པ་བཞིན་ཁྱིམ་སྡོད་བཙན་བཀག་གིས་གདུག་རྩུབ་ཅན་གྱི་སྲིད་ཇུས་ལག་བསྟར་བྱས་ཏེ་གང་སར་འཛིན་བཟུང་བཙན་ཁྲིད་དང་། ཁྲིམས་འགལ་ཉེས་འཛུགས་གྱིས་རྡུང་རྡེག་ཚ་ནན་གཏོང་བཞིན་ཡོད་པ་སོགས་བོད་མི་རྣམས་ཀྱི་ལུས་སེམས་གཉིས་ཀར་དཀའ་སྡུག་ཚད་ལས་བརྒལ་བ་སྤྲད་དང་སྤྲོད་བཞིན་ཡོད་པར་བརྟེན། བོད་མི་མང་དག་ཅིག་ནས་འུ་ཐུག་བཟོད་བྲལ་གྱིས་རང་ཤི་རྒྱག་དགོས་པའི་ཡ་ང་བའི་གནས་སྟངས་ཀྱང་བྱུང་ཡོད་པས། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་རྒྱ་གཞུང་གི་ལས་རྒྱུ་འབྲས་དང་། ཡ་ང་སྙིང་རྗེ་སྤུ་ཙམ་ཡང་མེད་པའི་བྱེད་སྟངས་དེར་ངོ་རྒོལ་སྐྱོན་བརྗོད་མཐའ་གཅིག་ཏུ་བྱ་རྒྱུ་དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དང་ཁོར་ཡུག འཕྲོད་བསྟེན་ཚན་པ་ཁག་བཅས་ནས་ཀྱང་བོད་ཀྱི་རང་བྱུང་ཁོར་ཡུག་དང་། བོད་མི་ཚོའི་དཀའ་སྡུག་སོགས་བོད་ཀྱི་སྣོད་བཅུད་གཉིས་ཀྱི་ཛ་དྲག་གི་གནས་སྟངས་སོགས་ལ་ངེས་པར་རྟོག་ཞིབ་དང་འགན་འཁུར་དགོས་པའི་འབོད་སྐུལ་ཡང་ཤུགས་ཆེ་ཞུ་བཞིན་ཡོད། ཅེས་བཀོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

Politic Re-education propaganda in Tibetan Primary School, Pema County, Golog_2022 Photo:Tibet Times
Mobile App

ཕྱི་ལོ་ ༢༠༢༥ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དང་འབྲེལ་བའི་སྙན་ཐོ་བཏོན།

ཆུ་ཚོད་ ༣ སྔོན་ལ།
ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་། བོད་ཀྱི་དུས་བབ་ཀྱིས་པར་སྒྲིག་སྦྱོར་བྱས།
Mobile App

ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་།

ཆུ་ཚོད་ ༥ སྔོན་ལ།
Satellite data reveals long-term groundwater decline in Himalaya and Tibet region
Mobile App

ཨེ་ཤ་ཡའི་ཁུལ་གྱི་ས་འོག་གི་ཆུ་བརྒྱ་ཆ་ ༧༠ ལྷག་ཇེ་ཉུང་དུ་འགྲོ་བཞིན་འདུག

༢༠༢༦/༠༢/༠༥
UN Report Warns China Is Erasing Tibetan Civilisation Photo:CTA
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་རིག་ཤུལ་མེད་བཟོ་ཐབས་བྱེད་མུས་ཡིན་པ་དང་འབྲེལ་བའི་སྙན་ཐོ་བཏོན།

༢༠༢༦/༠༢/༠༥
ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་
Mobile App

ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་ལགས་ཀྱིས་༸གོང་ས་མཆོག་ལ་འཚམས་འདྲི་ཞུས།

༢༠༢༦/༠༢/༠༤
Mobile App

ཨ་རིས་བོད་མི་རྣམས་ལ་ཨ་སྒོར་ས་ཡ་ ༢༣ རོགས་དངུལ་བཀའ་འཁྲོལ་གཏན་འབེབས་བྱས།

༢༠༢༦/༠༢/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese