མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་གི་ཏོག་དབྱིབས་དང་འབྲེལ་བའི་བཀའ་སློབ་བརྒྱུད་བསྐུར་བྱས་པའི་ཉེས་མིང་འོག་བོད་མི་ཞིག་འཛིན་བཟུང་བྱས།

བོད་ཀྱི་དུས་བབ།
༢༠༢༢/༡༡/༠༤
Share on FacebookShare on TwitterShare on EmailShare on Whatsapp

བོད་མཚོ་སྔོན་ཞིང་ཆེན་སྐྱེ་རྒུ་ཁྲི་འདུ་རྫོང་ཡོང་ཤ་སྡེ་བ་ནས་ཡིན་པའི་བོད་མི་ཞིག་གིས་སྤྱི་ཚོགས་དྲ་ལམ་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་གནང་བའི་ཏོག་དབྱིབས་དང་འབྲེལ་བའི་བཀའ་སློབ་བརྒྱུད་བསྐུར་བྱས་པའི་ཉེས་མིང་འོག་འཛིན་བཟུང་བྱས་ཏེ་གང་དུ་ཡོད་མེད་ཙམ་ཡང་ཤེས་རྟོགས་མ་ཐུབ་པར་ལྷག་འདུག

སྐར་རྣམ་གྱི་ཨ་མ་གནས་སྐྱིད་ལགས་ཀྱིས་ཉེན་རྟོག་པའི་འགྲམ་དུ་དཀའ་སྡུག་བཤད་བཞིན་པ། ༢༠༢༢།༡༠ བོད་ནས་འདི་གར་མཁོ་སྤྲོད་གནང་།

ཁ་སང་འདི་ག་བོད་ཀྱི་དུས་བབ་གསར་ཁང་ལ་བོད་ནས་ཁུངས་ལྡན་གནས་ཚུལ་འབྱོར་བ་ལྟར་ན། ཉེ་སྔོན་ཕྱི་ཟླ་ ༡༠ ཚེས་ ༢༩ ཙམ་ལ་བོད་སྐྱེ་རྒུ་མདོ་ཁུལ་ཁྲི་འདུ་རྫོང་ཡོང་ས་སྡེ་བ་ནས་ཡིན་པའི་སྐར་རྣམ་(གནས་ཚུལ་མཁོ་སྤྲོད་པས་བརྗོད་པ་ལྟར་བཞག་ཡོད)ཞེས་པའི་བོད་མི་ཞིག་རང་ཁྱིམ་དུ་བསྡད་ཡོད་སྐབས། གློ་བུར་དུ་ཉེན་རྟོག་པ་བཞི་ཡོང་ནས་འཛིན་བཟུང་བྱས་ཏེ་མུ་མཐུད་བཀག་ཉར་འོག་བཞག་ཡོད་པ་དང་། ཁོང་གི་ཨ་མ་གནས་སྐྱིད་ལགས་ནས་སེམས་འཁུར་ཆེན་པོ་བྱས་ཏེ་ཉིན་ལྟར་ས་གནས་ཉེན་རྟོག་ཁང་དུ་ཕྱིན་ནས་ངའི་བུ་ག་བར་ཡོད། ཁོས་ནག་ཉེས་གང་ཡང་བཟོས་ཡོད་པ་མ་རེད་ཅེས་ཞུ་གཏུག་བྱེད་བཞིན་ཡོད་ཀྱང་། ཁོང་གང་དུ་ཡོད་མེད་གཏན་ནས་བཤད་ཀྱི་མེད་འདུག

གནས་ཚུལ་མཁོ་སྤྲོད་པས། སྐར་རྣམ་ལགས་ཀྱིས་ཉེ་སྔོན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་གཞིས་ལུས་བོད་མི་ཚོར་གནང་བའི་ཏོག་དབྱིབས་དང་འབྲེལ་བའི་བཀའ་སློབ་ཡིག་ཐོག་ཏུ་ཕབ་པ་ཞིག་དང་། དེ་བཞིན་ཏོག་དབྱིབས་དང་འབྲེལ་བའི་པར་རིས་དང་བརྙན། ཡི་གེ་སོགས་སྤྱི་ཚོགས་དྲ་ལམ་དུ་བརྒྱུད་བསྐུར་བྱས་ཡོད་པའི་ཉེས་མིང་གཡོགས་ཡོད་སྐོར་བརྗོད་བྱུང་།

ཡང་གནས་ཚུལ་མཁོ་སྤྲོད་པས་ད་ལྟའི་ཆར་ཁྲི་འདུ་རྫོང་ཁོངས་སུ་ཏོག་དབྱིབས་བཀག་སྡོམ་ལྷོད་དུ་བཏང་སྟེ་སང་ཉིན་གནངས་ཉིན་ནས་སློབ་གྲྭ་ཁག་འཛོམས་ཀྱི་ཡོད་པ་དང་། མང་ཚོགས་ཁྲོད་དུའང་མི་མང་པོ་འདུ་འཛོམས་བྱེད་མི་ཆོག་ཀྱང་ཡར་མར་འགྲོ་སྐྱོད་བྱེད་དུ་འཇུག་གི་ཡོད་སྐོར་བརྗོད་བྱུང་།

སྐར་རྣམ་ལགས་ཆུང་དུས་ནས་པ་ལགས་འདས་གྲོངས་སུ་ཕྱིན་ཡོད་སྟབས། ཨ་མ་ལགས་ལ་རོགས་པ་བྱས་ནས་འབྲོག་ལས་གཉེར་ནས་བསྡད་ཡོད་འདུག་ལ། ཁྲི་འདུ་ཡོང་ཤ་སྡེ་བ་ནི་འབྲོག་ལས་གཉེར་བའི་སྡེ་བ་ཞིག་ཀྱང་ཡིན་འདུག

འབྲེལ་ཡོད་གསར་འགྱུར།

མང་ར་རྫོང་དམུ་གེ་ཐང་དུ་མེ་ཤུགས་འཕུར་མདེལ་ཞིག་ལྷུང་ནས་གས་ཐོར་བྱུང་། ༢༠༢༥།༡༠།༡༣ དྲ་ལམ་གྱི་པར།
Mobile App

བོད་མང་ར་རྫོང་དམུ་གེ་ཐང་དུ་འཕུར་མདེལ་ཞིག་ལྷུང་སྟེ་འབར་གས་ཆེན་པོ་བྱུང་།

ཆུ་ཚོད་ ༧ སྔོན་ལ།
Mobile App

རྒྱ་གཞུང་གིས་བོད་ཀྱི་དགེ་འདུན་པ་རྣམས་ལ་རྒྱལ་གཅེས་ཟེར་བའི་བསམ་བློ་སྤེལ་ཆེད་རྒྱ་ནག་ཏུ་ལྟ་སྐོར་ཁྲིད།

༢༠༢༥/༡༠/༡༤
Mobile App

ཉིན་གསུམ་རིང་གི་སེམས་དང་སྲོག་གི་བགྲོ་གླེང་ཐེངས་ ༣༩ བ་དབུ་འཛུགས་གནང་།

༢༠༢༥/༡༠/༡༤
Mobile App

ཞིང་གཤེགས་དམ་པ་མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་ལགས་སུ་སྙིང་སྟོབས་གཟེངས་རྟགས་ཕུལ།

༢༠༢༥/༡༠/༡༣
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ནས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ལྕམ་མཱ་རི་ཡ་ལགས་སུ་འཚམས་འདྲི་མཛད།

༢༠༢༥/༡༠/༡༣
ཁུང་ཙིའི་སློབ་མའི་བསླབ་བྱ།
Mobile App

རྒྱ་གཞུང་གིས་འཆར་གཞི་ལྡན་པའི་སྒོ་ནས་ཞིང་ལྗོངས་ལྔའི་བོད་ཁུལ་སློབ་གསོ་བཅོས་སྒྱུར་དང་མཐོ་རྒྱུགས་ཁྲོད་བོད་ཡིག་གདམས་གསེས་ལག་བསྟར་བྱས་པའི་སྐོར་རགས་ཙམ་གླེང་བ།

༢༠༢༥/༡༠/༡༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese