མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མེག་སི་ཀོའི་ནང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་གནང་།

བོད་ཀྱི་དུས་བབ།
༢༠༢༢/༡༡/༡༠
Share on FacebookShare on TwitterShare on EmailShare on Whatsapp

བྱང་ཨ་རིའི་རྒྱལ་ཁབ་མེག་སི་ཀོའི་ནང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་བྱས་ཏེ་བོད་དང་བོད་མིའི་རྩ་དོན་འཐབ་རྩོད་ཐོག་རྒྱབ་སྐྱོར་སྔར་ལྷག་བྱ་རྒྱུ་ཡིན་འདུག

པར། བོད་མིའི་སྒྲིག་འཛུགས།

ཟླ་འདིའི་ཕྱི་ཚེས་ ༨ ཉིན་མེག་སི་ཀོའི་རྒྱལ་ཁབ་ཀྱི་གྲོས་ཚོགས་འོག་མའི་ཚོགས་གཞོན་སྐུ་ཞབས་སལ་ཝ་ཌོར་ཁེ་རོ་ཁེ་བྷི་རི་རཱ་ (Salvador Caro Cabrera) ལགས་ཀྱིས་སྣེ་འཁྲིད་པའི་མེག་སི་ཀོའི་གྲོས་ཚོགས་འཐུས་མི་ཁག་ཅིག་གིས། རྒྱལ་ཁབ་དེའི་གྲོས་ཚོགས་ནང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་གནང་ཡོད་ཅིང་། སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དོན་གཅོད་འཇིགས་མེད་ཚེ་རིང་ལགས་ཆེད་དུ་མཛད་སྒོར་མཉམ་ཞུགས་ཀྱིས། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་རྣམ་གཉིས་ཀྱི་དགའ་བསུའི་འཚམས་འཕྲིན་བསྒྲགས་སྦྱངས་གནང་ཡོད་པ་རེད།

དེ་ཡང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གི་འཚམས་འཕྲིན་ནང་། མེག་སི་ཁོ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་གནང་བ་ཐོས་མ་ཐག་ང་ཚོ་ཚང་མར་དགའ་ཚོར་ཆེན་པོ་བྱུང་། ངས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་བོད་གཞིས་བྱེས་གཉིས་ཀྱི་བོད་མི་ཚང་མའི་ཚབ་ཞུས་ཏེ་སྐུ་ཉིད་དང་མེག་སི་ཀོའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ཡོངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

ཚོགས་པ་འདི་བརྒྱུད་ལྷོ་ཨ་མི་རི་ཀའི་ནང་བོད་ཀྱི་བདེན་པའི་འཐབ་རྩོད་ཐོག་ང་ཚོ་མཉམ་རུབ་ཀྱིས་ལས་འགུལ་སྤེལ་རྒྱུར་ཕན་རླབས་ཆེན་པོ་ཡོད། ཁྱེད་རྣམ་པའི་རྒྱབ་སྐྱོར་ནི་ང་ཚོར་དགོས་མཁོ་ཤིན་ཏུ་ཆེན་པོ་ཆགས་ཀྱི་ཡོད་པ་དང་། སྤྱིར་མེག་སི་ཁོ་རྒྱལ་ཁབ་ནང་ང་ཚོར་དུས་ཡུན་རིང་པོར་གང་ཟག་སྒེར་གྱི་ཐོག་ནས་རྒྱབ་སྐྱོར་གནང་མཁན་མང་པོ་ཡོད་ཅིང་། ངས་ད་རེས་གོ་སྐབས་འདི་བརྒྱུད་ཁོང་རྣམས་ལའང་་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། འབྱུང་འགྱུར་ཁྱེད་རྣམས་དང་ལྷན་ཕྱག་ལས་གནང་རྒྱུ་དང་དངོས་སུ་མཇལ་རྒྱུའི་རེ་བ་ཆེན་པོ་ཡོད། ངས་སླར་ཡང་ཁྱེད་རྣམ་པར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཁྱེད་རྣམ་པའི་ལས་དོན་ཐམས་ཅད་ལམ་ལྷོངས་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན། ཞེས་གསུངས་ཡོད་འདུག

ཡང་དེ་རིང་ཉིན་རྒྱབ་བོད་མིའི་སྒྲིག་འཛུགས་ཀྱི་དྲ་ཐོག་ཏུ་སྤེལ་བའི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་འཚམས་འཕྲིན་ནང་། མེག་སི་ཀོའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་གནང་བའི་གནས་ཚུལ་གོ་ཐོས་བྱུང་བས་ཧ་ཅང་དགའ་པོ་བྱུང་། ངས་བོད་མིའི་སྒྲིག་འཛུགས་དང་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་མེག་སི་ཀོའི་གྲོས་ཚོགས་འཐུས་མི་རྣམ་པས་དུས་ཐོག་མེག་སི་ཁོའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་གནང་བར་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག་མེག་སི་ཁོའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ཡོངས་ལ་འཚམས་འདྲི་ཞུ་རྒྱུ་ཡིན།

ལོ་སུམ་ཅུའི་གོང་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཐེངས་དང་པོ་མེག་སི་ཀོ་ཚུད་པའི་ལཱ་ཊིན་ཨ་མི་རི་ཀའི་ཁུལ་དུ་ཆིབས་སྒྱུར་བསྐྱངས་གནང་མཛད་པར་བརྟེན་མེག་སི་ཀོ་དང་བོད་མིའི་དབར་དམིགས་བསལ་གྱི་འབྲེལ་བ་འཕེལ་འགོ་བཙུགས་པ་དང་། དེ་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མེག་སི་ཀོ་ཚུད་པའི་ལཱ་ཊིན་ཨ་མི་རི་ཀའི་ཁུལ་དུ་ཐེངས་འགའ་ཆིབས་སྒྱུར་བསྐྱངས་གནང་མཛད་ཡོད། སྐབས་དེར་མེག་སི་ཀོའི་གྲོས་ཚོགས་འཐུས་མི་རྣམ་པ་དང་། མེག་སི་ཀོའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཆིབས་སྒྱུར་ཐད་མཐུན་འགྱུར་རོགས་རམ་དང་བོད་མིའི་བདེན་པའི་འཐབ་རྩོད་ཆེད་དུ་མུ་མཐུད་ཞུ་གཏུག་གནང་དང་གནང་བཞིན་པ་བཅས་ལ་ང་ཚོས་བཀའ་དྲིན་བླ་ལྷག་ཏུ་ཆེ་ཞེས་ཞུ་རྒྱུ་ཡིན།

དེ་རིང་ཁ་སང་རྒྱ་ནག་གཞུང་གིས་བོད་ནང་བོད་མིའི་ངོ་བོ་དང་བཅས་པ་རྩ་གཏོར་གཏོང་རྒྱུའི་སྲིད་བྱུས་ལག་བསྟར་བྱས་དང་བྱེད་བཞིན་ཡོད་སྟབས། བོད་ནང་གི་གནས་སྟངས་ད་ལྟའི་ཆར་ཛ་དྲག་ཅན་དུ་གྱུར་ཡོད། འདི་འདྲའི་དུས་ཚོད་གཉན་འཕྲང་ཅན་གྱི་སྐབས་འདིར་མེག་སི་ཀོའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་གཞུང་འབྲེལ་ཐོག་གསར་འཛུགས་གནང་བའི་གཏམ་བཟང་གི་གནས་ཚུལ་ལ་རྗེས་ཡི་རང་ཞུ་རྒྱུ་ཡིན། སླར་ཡང་ངས་མེག་སི་ཀོའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ཡོངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁྱེད་ཅག་གི་མ་འོངས་པའི་བྱ་གཞག་ཐམས་ཅད་ལམ་ལྷོངས་ཡོང་བའི་སྨོན་འདུན་དང་། མ་འོངས་པར་རྣམ་པ་ཚོ་དང་ལྷན་མཇལ་འཕྲད་ཞུ་རྒྱུའི་རེ་ལྟོས་བྱེད་ཀྱི་ཡོད། ཅེས་གསུངས་ཡོད།

མེག་སི་ཁོ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་ཀྱི་མཛད་སྒོའི་དེའི་སྟེང་། བོད་དོན་རྒྱབ་སྐྱོར་གནང་མཁན་གྱི་མེག་སི་ཁོའི་གྲོས་ཚོགས་འཐུས་མི་རྣམས་ངོ་སྤྲོད་བྱས་རྗེས། ཚོགས་པའི་འགན་འཛིན་ལྷན་ཚོགས་བསྐོ་གཞག་དང་མ་འོངས་པའི་ལས་དོན་གནང་ཕྱོགས་སོགས་ངོ་སྤྲོད་བྱས་ཡོད་པ་རེད། ད་སྔ་བར་བོད་མིའི་སྒྲིག་འཛུགས་ལ་ལྡི་ལི་སྐུ་ཚབ་དོན་གཅོད་དང་སུད་སི། བྱང་ཨ་རི། ཉི་ཧོང་། སྦེལ་ཇམ། ཨོ་སི་ཀྲོ་ལི་ཡ། ཨ་ཧྥི་རི་ཁ། ཨུ་རུ་སུ། མེག་སི་ཁོ་བཅས་ཁྱོན་དོན་གཅོད་ལས་ཁང་དགུ་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

TTTT
Mobile App

ལ་སྐོར་ལུང་སྐོར་བྱས་ནས་ཨ་རིའི་རོགས་དངུལ་ཨ་སྒོར་ས་ཡ་བདུན་སླར་གསོ་ཐུབ།

སྐར་མ ༢༧ སྔོན་ལ།
TTT
Mobile App

གདོང་ཐོག་ཚེ་རིང་ལགས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་དྲུང་གཞོན་ལས་རོགས་སུ་བསྐོ་གཞག་གནང་།

ཆུ་ཚོད་ ༡ སྔོན་ལ།
སྲིད་སྐྱོང་དང་དཔལ་འབྱོར་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༣།༡༥
Mobile App

རྩིས་ལོ་ ༢༠༢༦ ་་་ ༢༠༢༧ ལོར་སྔོན་རྩིས་ཧིན་སྒོར་ས་ཡ་ ༣༤༠༧།༤༢ འཆར་འབུལ་ཞུས་འདུག 

༢༠༢༦/༠༣/༡༦
སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༡ པ་འཚོག་བཞིན་པ། ༢༠༢༦།༣།༡༦ བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་བདུན་པའི་སྔོན་རྩིས་གྲོས་ཚོགས་འཚོག་མགོ་བཙུགས།

༢༠༢༦/༠༣/༡༦
བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་མཉམ་འདུས་ཚོགས་སྡེའི་ཚོགས་ཆེན་ཐེངས་གསུམ་པ་འཚོགས། ༢༠༢༦།༣།༡༣ དུས་བབ་ཀྱི་པར།
Mobile App

སྟོབས་དང་ནུས་པ་གང་ཡོད་པ་ངོས་བཟུང་ནས་ང་ཚོའི་ཞན་ཆ་ཉུང་དུ་གཏོང་དགོས་ཞེས་གསུངས།

༢༠༢༦/༠༣/༡༣
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་ཡིག བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༡༣ 
༧གོང་ས་མཆོག གསུང་འཕྲིན།

བོད་མི་ནང་ཁུལ་བོད་སྐད་ཡིག་སྦྱོང་སྤྱོད་དགོས་པའི་བཀའ་སློབ་ནན་པོ་ཕེབས་འདུག

༢༠༢༦/༠༣/༡༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese