མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་གིས་མཱ་ལེ་ཤི་ཡའི་སྲིད་བློན་གསར་བར་འཚམས་འཕྲིན་སྩལ།

བོད་ཀྱི་དུས་བབ།
༢༠༢༢/༡༡/༢༥
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་མཱ་ལེ་ཤི་ཡའི་སྲིད་བློན་གསར་པ་ཨན་ཝར་ཨིབ་ར་ཧིམ་ལགས་སུ་འཚམས་འཕྲིན་སྩལ།

༧གོང་ས་མཆོག་དང་སྲིད་བློན་གསར་པ་ཨན་ཝར་ལགས་རྣམ་གཉིས། པར། བོད་ཀྱི་དུས་བབ།

ཁ་སང་ཕྱི་ཚེས་ ༢༤ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་སྐུ་ཞབས་ཨན་ཝར་ཨིབ་ར་ཧིམ་ (Anwar Ibrahim) ལགས་མཱ་ལེ་ཤི་ཡའི་ (Malaysia) སྲིད་བློན་དུ་འོས་འདེམས་བྱུང་བར་འཚམས་འཕྲིན་སྩལ་ཏེ། མཱ་ལེ་ཤི་ཡའི་ཡར་རྒྱས་མུ་མཐུད་ཕུན་སུམ་ཚོགས་པ་ཡོང་བའི་སྨོན་འདུན་མཛད་འདུག

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་འཚམས་འཕྲིན་སྩལ་བའི་ནང་། ཕྱི་ལོ་ ༡༩༨༢ ལོར་ངོས་ལ་ཞི་བདེ་དང་འཛམ་གླིང་སྤྱི་ཡོངས་ཀྱི་འགན་འཁྲིའི་སྐོར་གཏམ་བཤད་གནང་རྒྱུའི་མགྲོན་འབོད་གནང་བ་ལྟར། ངོས་སྐུ་ཉིད་ཀྱི་མཛེས་སྡུག་ལྡན་པའི་རྒྱལ་ཁབ་ནང་བསྐྱོད་རྒྱུའི་གོ་སྐབས་བྱུང་བར་དགའ་ཚོར་ཆེན་པོ་བྱུང་ལ། ད་དུང་སྲིད་བློན་དམ་པ་སྐུ་ཞབས་ཊན་ཀུ་ཨབ་དྷུལ་རེ་མན་ (Tunku Abdul Rahman) ལགས་གཙོས་པའི་ཡུལ་དེའི་གནད་ཡོད་མི་སྣ་གཞན་ཁག་དང་ལྷན་དུ་བསམ་ཚུལ་བརྗེ་ལེན་བྱ་རྒྱུའི་གོ་སྐབས་བྱུང་བར་དགའ་ཚོར་ཆེན་པོ་བྱུང་། ཅེས་གསུངས།

ཡང་༧མགོན་པོ་མཆོག་གིས། ད་ལྟའི་དཀའ་ཚེགས་ཆེ་བའི་དུས་སྐབས་འདིར། མཱ་ལེ་ཤི་ཡ་མུ་མཐུད་ཡར་རྒྱས་ཕུན་སུམ་ཚོགས་པ་དང་། ཕན་ཚུན་གཅིག་ལ་གཅིག་རྟེན་གྱི་འདུ་ཤེས་ཇེ་ཟབ་ཏུ་འགྲོ་བཞིན་པའི་འཛམ་གླིང་ཞི་བདེ་དང་སྲ་བརྟན་ཡོང་བར་ཞབས་འདེགས་རླབས་ཆེན་བསྒྲུབ་ཐུབ་པར་ངོས་ནས་རེ་བ་བྱེད་ཀྱི་ཡོད། སྐུ་ཉིད་ཀྱིས་འབྱུང་འགྱུར་མཱ་ལེ་ཤི་ཡའི་མི་མང་གི་རེ་བ་དང་མངོན་འདོད་བསྒྲུབ་པར་འཕྲད་པའི་དཀའ་ངལ་ཡོངས་རྫོགས་གདོང་ལེན་གནང་ཐུབ་པའི་སྨོན་འདུན་ཡོད། ཅེས་གསུངས།

ཕྱི་ལོ་ ༡༩༤༧ ཟླ་ ༨ ཚེས་ ༡༠ ཉིན་ཨན་ཝར་ཨིབ་ར་ཧིམ་ (Anwar bin Ibrahim) ལགས་མཱ་ལེ་ཤི་ཡའི་མངའ་སྡེ་པེ་ནང་ (Penang) གི་གྲོང་སྡེ་ (Cherok Tok Kun) དུ་སྐྱེས་ཤིང་། མཱ་ལེ་མཐོ་རིམ་སློབ་གྲྭ་ (Malay College Kuala Kangsar) ནས་འབྲིང་རིམ་སློབ་སྦྱོང་སྦྱངས་པ་དང་། མཱ་ལ་ཡ་གཙུག་ལག་སློབ་གཉེར་ཁང་ (University of Malaya) ནས་མཱ་ལའི་སྐད་ཡིག་གི་ཉེ་བའི་གཙུག་ལག་རབ་འབྱམས་པ་ཐོན། ཕྱི་ལོ་ ༡༩༧༤ ནས་ ༡༩༧༥ བར་བཙོན་ཁང་དུ་ཡོད་བཞིན་དུ་ཁོང་གིས་མཱ་ལེ་ཤི་ཡའི་མཐོ་རིམ་སློབ་གཉེར་ཁང་ (National University of Malaysia) ནས་གཙུག་ལག་རབ་འབྱམས་པའི་སློབ་མཐར་སོན། ཕྱི་ལོ་ ༡༩༨༢ ནས་ ༡༩༩༨ བར་ (Barisan Nasional) སྲིད་གཞུང་འོག་སྲིད་བློན་ཟུར་པ་ (Mahathir Mohamad) འོག་ནས་སྲིད་བློན་གཞོན་པ་དང་དཔལ་འབྱོར་བློན་ཆེན་ལ་སོགས་པའི་ཕྱག་ལས་གནང་བ་མ་ཟད། ཕྱི་ལོ་ ༢༠༠༨ ནས་ ༢༠༡༥ བར་དང་ཕྱི་ལོ་ ༢༠༢༠ ནས་ ༢༠༢༢ བར་དུ་ཁ་གཏད་ཚོགས་པའི་ཚོགས་གཙོ་ཐེངས་ ༡༢ པ་དང་ཐེངས་ ༡༦ པའི་ཕྱག་ལས་གནང་མྱོང་ཡོད་པ་རེད། ཁ་སང་ཕྱི་ཚེས་ ༢༤ ཉིན་ཨན་ཝར་ཨིབ་ར་ཧིམ་ལགས་མཱ་ལེ་ཤི་ཡའི་སྲིད་བློན་གསར་པ་ཆགས་ཏེ་སྲིད་བློན་གྱི་དམ་འབུལ་ཞུས་ཟིན་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

Mobile App

༸གོང་ས་སྐུ་འཕྲེང་དྲུག་པའི་སྐོར་ལ་རྒྱལ་སྤྱིའི་ལྷན་ཚོགས་ཤིག་འཚོག་གཏན་ཁེལ།

༢༠༢༥/༡༡/༠༧
Mobile App

མགོན་པོ་སྐྱིད་ལགས་ལ་རང་ཁྱིམ་དུ་སྨན་བཅོས་བྱེད་བཞིན་འདུག

༢༠༢༥/༡༡/༠༦
ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་ཡེ་ཤུའི་ལྷ་ཁང་གྲགས་ཅན་ MONTSERRAT ནས་གདན་ཞུས་གནང་ལྟར་ཆོས་ཁང་དུ་ཕེབས་ཏེ་ཆོས་ལུགས་འཆམ་མཐུན་དང་འཛམ་གླིང་ཞི་བདེའི་སྐོར་ལ་བཀའ་མོལ་ལྷུག་པོ་གནང་། ༢༠༢༥།༡༡།༠༤ པར་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཀྱི་ངོ་དེབ་ནས་བླངས།
Mobile App

ཀུན་བདེ་གླིང་རྟ་ཚག་རྗེ་སྤྲུལ་རིན་པོ་ཆེ་མཆོག་གིས་ཡུ་རོབ་རྒྱལ་ཁབ་ཁག་ཅིག་ནང་མཛད་འཕྲིན་སྐྱོང་བཞིན་པ།  

༢༠༢༥/༡༡/༠༥
༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་སྐུ་ཚབ་ཞུས་ཏེ་བཀྲ་ཤིས་ལྷུན་པོའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ་མཆོག་གིས་དམངས་གཙོའི་གཟེངས་རྟགས་བཞེས་པ། ༢༠༢༥།༡༡།༤ དྲ་ལམ་གྱི་པར།
Mobile App

འདི་ལོའི་དམངས་གཙོའི་གཟེངས་རྟགས་༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་སོགས་ལ་ཕུལ།

༢༠༢༥/༡༡/༠༥
Aftab Pureval accepts congratulations following his reelection as Mayor of Cincinnati. Photo by Xiaojie Zavon
Mobile App

བོད་རིགས་ཀརྨ་ལགས་སླར་ཡང་ཨ་རིའི་སིན་སིན་ན་ཊི་གྲོང་ཁྱེར་སྤྱི་ཁྱབ་པར་བདམས་ཐོན་བྱུང་།

༢༠༢༥/༡༡/༠༥
Photo Credit: Global Peace Prayer Festival
Mobile App

འབྲུག་གི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་དངོས་སུ་དབུ་འཛུགས་གནང་།

༢༠༢༥/༡༡/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese