མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གི་ཤོག་དཀར་གསར་བརྗེའི་ལས་འགུལ་ལ་གདུང་སེམས་མཉམ་སྐྱེད་བྱས།

བོད་ཀྱི་དུས་བབ།
༢༠༢༢/༡༢/༠༣
Share on FacebookShare on TwitterShare on EmailShare on Whatsapp

བཙན་བྱོལ་གཞུང་མང་གཉིས་ནས་རྒྱ་ནག་གི་ཤོག་དཀར་གསར་བརྗེའི་ལས་འགུལ་ལ་གདུང་སེམས་མཉམ་སྐྱེད་བྱས།

ད་ལྟའི་ཆར་རྒྱ་ནག་ནང་ཏོག་དབྱིབས་གཉན་རིམས་གཙང་སེལ་ཟེར་བའི་སྲིད་ཇུས་ལ་རྒྱ་རིགས་ས་ཡ་མང་པོས་གཞུང་ལ་ངོ་རྒོལ་བྱེད་བཞིན་ཡོད་སྟབས། ཁ་སང་ཕྱི་ཚེས་ ༢ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་བཀའ་ཤག་སྐབས་བཅུ་དྲུག་པས་བོད་དང་ཡུ་གུར། རྒྱ་ནག་མི་མང་བཅས་ལ་ཏོག་ནད་གཙང་སེལ་ཟེར་བའི་སྲིད་ཇུས་འོག་དཀའ་ངལ་འཕྲད་བཞིན་ཡོད་པ་དང་། རྒྱ་ནག་མི་མང་སྟོང་ཕྲག་མང་པོས་རིམས་ནད་བཀག་འགོག་གི་སྲིད་ཇུས་ལ་ངོ་རྒོལ་བྱེད་བཞིན་པ་སོགས་ལ་གདུང་སེམས་མཉམ་སྐྱེད་ཡོད་པའི་བསྒྲགས་གཏམ་སྤེལ་གནང་འདུག

དེ་ཡང་བཀའ་ཤག་གི་བསྒྲགས་གཏམ་གསུང་འཕྲིན་དེའི་ནང་།  འདི་ལོ་ཕྱི་ཟླ་ ༨ ཟླ་མཇུག་ནས་བཟུང་རྒྱ་ནག་ཏུ་མི་འབོར་དུང་ཕྱུར་གསུམ་ལྷག་ཐེམ་སྤང་བཀའ་རྒྱའི་བཀག་སྡོམ་འོག་ཏུ་ཟླ་གྲངས་དུ་མར་ཚུད་ཅིང་། ལྷ་ས་དང་། ཨུ་རུམ་ཆི་ལྟ་བུར་ཟུར་བཀག་གི་དུས་ཚོད་ཉིན་གྲངས་བརྒྱ་ལྷག་བརྒལ་བ་བྱུང་སྟེ། མི་མང་གི་འགྲོ་འདུག་དཉལ་འཆག་དང་། བཟའང་བཏུང་། སྨན་བཅོས། འཚོ་གནས། སེམས་ཁམས་སོགས་ལ་ཚད་ལས་བརྒལ་བའི་དཀའ་ངལ་འཕྲད་པར་བརྟེན། རྒྱ་ནག་གི་གྲོང་ཁྱེར་དང་མཐོ་སློབ་ཁག་མང་པོར་རིམས་འགོག་སྲིད་ཇུས་ལ་ངོ་རྒོལ་དང་། རང་དབང་མང་གཙོའི་འདོད་འདུན་བསྒྲགས་འདུག་པར་གདུང་སེམས་མཉམ་བསྐྱེད་ཡོད།

བོད་ནང་དུ་རྒྱ་ནག་གོ་ནོར་འཁྲུལ་ཅན་གྱི་ཏོག་དབྱིབས་སྲིད་ཇུས་ལ་བརྟེན་ནས་བོད་མིའི་ཚེ་སྲོག་ལ་ཉེན་ཁ་འཕྲད་པའི་སྐོར་ཕྱི་ཟླ་ ༩ ཚེས་ ༢༦ ཉིན་གསར་འགོད་གསལ་བསྒྲགས་སྤེལ་ཟིན་པ་ལྟར། ནོར་འཁྲུལ་དེ་རིགས་བསྐྱར་ལྡབ་མི་ཡོང་བའི་རེ་བ་འཛིན་གྱི་ཡོད། རིམས་ནད་ཀྱིས་འཛམ་གླིང་ཁྱོན་དུ་མིའི་ཚེ་སྲོག་དང་འཚོ་གནས་ལ་སྔར་མ་གྲགས་པའི་དཀའ་ངལ་འཕྲད་ཡོད་ནའང་། སྲིད་གཞུང་ཁག་གིས་ཚན་རིག་དང་མཐུན་ཞིང་ནུས་ལྡན་གྱི་བྱེད་ཐབས་སྤྱད་དེ། ད་ཆ་ཡུལ་ལུང་ཕལ་ཆེ་བ་རྒྱུན་ལྡན་གྱི་འཚོ་བར་རོལ་ཐུབ་ཀྱི་ཡོད་པ་དང་། ཁ་རས་གྱོན་མ་དགོས་པའི་མི་འབོར་ས་ཡ་བརྒལ་བའི་རྒྱལ་སྤྱིའི་རྐང་སྤོལ་འགྲན་བསྡུར་ཡང་དབུས་ཤར་ཨེ་ཤ་ཡར་ཚ་ཚ་འུར་འུར་ངང་འགྲོ་བཞིན་ཡོད།

རྒྱ་ནག་གི་གོ་ལའི་གྲོང་ཚོའི་ཆ་ཤས་ཤིག་ཡིན་དང་འགྲོ་བ་མིའི་ཁྱིན་ཚང་གྲུབ་ཆ་ཞིག་ཡིན་པས། རྒྱལ་མཚམས་ཀྱིས་གཅོད་ཐབས་མེད་ཅིང་རྒྱལ་ཁབ་ལམ་ལུགས་ཀྱི་དབྱེ་བ་མེད་པའི་རིམས་ནད་འདིར་གདོང་ལེན་གཅིག་མཚུངས་སུ་བྱེད་དགོས་པ་ཡིན་པས། མི་མང་གིས་ནད་འགོག་སྲིད་ཇུས་ལ་འདོད་ཁེངས་མེད་པའི་རྣམ་འགྱུར་བསྟན་པ་དང་རང་དབང་དང་མང་གཙོའི་དགོས་འདུན་བཏོན་པར་དྲང་ཕྱོགས་ནས་ངོས་འཛིན་གྱིས་དྲོག་གནོན་དང་མནར་གཅོད་མི་གཏོང་བར། རྒྱལ་སྤྱིའི་གཞུང་མང་མཉམ་འབྲེལ་གྱི་བྱེད་སྟངས་ནང་བཞིན་རིམས་འགོག་གི་སྲིད་ཇུས་བཅོས་སྒྲིག་ཡོང་བའི་རེ་སྐུལ་ཞུ་རྒྱུ་དང་། རིམས་ནད་ཀྱི་འཇིགས་པ་གང་མྱུང་ཞི་སྟེ་རྒྱུན་ལྡན་གྱི་འཚོ་བ་རོལ་ཐུབ་པར་མཆོག་གསུམ་རྒྱལ་བ་རྒྱ་མཚོར་གསོལ་འདེབས་ཞུ་རྒྱུ་བཅས་ཞེས་བརྗོད་འདུག

ཡང་ཁ་སང་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་རྒྱ་ནག་གཞུང་ཚབ་མདུན་དུ་དབུས་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྣེ་འཁྲིད་འོག བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་དང་རྒྱ་གར་བོད་དོན་རྒྱབ་སྐྱོར་བ་སོགས་ནས། རྒྱ་ནག་མི་མང་གི་ཤོག་དཀར་གསར་བརྗེའི་ལས་འགུལ་ལ་གདུང་སེམས་མཉམ་སྐྱེད་དང་ཞི་ཅིན་ཕིན་གྱི་སྣེ་འཁྲིད་པའི་རྒྱ་ནག་དམར་ཤོག་ཚོགས་པ་དང་དེའི་མགོ་འཁྲིད་རྣམས་ལ་ངོ་རྒོལ་ཡོད་པའི་སྐད་འབོད་ལས་འགུལ་སྤེལ་ཡོད་པ་དང་། ངོ་རྒོལ་ལས་འགུལ་དེའི་སྐབས་བོད་རིགས་རྒན་གཞོན་བརྒྱ་ལ་ཉེ་བ་ཞིག་གིས། ཞི་ཅིན་ཕིན་གྱིས་སྲིད་དབང་ནས་དགོངས་པ་ཞུ་དགོས། ང་ཚོ་བོད་ལ་རང་དབང་དགོས། བོད་ནང་མནར་གཅོད་གཏོང་མཚམས་འཇོག་དགོས། རྒྱ་ནག་གཞུང་ངོ་ཚ། ༧གོང་ས་མཆོག་སྐུ་ཚེ་ཡུན་རིང་བརྟན་པར་ཤོག ཅེས་སོགས་ཀྱི་འབོད་ཚིག་སྒྲོག་བཞིན་རྒྱ་ནག་གཞུང་ལ་ངོ་རྒོལ་གནང་ཡོད་ཅིང་། སྐབས་དེར་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་བཀྲ་ཤིས་དར་རྒྱས་ལགས་ཀྱིས། རྒྱ་ནག་དམར་ཤོག་ཚོགས་པའི་མགོ་འཁྲིད་མའོ་ཙེ་ཏུང་གཙོ་བྱས་པའི་ཏུན་ཞོ་ཕིན། ཅང་ཙི་མེན་དང་ཧུའུ་ཅི་ཐོ། ཞི་ཅིན་ཕིན་སོགས་ཀྱིས་འདས་པའི་ལོ་ངོ་ ༧༠ རིང་རྒྱ་ནག་མི་མང་དང་བོད་པ་གཙོ་བྱས་པའི་ཡུ་གུར་སོགས་གྲངས་ཉུང་མི་རིགས་ཁག་གི་རང་དབང་དང་འདྲ་མཉམ། ཐོབ་ཐང་སོགས་གཉའ་གནོན་དང་རྡོག་རོལ་གཏོང་གི་ཡོད་པར་བརྟེན་རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་བཞིན་ཡོད་པའི་གཏམ་བཤད་གནང་སོང་བ་དང་། དེ་རྗེས་བོད་མི་རིགས་ཀྱི་སླད་དུ་ལུས་སྲོག་ལོངས་སྤྱོད་བློས་གཏོང་གནང་མཁན་གྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་དང་ཏོག་དབྱིབས་གཉན་རིམས་གཙང་སེལ་གྱི་སྲིད་ཇུས་བཀག་རྒྱའི་གྲོང་ཁྱེར་ (Urumqi) ནང་མེ་སྐྱོན་ཤོར་ནས་འདས་གྲོངས་སུ་གྱུར་བའི་མི་ ༡༠ དང་རྒྱ་ནག་མི་མང་བཅས་ཀྱི་ཆེད་དུ་མྱ་ངན་གུས་འདུད་ངག་བཅད་སྐར་མ་གཅིག་རིང་བཅས་གནང་ཡོད་པ་དང་། དེ་བཞིན་བོད་དོན་ལས་འགུལ་བ་དང་རང་དབང་འཐབ་རྩོད་པ་བསྟན་འཛིན་བརྩོན་འགྲུས་དང་ལས་འགུལ་བ་གཞན་ཁག་ཅིག་གིས་གཏམ་བཤད་སྤེལ་ཡོད་པ་རེད།

པར། བོད་ཀྱི་གཞོན་ནུ་ལྷན་ཚོགས།

ཕྱི་དྲོ་ཆུ་ཚོད་ ༥ ནས་ ༦ བར་བཞུགས་སྒར་མེ་གྷན་སུམ་མདོ་རུ་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་གོ་སྒྲིག་འོག ད་ལྟའི་བོད་དང་རྒྱ་ནག་ནང་གི་གནས་སྟངས་ལ་གདུང་སེམས་མཉམ་སྐྱེད་མཚོན་པའི་མར་མེ་ཁྲོམ་སྐོར་གྱི་ལས་འགུལ་ཞིག་ཀྱང་སྤེལ་ཡོད་པ་དང་། མར་མེ་ཁྲོམ་སྐོར་གྱི་ལས་འགུལ་དེའི་ནང་བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་དང་བཞུགས་སྒར་ཁུལ་གྱི་སེར་སྐྱ་མི་མང་དང་བོད་དོན་རྒྱབ་སྐྱོར་བ་སོགས་ཀྱིས་མཉམ་ཞུགས་གནང་ཡོད་པ་རེད།

དེ་ཡང་ཉེ་བའི་བདུན་ཕྲག་གཅིག་ལྷག་རིང་རྒྱ་ནག་གི་རྒྱལ་ས་པེ་ཅིན་ཚུད་པའི་ཡུ་གུར་རང་སྐྱོང་ཁུལ་ཟེར་བ་དང་ཧྲང་ཧེ། ནཱན་ཅིན་དང་ཀཱང་ཀྲོའུ་སོགས་གཙོ་བྱས་པའི་ཏོག་དབྱིབས་གཙང་སེལ་གྱི་སྲིད་ཇུས་འོག་སྒོ་རྒྱ་བསྡམས་པའི་གྲོང་ཁྱེར་དང་ས་ཁུལ་མི་འདྲ་བ་ ༢༠ ལྷག་གི་མི་མང་དང་སློབ་མ་སོགས་རྒྱ་རིགས་སྟོང་ཕྲག་མང་པོས། གཙོ་བོ་ཏོག་དབྱིབས་གཙང་སེལ་ཟེར་བའི་སྲིད་ཇུས་མཚམས་འཇོག་དགོས་པའི་འབོད་ཚིག་སྒྲོག་བཞིན་སྲང་ལམ་དུ་ཐོན་ནས་རྒྱ་ནག་དམར་ཤོག་གཞུང་ལ་ངོ་རྒོལ་བྱས་དང་བྱེད་མུས་ཡིན་ཡང་། ད་ལྟའི་ཆར་རྒྱ་ནག་མི་མང་གི་ངོ་རྒོལ་ལས་འགུལ་དེ་སྲིད་གཞུང་གི་དྲག་གནོན་འོག་ནས་རིམ་བཞིན་བཀག་སྡོམ་བྱེད་མུས་ཡིན་པ་རྒྱལ་སྤྱིའི་དབྱེ་ཞིབ་པ་དག་གིས་རྗོད་ཀྱིན་འདུག་ལ། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གིས། རྒྱ་ནག་གཞུང་གིས་རྒྱ་ནག་མི་མང་གི་རྒྱལ་ཡོངས་རང་བཞིན་གྱི་ཞི་རྒོལ་ལས་འགུལ་དེར་གུས་བརྩི་དང་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་བརྩི་སྲུང་བྱེད་དགོས་པའི་སྐུལ་མ་བྱས་འདུག

ཐེངས་འདིའི་རྒྱ་ནག་མི་མང་གི་རྒྱལ་ཡོངས་རང་བཞིན་གྱི་ངོ་རྒོལ་ལས་འགུལ་སྐབས་རྒྱ་ནག་དམར་ཤོག་ཚོགས་པར་གདོང་ལེན་གྱི་འབོད་ཚིག་སྣ་ཚོགས་བསྒྲགས་ཡོད་པ་ལས། ས་ཁུལ་ཁག་ཅིག་ཏུ་ཞི་ཅིན་ཕིན་སྲིད་སྟེགས་ལས་མར་འབབ་དགོས། རྒྱ་ནག་དམར་ཤོག་ཚོགས་པའི་དབང་སྒྱུར་མཚམས་འཇོག་དགོས། ང་ཚོར་མི་གཅིག་དབང་སྒྱུར་དང་རྒྱལ་པོ་ཞིག་མི་དགོས། རང་དབང་དགོས། གསར་འགོད་རང་དབང་དགོས། ཤིན་ཅང་སྒོ་འབྱེད་བྱེད་དགོས། རྒྱ་ནག་སྒོ་འབྱེད་བྱེད་དགོས་ཞེས་པ་སོགས་ཡིན་ཞིང་། ས་ཁུལ་ཁག་ཅིག་ཏུ་ཏོག་དབྱིབས་གཙང་སེལ་གྱི་སྲིད་ཇུས་མཚམས་འཇོག་དགོས་ཞེས་ལག་ཏུ་ཤོག་བུ་དཀར་པོ་འཛིན་བཞིན་ནཱན་ཅིན་དང་པེ་ཅིན་སོགས་ཀྱི་མི་མང་དང་སློབ་མ་སྟོང་ཕྲག་མང་པོས་ངོ་རྒོལ་ལས་འགུལ་སྤེལ་ཡོད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

པར་འདི་དཔལ་ལྡན་རྒྱལ་གྱིས་བླངས།
Mobile App

རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་དང་བཅས་པའི་རང་ལུས་མེར་བསྲེགས་དང་དེའི་འཕྲོས་དོན་བརྟག་དབྱེ་བོད་བཙན་པོའི་རྟིང་འཇུག་དུས་ཀྱི་མེ་དཔུང་ཞེས་བྱ་བ་བཞུགས་སོ།།

ཆུ་ཚོད་ ༧ སྔོན་ལ།
དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༥
Mobile App

སྲིད་སྐྱོང་མཆོག་གིས་ས་གནས་མགོ་འཛིན་རྣམས་ཆོལ་ཁའི་རྩོད་རྙོག་ཁྲོད་འཛུལ་མི་ཉན་པར་དཀྱིལ་དུ་བསྡད་དགོས་པའི་སྐུལ་མ་གནང་། 

ཆུ་ཚོད་ ༡༤ སྔོན་ལ།
On May 21, climbers seen on top of Mt Everest with Tibetan flag and photo of Dalai Lama. Photo: Kalachakra by His Holiness the Dalai Lama/Facebook
Mobile App

རྒྱ་ནག་གཞུང་གིས་བོད་ཕྱོགས་ནས་ཇོ་མོ་གླང་མར་འཛེགས་རྒྱུ་བཀག་སྡོམ་བྱས་འདུག

ཆུ་ཚོད་ ༡༤ སྔོན་ལ།
TT
Mobile App

བོད་མི་ཡོངས་ནས་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་ལས་འགུལ་སྤེལ་དགོས་པའི་ཡོངས་ཁྱབ་གསལ་བསྒྲགས་སྤེལ།

ཆུ་ཚོད་ ༡༩ སྔོན་ལ།
སྐུ་སྒེར་དྲ་བའི་པར།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དྭགས་དབྱར་ཆོས་ཆེན་མོ་ཐེངས་བཅུ་གཉིས་པའི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས།

༢༠༢༦/༠༨/༢༤
རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ནང་མིས་བོད་རང་སྐྱོང་ལྗོངས་ཟེར་བའི་མི་དམངས་འཐུས་མི་ཚོགས་ཆེན་ཐོག་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ཁྲིམས་ཆད་བསྐྱར་ཞིབ་བྱ་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག  པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གཅེན་མོ་མགོན་པོ་སྐྱིད་ཀྱིས་མུ་མཐུད་ངོ་རྒོལ་ལས་འགུལ་སྤེལ་གྱིན་འདུག

༢༠༢༦/༠༨/༢༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese