མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཟླ་འདིའི་ཚེས་ ༡༥ ཉིན་ནས་བཟུང་བོད་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་གི་སློབ་མར་སྤྱི་སྐད་ཚད་ལེན་གྱི་སྲིད་ཇུས་ལག་བསྟར་བྱ་རྒྱུ་རེད།

བོད་ཀྱི་དུས་བབ།
༢༠༢༢/༡༢/༠༦
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་ནས་བཟུང་རྒྱ་ནག་གཞུང་གིས་རྒྱལ་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་གི་སློབ་མ་ལའང་རྒྱའི་སྐད་ཡིག་གི་གནས་ཚད་རིམ་པ་ ༦ དུ་དབྱེ་བའི་ཚད་ལེན་སྲིད་ཇུས་ཤིག་གཟབ་ནན་དང་སྐུལ་འདེད་ཀྱི་ནུས་པ་ལྡན་པའི་ཐོག་ནས་ལག་བསྟར་བྱ་རྒྱུ་ཡིན་སྐོར་བསྒྲགས་འདུག

རྒྱ་ནག་དབུས་ཤེས་རིག་ལྷན་ཁང་གི་དྲ་ཐོག་ཏུ་སྤེལ་བའི་དེ་འབྲེལ་གནས་ཚུལ་ཞིག

རྒྱ་ནག་གཞུང་གིས་སྔོན་ཆད་ནས་སློབ་ཆེན་ཁག་གི་སློབ་མ་ཚོ་སློབ་མཐར་ཕྱིན་སྐབས་རྒྱུན་ལྡན་གྱི་སློབ་ཚན་ཁག་ཕུད་པའི་རྒྱའི་སྐད་ཡིག་གི་གནས་ཚད་ཐད་ལོགས་སུ་ཡིག་ཚད་གཏོང་གི་ཡོད་ཀྱང་། འདི་ལོའི་ཕྱི་ཟླ ༣ ཚེས་ ༢༨ ཉིན་རྒྱ་ནག་པེ་ཅིང་དུ། རྒྱ་ནག་རྒྱལ་ཡོངས་སྐད་ཡིག་འཛིན་སྐྱོང་ལྷན་ཁང་ཟེར་བའི་གོ་སྒྲིག་འོག སྐད་ཡིག་ཚད་ལྡན་ཞིབ་བཤེར་གཏན་འབེབ་ཀྱི་ཚོགས་འདུ་ཟེར་བ་ཞིག་བསྡུས་ཡོད་པ་དང་། ཚོགས་འདུ་དེའི་ཐོག་རྒྱལ་ཡོངས་སྐད་ཡིག་འཛིན་སྐྱོང་ལྷན་ཁང་གི་ལོ་ལྔ་ཚན་བཅུ་བཞི་པའི་སྐད་ཡིག་ཚད་ལྡན་འཛུགས་སྐྲུན་འཆར་འགོད་ཟེར་བའི་ཁོངས་སུ། སློབ་གྲྭ་ཆུང་འབྲིང་གི་སློབ་མའི་སྤྱི་སྐད་ཆུ་ཚད་ཀྱི་ཚད་རིམ་རྒྱུགས་གཞིའི་ཚད་གཞི་དང་རྒྱུགས་གཞིའི་རྩ་གནད་ཟེར་བ་ཞིག་གཏན་འབེབ་བྱས་ཏེ། རྒྱལ་ཡོངས་ཀྱི་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་ཁག་གི་སློབ་གསོ་སྡེ་ཁག་ནང་དུ་བཀྲམ་ཟིན་ཡོད་འདུག་ལ། ཡོངས་ཁྱབ་གསལ་བསྒྲགས་ནང་དུ་འདི་ལོའི་ཕྱི་ཟླ་ ༡༢ ཚེས་ ༡༥ ཉིན་ནས་བཟུང་ཡོངས་ཁྱབ་ཐོག་ལག་བསྟར་བྱ་རྒྱུ་ཡིན་པ་བྲིས་འདུག དེ་ནི་ཕྱི་ལོ་ ༢༠༠༩ ལོར་རྒྱ་ནག་ཤེས་རིག་ལྷན་ཁང་དང་སྐད་ཡིག་འཛིན་སྐྱོང་ལྷན་ཁང་ཟེར་བ་གཉིས་ཀྱིས་གཏན་འབེབ་བྱས་པའི་སློབ་ཆུང་དང་དམའ་རིམ་སློབ་མའི་བསླབ་གཞི་ཡོད་ཚད་རྒྱ་ཡིག་ཐོག་ཏུ་བསྒྱུར་བའི་སྲིད་ཇུས་ཀྱི་ཆ་ཤས་ཤིག་ཡིན་འདུག

དེའི་སྐོར་ལ་བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་རྒྱ་ནག་སྐོར་གྱི་ཉམས་ཞིབ་པ་བསྟན་འཛིན་ཕན་ཐོགས་ལགས་ཀྱིས། སྔོན་མ་ཡིན་ན་རྒྱ་ནག་གི་གཞུང་ཞབས་ནང་ཡིག་ཚད་གཏོང་སྐབས་རྒྱའི་སྤྱི་སྐད་ཚད་ལེན་གྱི་དཔང་ཡིག་དེ་དགོས་ཀྱི་ཡོད་དུས་སློབ་གྲྭ་ཆེན་མོའི་སྐབས་སུ་ངག་རྒྱུགས་དང་ཡིག་རྒྱུགས་གཉིས་ཀ་གཏོང་དགོས་ཀྱི་ཡོད་པ་རེད། ད་རེས་རྒྱ་ནག་རྒྱལ་ཡོངས་ཀྱི་སློབ་ཆུང་དང་སློབ་འབྲིང་གི་སློབ་མ་ཚང་མས་རྒྱའི་སྤྱི་སྐད་ཀྱི་ཡིག་ཚད་དེ་གཏོང་དགོས་ཀྱི་འདུག དེ་ག་རེ་ལ་དམིགས་པ་ཡིན་སོགས་གསལ་པོ་བྲིས་མི་འདུག་ཀྱང་། མ་འོངས་པར་སློབ་ཆུང་དང་སློབ་འབྲིང་གི་ཡིག་རྒྱུགས་སྐབས་སུ་ཁོང་ཚོས་ཐད་ཀར་འབྲེལ་བ་བཏགས་ནས་སློབ་རིམ་ཡར་འཕར་རྒྱུར་བེད་སྤྱོད་གཏང་བ་ཡིན་ན་དཔེ་ཉེན་ཁ་ཆེན་པོ་རེད། མ་འོངས་པར་སློབ་གྲྭ་ཙམ་མིན་པར་ཁྱིམ་ཚང་རེ་རེའི་ངོས་ནས་ཀྱང་ཤུགས་བརྒྱག་དགོས་པའི་གནས་སྟངས་ཆགས་ཀྱི་རེད། གང་ཡིན་ཟེར་ན། ཕྱི་ལོ་ ༢༠༣༥ བར་དུ་རྒྱ་ནག་རྒྱལ་ཡོངས་རྒྱ་སྐད་སྤྱི་སྐད་ཅན་དུ་བསྒྱུར་བའི་འཆར་གཞི་དེ་ཤུགས་ཆེན་པོའི་ཐོག་ནས་ལག་བསྟར་བྱེད་བཞིན་པ་རེད། ཅེས་བརྗོད་བྱུང་།  

ཞི་ཅིན་ཕིན་གྱིས་སློབ་ཞུགས་མ་བྱས་གོང་གི་བྱིས་པའི་སྐད་ཡིག་སློབ་གསོར་ཤུགས་བརྒྱབ་ནས་མི་ཚེའི་རྨང་གཞི་བརྟན་པོ་ཡོང་བར་ཤུགས་བརྒྱག་དགོས་ཞེས་བཀའ་རྒྱ་ཕབ་པ་ལྟར། རྒྱ་ནག་ཤེས་རིག་ལྷན་ཁང་གི་ལོ་ལྔའི་འཆར་གཞི་བཅུ་བཞི་པ་ཟེར་བའི་ནང་དུ། སློབ་ཞུགས་མ་བྱས་པའི་སྔོན་གྱི་བྱིས་པ་རྣམས་ལ་བྱིས་པའི་སྐད་གདངས་གཅིག་པ་ཞེས་པའི་སྲིད་ཇུས་ལག་བསྟར་བྱས་ཏེ། བོད་དང་ལྷོ་སོག ཤིན་ཅང་སོགས་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ཁག་གི་བུ་བཅོལ་ཁང་ནས་བཟུང་སྟེ་ལག་བསྟར་བྱེད་བཞིན་ཡོད་པ་དང་། བྱིས་པའི་སྐད་གདངས་གཅིག་པ་ཞེས་པའི་སྲིད་ཇུས་དེར་ཁྱོན་དོན་ཚན་ཆེན་པོ་བཞི་ཡོད་པ་དང་། དེའི་དོན་ཚན་དང་པོ་དགོས་དམིགས་ཀྱི་ནང་དུ། ཕྱི་ལོ་ ༢༠༢༡ ལོའི་སྟོན་དུས་ཀྱི་སློབ་སྐབས་ནས་བཟུང་རྒྱལ་ཁབ་ཀྱི་སྤྱིའི་སྐད་སྤྱད་ནས་སློབ་གསོའི་བྱེད་སྒོ་སྤེལ་མེད་པའི་མི་རིགས་ས་ཁུལ་དང་གྲོང་གསེབ་ཁུལ་གྱི་བུ་བཅོལ་ཁང་དག་གིས་སྐད་ཡིག་སློབ་གསོའི་བྱེད་སྒོ་སྤེལ་དགོས་པ་དང་། ལོ་ལྔའི་འཆར་གཞི་བཅུ་བཞི་པའི་རིང་ལ། མི་རིགས་ས་ཁུལ་དང་གྲོང་གསེབ་ཀྱི་བུ་བཅོལ་ཁང་གི་དགེ་རྒན་གྱི་སྤྱི་སྐད་ནུས་པའི་གསོ་སྦྱོང་དུས་ཡུན་ཁག་བགོས་ཀྱིས་སྤེལ་ཏེ། སློབ་ཞུགས་མ་བྱས་གོང་གི་བྱིས་པར་རིམ་བཞིན་གཞི་རྩའི་སྤྱི་སྐད་བྱེད་ནུས་ལྡན་པ་ཞིག་ཏུ་གཏོང་དགོས་པ་དང་། འོས་འགན་སློབ་གསོའི་སྐབས་སུ་སློབ་ཞུགས་པར་སྐད་ཡིག་གི་རྨང་གཞི་ལེགས་པོ་བསྐྲུན་དགོས་པ། སློབ་ཁྲིད་བྱེད་ཕྱོགས་རྒྱུན་འཁྱོངས་དང་གཙོ་གནད་དུ་འཛིན་དགོས་པ་མ་ཟད། སློབ་ཞུགས་མ་བྱས་གོང་གི་སློབ་གསོ་འཕེལ་རྒྱས་གཏོང་ཕྱོགས་ཚགས་ཚུད་པ་དང་། མི་རིགས་ས་ཁུལ་དང་གྲོང་གསེབ་ཁུལ་གྱི་སློབ་ཞུགས་མ་བྱས་གོང་གི་བྱིས་པའི་སྤྱི་སྐད་སློབ་གསོའི་དོན་དངོས་ལ་དམིགས་ནས་བསྒྲུབ་དགོས་སྐོར་བཀོད་འདུག

སྲིད་ཇུས་དེའི་དོན་ཚན་གཉིས་པ་གཞི་རྩའི་བསམ་ཕྱོགས་ནང་དུ་དོན་ཚན་བཞི་ཡོད་པའི་་ནང་གཙོ་གནད་བཟུང་སྟེ་རྒྱའི་སྤྱི་སྐད་རྒྱ་ཁྱབ་ཏུ་སྤེལ་བའི་སྲིད་ཇུས་ལག་བསྟར་དོན་འཁྱོལ་ཡོང་ཐབས་སུ། ས་གནས་ཀྱི་མགོ་འཁྲིད་དང་སྲིད་གཞུང་། སློབ་གྲྭ། ཁེ་ལས་སོགས་ནས་མཉམ་དུ་སྐུལ་འདེད་ནན་པོ་གཏོང་དགོས་སྐོར་དང་།  དོན་ཚན་གསུམ་པ་ལས་འགན་གཙོ་བོ་ཞེས་པར་དོན་ཚན་དྲུག་ཡོད་པའི་ནང་། དགེ་རྒན་གསོ་སྐྱོང་སྦྱོང་བརྡར་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། དགེ་རྒན་གྱི་དཔུང་སྡེ་འཐུས་སྒོ་ཇེ་ཚང་དུ་གཏོང་དགོས། གསུམ། མི་རིགས་ས་ཁུལ་གྱི་དགེ་རྒན་རྣམ་པའི་སྐད་ཡིག་བཀོལ་སྤྱོད་ཐད་བསྒྱུར་བཅོས་གཏོང་དགོས་པ། བཞི། རོགས་སྐྱོར་ལམ་སྲོལ་འཛུགས་དགོས། ལྔ། དཔེ་སྟོན་སྣེ་ཁྲིད་བྱེད་པར་འབོད་སྐུལ་བྱ་དགོས་པ། དྲུག ཁོར་ཡུག་ལེགས་པོ་ཞིག་བསྐྲུན་དགོས་ཟེར་བ་བཅས་བཀོད་འདུག

གསར་འགོད་པ། བྱམས་པ་ཚེ་རིང་། 

འབྲེལ་ཡོད་གསར་འགྱུར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་པར།
Mobile App

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་དབུ་འཛུགས་བྱས།  

ཆུ་ཚོད་ ༡༧ སྔོན་ལ།
 བོད་མིའི་སྒྲིག་འཛུགས་དཔལ་འབྱོལ་ལས་ཁུངས་ཀྱི་ལས་སྡོམ་སྐབས།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དང་བླངས་དཔྱ་དངུལ་གྱི་ཡོང་འབབ་ག་ཚོད་ཡིན་ནམ།

ཆུ་ཚོད་ ༡༩ སྔོན་ལ།
CPC Central Committee appoints new Party chiefs for Xizang, Gansu, Qinghai. Photo Edited by Tibettimes
Mobile App

རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བར་དམར་ཤོག་དྲུང་ཆེ་གསར་པ་ཞིག་བསྐོས་འདུག

ཆུ་ཚོད་ ༢༢ སྔོན་ལ།
Four River, Six Ranges Movie
Mobile App

བལ་ཡུལ་གཞུང་གིས་གཞན་ཕན་ཁྱིམ་གསར་ལགས་འཛིན་བཟུང་དགོས་པའི་བཀའ་ཁྱབ་བསྒྲགས།

ཆུ་ཚོད་ ༢༣ སྔོན་ལ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་ཉིན་ལྔ་པའི་སྐབས། བོད་ཀྱི་བརྙན་འཕྲིན་གྱི་ཐད་གཏོང་ལས་བླངས།
Mobile App

བོད་ནང་གི་ཛ་དྲག་གི་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་དོན་ཚན་ལྔ་སྤྱི་མོས་གཏན་འབེབས་བྱུང་སོང་།

༢༠༢༦/༠༩/༢༡
ས་སྐྱ་༧ གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག
གསར་སྙིང་།

ས་སྐྱ་ ༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གིས་བོད་ཀྱི་དུས་བབ་གསར་ཁང་དབུ་བརྙེས་ནས་བགྲང་བྱ་ ༣༠ འཁོར་བར་བསྩལ་གནང་མཛད་པའི་གསུང་འཕྲིན།

༢༠༢༦/༠༩/༢༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese