མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གནས་མཆོག་རྡོ་རྗེ་གདན་གྱི་ཉིན་གྲངས་གསུམ་རིང་གི་བཀའ་ཆོས་དབུ་འཛུགས་མཛད།

བོད་ཀྱི་དུས་བབ།
༢༠༢༢/༡༢/༢༩
Share on FacebookShare on TwitterShare on EmailShare on Whatsapp

གནས་མཆོག་རྡོ་རྗེ་གདན་གྱི་བྱང་ཆུབ་སེམས་འགྲེལ་གྱི་བཀའ་ཆོས་ཉིན་དང་པོར་༧གོང་ས་མཆོག་ནས་རང་དོན་དང་གཞན་དོན་གཉིས་ཀ་ཕན་ཚུན་འདྲེས་ནས་ཡོད་པ་དང་ཅི་ཙམ་གྱིས་གཞན་དོན་རྒྱ་ཆེ་ས་ནས་བསམ་བློ་གཏང་ན་རང་དོན་ཞོར་ལ་ཡོང་རྒྱུ་ཞིག་རེད་འདུག་ཅེས་གསུངས།

གནས་མཆོག་རྡོ་རྗེ་གདན་དུ་བྱང་ཆུབ་སེམས་འགྲེལ་གྱི་བཀའ་ཆོས་དབུ་འཛུགས་མཛད། ༢༠༢༢།༡༢།༢༩

དེ་རིང་སྔ་དྲོའི་ཆུ་ཚོད་ ༨ པ་ཙམ་ལ་གནས་མཆོག་རྡོ་རྗེ་གདན་གྱི་གསུང་ཆོས་ར་བའི་ནང་དུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཛམ་གླིང་རྒྱལ་ཁབ་ ༦༠་ལྷག་ནས་ཕེབས་པའི་དད་ལྡན་དོན་གཉེར་བ་རྣམས་པ་བྱང་ཆུབ་སེམས་འགྲེལ་སྐོར་གྱི་བཀའ་ཆོས་དབུ་འཛུགས་གནང་སོང་བ་དང་། བཀའ་ཆོས་ཀྱི་ཐོག་མར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། བཅོམ་ལྡན་འདས་མངོན་པར་རྫོགས་པའི་སངས་རྒྱས་སའི་གནས་ཁྱད་པར་ཅན་དུ་ཀླུ་སྒྲུབ་ཡབ་སྲས་དང་ཐོགས་མེད་སྐུ་མཆེད་ཡབ་སྲས་ལ་སོགས་པ་ཚང་མས་ཞབས་བཅགས་ཡོད་པ་རེད། ཐུགས་སྨོན་རྒྱ་ཆེན་པོ་གནང་ཡོད་པའི་གནས་ཁྱད་པར་ཅན་ཞིག་ཆགས་ཀྱི་ཡོད་པ་རེད། དེ་བཞིན་འཛམ་བུ་གླིང་ཡོངས་གྲགས་ལའང་གནས་མཆོག་རྡོ་རྗེ་གདན་ཟེར་བ་དེ་ནང་པའི་གནས་ཐུན་མོང་མ་ཡིན་པ་ཞིག་ལ་བརྩི་ཡི་ཡོད་པ་རེད། དེ་རིང་ངོས་ཀྱིས་བྱང་ཆུབ་སེམས་དཔའི་སྡོམ་པ་གསུང་རྒྱུའི་འཆར་གཞི་ཡོད། ནང་པ་སངས་རྒྱས་པའི་གནས་ཀྱི་སྙིང་པོ་དེ་རྡོ་རྗེ་གདན་བརྩི་ཡི་ཡོད་པ་དང་། ཆོས་ཀྱི་སྙིང་པོ་དེ་བདེན་བཞི་མི་རྟག་སོགས་བཅུ་དྲུག་དང་བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་ཅུ་སོ་བདུན་སོགས་རྒྱ་ཆེན་པོ་ཡོད་རེད་དེ། སྙིང་པོ་དེ་སེམས་རྒྱུད་འདུལ་དགོས་པ་ནི་ཆོས་ཀྱི་སྙིང་པོ་དེ་རེད། བྱང་ཆུབ་སེམས་ཟེར་བ་དེ་དངོས་གནས་དྲང་གནས་ཀྱིས་སེམས་ཀྱི་གཏིང་ནས་གཞན་གཅེས་པར་འཛིན་རྒྱུ་ཞིག་ལ་ཟེར། དེ་ཡང་རང་ཟེར་ན་གཅིག་དང་གཞན་ཟེར་ན་མཐའ་ཡོད་མ་རེད། དེར་བརྟེན། མཐའ་ཡས་པའི་སེམས་ཅན་ཚོའི་དོན་དུ་སེམས་བཟང་པོ་ཞིག་སྐྱེས་པ་ཡིན་ན། རང་དོན་ཞོར་ལ་སྒྲུབ་སྡོད་པ་ཞིག་རེད། དེ་རིང་ང་ཚོས་འདིར་བྱང་ཆུབ་སེམས་དཔའི་སྡོམ་པ་གསུང་རྒྱུའི་ཆོས་འགྲེལ་སྤྱི་བཤད་ཀྱི་ཡོད། ངོས་རང་ལ་ཆ་བཞག་ནའང་ཉིན་རེ་བཞིན་དུ་ཞོགས་པར་ལངས་པ་དང་བྱང་ཆུབ་ཀྱི་སེམས་སྒོམ། དེ་ནས་བྱང་ཆུབ་ཕྱོགས་སུ་སེམས་བསྐྱེད་དེ། རང་གཞན་དོན་ནི་རབ་བསྒྲུབ་ཕྱིར།། བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི་ཟེར་བ་དེ་ཉིན་ལྟར་བསམ་བློ་གཏོང་གི་ཡོད། སེམས་བསྐྱེད་ཀྱི་བློ་ལ་བསམ་བློ་ཡག་པོ་གཏོང་དུས། ཞེ་སྡང་དང་ང་རྒྱལ་སོགས་ཀྱིས་སེམས་མ་སྐྱིད་པ་བཟོ་ཡི་ཡོད་པ་རེད། དེར་བརྟེན་སེམས་བསྐྱེད་ཟེར་བ་དེ་གཞན་དོན་ལ་གཙོ་བོ་བསམ་བློ་བཏང་སྟེ། ག་ལེ་ག་ལེར་བློ་སྒོམ་དུས་རང་བདེ་བར་ཐོབ་གཞན་གཅེས་པར་འཛིན་ཟེར་བ་དེ་བློ་སྦྱོང་རྒྱུ་རེད། དེ་ལྟར་བྱུང་ཚེ་དངོས་གནས་དྲང་གནས་ཀྱིས་མི་ཚེ་འདིའི་ནང་དུ་ཉིན་རེ་བཞིན་དུ་སེམས་ལ་ཞི་བདེ་ཡོང་རྒྱུ་དང་། རང་ལ་སྐྱོན་བརྗོད་བྱེད་མཁན་བྱུང་ནའང་། དེ་དག་ལ་ལྷག་པར་དུ་བྱམས་བརྩེ་བློ་བསྐྱེད་རྒྱུ་སོགས་སྤྱོད་འཇུག་ནས་གསུངས་པ་ལྟར་རེད། ཅེས་གསུངས།

གནས་མཆོག་རྡོ་རྗེ་གདན་དུ་བྱང་ཆུབ་སེམས་འགྲེལ་གྱི་བཀའ་ཆོས་དབུ་འཛུགས་མཛད། ༢༠༢༢།༡༢།༢༩

ཡང་མགོན་པོ་གང་ཉིད་མཆོག་ནས་རང་དོན་དང་གཞན་དོན་གཉིས་ཀ་ཕན་ཚུན་འདྲེས་ནས་ཡོད་པ་རེད། ཅི་ཙམ་གྱིས་གཞན་དོན་རྒྱ་ཆེ་ས་ནས་བསམ་བློ་གཏང་ན། རང་དོན་ཞོར་ལ་ཡོང་རྒྱུ་ཞིག་རེད་འདུག ཅེས་དང་། གནས་ཁྱད་པར་ཅན་རྡོ་རྗེ་གདན་དུ་ངོས་རང་ལ་མཚོན་ནའང་བྱང་ཆུབ་ཀྱི་སེམས་སྒོམ་རྒྱུ་གཙོ་བོ་བྱེད་བཞིན་ཡོད། དེ་དང་འབྲེལ་ནས་སྟོང་ཉིད་ཀྱི་ལྟ་བ་རྟག་ཏུ་སྒོམ་བཞིན་ཡོད། དེ་སེམས་ལ་ཧ་ཅང་ཕན་གྱི་འདུག ཅེས་དང་། ཚེ་འདི་ཙམ་མིན་པར་ཚེ་རབས་ནས་ཚེ་རབས་སྐལ་པ་ནས་སྐལ་པ། གང་ལྟར་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་གཞན་དོན་འབའ་ཞིག་བསྒྲུབ་བསམ་པ་ཞིག་སྙིང་ཁོངས་རུས་པའི་གཏིང་ནས་དམ་བཅའ་བརྟན་པོ་བཟུང་བ་དང་། ཉིན་རེའི་ལུས་ངག་ཡིད་གསུམ་གྱིས་སེམས་བསྐྱེད་བཟུང་ཡོང་དུས། དགེ་བ་རླབས་ཆེན་འཕར་འགྲོ་ཡི་ཡོད་པ་རེད། ཚང་མས་འདི་ལྟར་དགོངས་པ་བཞེས་དགོས་ཞེས་བཀའ་སློབ་བསྩལ།

ཡང་༧གོང་ས་མཆོག་ནས། ཁེ་ཉིན་ནང་པའི་ལྷ་ཁང་ཞིག་ཏུ་མདུན་ངོས་ཀྱི་རྩིག་པར་སྟོན་པ་བཅོམ་ལྡན་འདས་ཀྱི་འདྲ་པར་ཡོད་པ་ལ་བསམ་བློ་གཏོང་དུས་སྣང་བ་རྦད་དེ་འཁྲུལ་ནས་བཅོམ་ལྡན་འདས་ཀྱི་ངོས་རང་གི་མགོ་ལ་བྱིལ་བྱིལ་གནང་སྟེ་མཉེས་པོ་ཞེ་དྲགས་གནང་གི།  བཅོམ་ལྡན་འདས་ཀྱི་མཐའ་སྐོར་ལ་བྱི་རིལ་ཁ་ཤས་འདུག དེའི་ནང་ནས་ངོས་ལ་ chocolate (ཅོག་ལེ་ཊི་)གཅིག་གསོལ་རས་གནང་བྱུང་། དེའི་སྣང་བ་གསལ་པོ་ཞེ་དྲགས་བྱུང་། བཅོམ་ལྡན་འདས་ཀྱི་རྗེས་འབྲང་རྣལ་མ་ཞིག་བྱས་ནས་སོ་སོས་ཉམས་ལེན་ཧུར་ཐག་བྱས་པ་ཡིན་ན། སྟོན་པའི་བྱིན་རླབས་འབྲལ་མེད་བྱས་ཏེ་ཡོང་བ་ཧ་ཅང་གསལ་པོ་རེད། དེ་རིང་འདིར་ཁྱོད་རང་ཚོར་ཞུ་རྒྱུ་ནི་ང་ཚོའི་དཔེ་ཆའི་ནང་དུ་ཡོད་པ་ལྟར་རེད་ཅེས་བཤད་པ་ཙམ་མ་ཡིན་པར། སོ་སོར་དངོས་གནས་ཚོར་བ་སོས་པ་བསླེབས་ཡོང་གི་འདུག ཅེས་དང་། ཚང་མས་སེམས་ཡག་པོ་བསྐྱེད་དེ། ཟབ་པ་དང་རྒྱ་ཆེ་བའི་ཆོས་འཁོར་ལ་བསམ་བློ་ཡག་པོ་བཏང་ནས་སྟོང་ཉིད་ཀྱི་ལྟ་བ་དང་བྱང་ཆུབ་ཀྱི་སེམས་ཉམས་ལེན་བྱ་རྒྱུ་གལ་ཆེན་ཡིན་སྐོར་སོགས་གསུངས་སོང་།

གནས་མཆོག་རྡོ་རྗེ་གདན་ནས་གསར་འགོད་པ་བསྟན་འཛིན་ཕུར་བུས་སྤེལ།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese